ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“འཛམ་གླིང་སྟེང་ཆེས་ཆེ་བའི་མིས་འདེབས་སྟར་བུའི་ཚལ་ཆེན་པོ”ལྷོ་ཁ་རུ་ཡོད་པ་བདེན་དཔང་བྱས་པ།

སྤེལ་དུས 2019-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
1.jpg
              ཟླ་9པའི་ཚེས་1ཉིན། འཛམ་གླིང་ཟིན་ཐོ་བདེན་དཔང་གི་མཚན་འདོན་མཛད་སྒོ་ལྷུན་རྩེ་རྫོང་གཡུ་ལོ་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་སྤེལ་བ་སྟེ། ཉིན་དེར་ལྷུན་རྩེའི་སྟར་བུའི་ནགས་ཚལ་དེ་འཛམ་གླིང་ཟིན་ཐོ་བདེན་དཔང་ལས་ཁུངས(WRCA)ཀྱིས“འཛམ་གླིང་སྟེང་ཆེས་ཆེ་བའི་མིས་འདེབས་སྟར་བུའི་ཚལ་ཆེན་པོ”རུ་ར་སྤྲོད་བྱས།
              ལྷུན་རྩེ་རྫོང་གི་སྟར་བུའི་རིག་གཞུང་གི་ཐ་སྙད་ལ“རྒྱལ་རྩེའི་སྟར་བུ”ཞེས་འབོད་ཅིང་། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་བར་དཀྱིལ་དུ་ཚོད་ལྟའི་འདེབས་འཛུགས་བྱས། དུས་རབས་ཕྱེད་ཀའི་མི་རབས་འགའི་འབད་བརྩོན་དང་གོང་རིམ་ལས་སྒོ་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོ་དང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད། ཡུལ་མི་མང་ཚོགས་བཅས་ཀྱི་མཉམ་འབྲེལ་ལེགས་པོར་བརྟེན་པ་བརྒྱུད་ནས། ལྷུན་རྩེ་རྫོང་གི་མིས་འདེབས་རྒྱང་རྩེའི་སྟར་བུའི་ནགས་ཚལ་དེ་ལྷུན་རྩེའི་རྒྱུག་ཆུའི་ཡུལ་ཁོངས་ཀྱི་ཡུལ་ལྫོངས་ལྟ་ན་སྡུག་པ་ཞིག་ཏུ་ཆགས་པར་མ་ཟད། ལྷག་པར་དུ་ཡུལ་དེའི་ནམ་ཟླ་བཅོས་པ་ལ་ནུས་པ་བླ་ན་མེད་པ་ཐོན། རྒྱུས་ལོན་བྱས་པ་ལྟར་ན། ལྷུན་རྩེ་རྫོང་མིས་འདེབས་སྟར་བུའི་འདེབས་འཛུགས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་50.33ཡོད་པ་དང་། རྫོང་མི་དམངས་སྲིད་གཞུང་གིས་ད་ལོའི་ཟླ་བ་དྲུག་པ་ནས་བཟུང་ལྷུན་རྩེའི་མིས་འདེབས་རྒྱང་རྩེའི་སྟར་བུ་དེ་ཅི་ཉི་སི་འཛམ་གླིང་ཟིན་ཐོར་རེ་ཞུ་བྱས་པ་རེད།
              ལྷུན་རྩེ་རྫོང་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་བཟང་པོས་ངོ་སྤྲོད་བྱས་པར། ལྷུན་རྩེ་རྫོང་མིས་འདེབས་རྒྱང་རྩེའི་སྟར་བུའི་ནགས་ཚལ་གྱི་རྒྱ་ཁྱོན་དེ་ཤང་དང་གྲོང་རྡལ་བཞི་ཡི་སྲིད་འཛིན་གྲོང་ཚོ་སུམ་ཅུར་ཉེ་བ་ཞིག་ལ་ཁྱབ་ཅིང་། ནུབ་ཀྱི་ར་རོང་ཤང་རྒྱ་གླིང་ནས་ཤར་ཀྱི་གཉལ་སྨད་ཤང་གཉལ་སྨད་གྲོང་ཚོའི་བར་སྤྱི་ལེ་40ལྷག་བརྐྱངས་ཡོད། གཞན་ཡང་ད་དུང་བྱ་ཡུལ་ཤང་དང་ཞོལ་གསར་ཤང་བཅས་ལའང་ཁྱབ་ཡོད་པ་རེད།
              2003ལོར་གོང་རིམ་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། རྫོང་ཡོངས་ཀྱི་སྟར་བུའི་ནགས་ཚལ་ལ་ནགས་དབང་ངོས་ལེན་བྱས་ཏེ་ནགས་དབང་གི་དཔང་ཡིག་བྱིན་པ་དང་། 2005ལོར་སྟར་བུའི་ནགས་ཚལ་སྲུང་སྐྱོང་ལེགས་པོ་བྱེད་ཆེད། གོང་རིམ་གཙོ་སྐྱོང་སྡེ་ཁག་ལ་ནགས་སྲུང་བའི་ཁ་གྲངས་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ། ད་ལྟའི་བར་དུ་ལྷུན་རྩེའི་རོང་ས་ཡི་སྟར་བུའི་ནགས་ཚལ་ལ་ཆེད་དམིགས་ལྟ་སྐྱོང་བ་བཀོད་སྒྲིག་བྱས་ཡོད། 2012ལོར་ལྷུན་རྩེའི་སྟར་བུའི་ནགས་ཚལ་རྒྱུད་དེ་རྒྱལ་ཁབ་སྤྱི་ཕན་ནགས་ཚལ་གྱི་གྲས་སུ་བཅུག་ལ། 2013ལོར་མ་དངུལ་སྒོར་ཁྲི་150བསླངས་ཏེ་ནགས་ཚལ་འདེབས་སྐྱོང་དང་མེ་འགོག་བཀག་སྐྱིལ་རྒྱུད་ཀྱི་རྣམ་གྲངས་ལག་བསྟར་བྱས། 2017ནགས་ཚལ་མུའུ་10000འདེབས་སྐྱོང་བྱས་པ་ལ་ཁྱོན་སྡོམ་མ་དངུལ་སྒོར་ཁྲི་95བཏང་ལ། 2018ལོར་ནགས་ཚལ་མུའུ་8000འདེབས་སྐྱོང་བྱས་པ་ལ་ཁྱོན་སྡོམ་མ་དངུལ་སྒོར་ཁྲི་80བཏང་བ་བཅས་ཀྱིས་སྟར་བུ་སྲུང་སྐྱོབ་ཀྱི་ཤུགས་ཚད་སྔར་ལས་ལྷག་པར་ཇེ་བཟང་དུ་ཕྱིན།