ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་དུས་ཚིགས་གསུམ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་པ་རེད།

སྤེལ་དུས 2019-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་29ཉིན། 《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་དུས་ཚིགས་གསུམ་པའི“མཚོ་སྔོན་ཆེད་སྒྲིག”འཁྲབ་ཁྲིད་ཚོ་ཆུང་ བཅས་མི་6མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དུས་ཡུན་ཉིན་3གྱི་རིང་ལ་བརྙན་ལེན་སྟ་གོན་དུ་ཕྱིན་པ་དང་། འཁྲབ་ཁྲིད་ཚོ་ཆུང་གིས་སྔ་རྗེས་སུ་གུང་ཧོ་རྫོང་དང་བྲག་དཀར་རྫོང་།  འབའ་རྫོང་།  ཀོས་ནན་རྫོང་།ཁྲི་ཀ་རྫོང་བཅས་ནས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་བསྐྱོད་པ་རེད། 
             རྒྱུས་ལོན་བྱུང་བ་ལྟར་ན།  《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པ་ནི་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་རེད། དེ་ཡང་རྒྱལ་སྤྱིའི་ཐོག་ནས་གྲགས་ཆེ་བའི་སྣང་ཚུལ་སྟོན་པའི་ལེ་ཚན་བརྒྱུད་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཡ་རབས་ཡུལ་སྐོར། ཡུལ་སྐོར་དབུལ་སྐྱོར། དམར་པོའི་ཡུལ་སྐོར་བཅས་ཀྱི་འཕེལ་རྒྱས་ཚང་མར་འོས་སྦྱོར་བྱེད་པ་ཡིན། 
རི་མོ་ནི་《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་འཁྲབ་ཁྲིད་ཚོ་ཆུང་གུང་ཧོ་རྫོང་ཉི་འོད་སྐྱེ་ཁམས་གླིང་གི་གློག་འདོན་གླིང་དུ་ལྟ་སྐོར་བྱེད་པ་ཡིན།
             གྲོང་ཁྱེར་ཆེ་གྲས་ཀྱི་རིག་གནས་ཡུལ་སྐོར་ཟོང་རྟགས་གྲགས་ཅན་འཁྲབ་རྩོད་ལེ་ཚན་《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་ཤིང་།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་དང་དབྱིང་ཁོའི་ཡུལ་སྐོར།  དངོས་མཐུན་གློག་བརྙན་བཅས་ཀྱིས་མཉམ་འབྲེལ་ཐོག་བཟོས་པ་ཞིག་རེད། ལེ་ཚན་དེས་གྲོང་ཁྱེར་ལ་ཇུས་འདོན་ཚོགས་པ་དང་དྲིལ་བསྒྲགས། ཤེས་ལྡན་མི་སྣ། མ་རྩ་སོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་ཁྱེར་གྱི་སྣང་བརྙན་ཁྱབ་གདལ། ཡུལ་སྐོར་ཐོན་ལས་རིམ་སྤོར་བཅས་ལ་སྐུལ་འདེད་གཏོང་ངེས་ཡིན། 
རི་མོ་ནི་ཨ་མདོའི་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཡིན།
             《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་འཁྲབ་ཁྲིད་ཚོ་ཆུང་གིས“མཚོ་བོད་ཨོལ་གོང་”ཞེས་སུ་གྲགས་པའི་གུང་ཧོ་རྫོང་ཉི་མའི་སྐྱེ་ཁམས་གློག་འདོན་གླིང་དང་མཚོ་སྔོན་པོ།  ལུང་གཡང་འགག་བཅས་ནས་ཡུལ་དེ་གའི་ཡུལ་སྐོར་ལས་རིགས་དང་སན་ཝུན་ཉའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། “གཙང་གསུམ་མགོ་ཁུངས”རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྲག་དཀར་རྫོང་མངོན་མིན་རིག་གནས་ཤུལ་བཞག་ལས་མ་ཎིའི་དབྱངས་རྟའི་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་སྟེ་སྤྲེལ་རྫོང་དགོན་ནས་རིག་གནས་རྒྱུན་འཛིན་སྐོར་ལ་རྒྱུས་ལོན་བྱས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་དང་རྨ་ལྷོ། མགོ་ལོག་བཅས་རང་སྐྱོང་ཁུལ་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་འབའ་རྫོང་ར་འགོ་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོ། དཔལ་མདོ་གྲོང་ཚོའི་རྫོང་རི་རིག་གནས་དང་ཨ་མདོའི་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། རྨ་ཆུའི་རོང་སར་གནས་པའི་ཀོས་ནན་རྫོང་ཧོང་ཧྲ་ཐོའུ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དང་བྱེ་ལུང་ཡུལ་ཚོའི་སྡེ་མང་གྲོང་ཚོ་ནས་བོད་ཀྱི་འཚེམ་དྲུབ་ཐོན་སྐྱེད་རྟེན་གཞི། ཧྲི་ནག་གྲོང་ཚོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་སུ་བསྐྱོད་ནས་ཀོས་ནན་རྫོང་མི་ཡི་བྱེ་བཅོས་སྙིང་སྟོབས་དང་བོད་ཀྱི་འཚེམ་དྲུབ། གླུ་གར་དཔལ་འབྱོར་གོང་འཕེལ་གྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། མཚོ་སྔོན་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཁྲི་ཀ་རྫོང་ནས་ཀྲུང་ཧྭ་ཕན་བདེའི་འཁོར་ལོ་དང་ཡུས་ཧོང་ཀོ། རྒྱལ་ཁབ་ས་གཤིས་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་དུ་ཁྲི་ཀའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
རི་མོ་ནི་འཁྲབ་ཁྲིད་ཚོ་ཆུང་དང་བཅས་པས་མང་རྫོང་བྱེ་ལུང་ཡུལ་ཚོ་སྡེ་མང་གྲོང་ཚོའི་བོད་ཀྱི་འཚེམ་དྲུབ་ཐོན་སྐྱེད་རྟེན་གཞིར་ལྟ་སྐོར་བྱེད་པ་ཡིན།
             བྱེད་སྒོ་སྤེལ་བའི་སྐབས་སུ་《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་འཁྲབ་ཁྲིད་ཚོ་ཆུང་དང་བཅས་པས་ད་དུང་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་རླུང་འཕྲིན་ཅུས་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རྫོང་ཁག་སོ་སོའི་གཙོ་སྐྱོང་རྫོང་དཔོན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
             བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཁྲིད་ཚོ་ཆུང་གིས་ད་དུང་《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་ལེ་ཚན་གྱི་ནང་དོན་དང་འཁྲབ་སྟོན་ནང་ཞུགས་པའི་སྒྲིག་སྲོལ། དེ་བཞིན་ལེ་ཚན་ཆེན་པོ་དྲུག་གི་པར་ངོས་བཀོད་སྒྲིག་བྱེད་ཚུལ་བཅས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་དུས་མཇུག་གི་ཇུས་གཞི་བཟོ་བ་དང་ལེ་ཚན་ཕབ་བཟོ་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་བགྲོ་གླེང་བྱས་ནས་ཕན་ཚུན་གོ་བརྡ་ཡང་སྤྲད་པ་རེད།  འཁྲབ་འཁྲིད་ཚོ་ཆུང་གིས་CCTV-2ལས་《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་གར་སྟེགས་བརྒྱུད་ནས་མཚོ་ལྷོ་ཁུལ་གྱི་མཛེས་ཉམས་དེ་རྒྱལ་ཡོངས་ཀྱི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བཤམ་རྒྱུ་ཡིན་ཞེས་གསུངས་པ་རེད།