ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞོ་སྟོན་སྟེང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་ཟོག་མང་པོ་ཐོན་ཡོད་པ།

སྤེལ་དུས 2019-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
              གསར་འགོད་པས་བོད་ལྗོངས(ལྷ་ས)ཀྱི་ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཟླ་8པའི་ཚེས་31ཉིན་གྱི་སྔ་དྲོར་ལྷ་སའི་ཞོ་སྟོན་གྱི་ཉིན་གཉིས་པར་བོད་རང་སྐྱོང་ལྗོངས་མཐའ་མཚམས་ཚོང་དོན་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ལྗོངས(ལྷ་ས)ཀྱི་ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་དངོས་སུ་འགོ་ཚུགས་ཤིང་། ལྗོངས་ཕྱི་ནང་གི་ཁེ་ལས་གྲགས་ཅན་108དང་ཕ་ཁི་སི་ཐན། དབྱི་རན། མ་ལེ་ཞི་ཡ། ཐེ་ལན། ཐུར་ཁེ། འབྲུག་ཡུལ། བལ་བོ་སོགས་རྒྱལ་ཁབ་ཀྱི་འགྲེམས་སྟོན་པ་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད། 

མི་ཚོགས་ཤིན་ཏུ་མང་པའི་འགྲེམ་སྟོན་ཚོགས་འདུའི་ཡུལ་དངོས། 
              འགྲེམས་ཞུགས་ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་ལ་ཁྱད་ཆོས་ལྡན་པ་དང་། ས་ཁོངས་གཞན་གྱི་ཡུལ་སྲོལ་ཁྱད་ཆོས་དེ་བས་ཀྱང་ལྡན། ལྗོངས་ནང་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་ཕུད་འབྲུག་ཡུལ་གྱི་ཤིང་ཕོར་དང་ཐང་ག་ཡོད་པ་དང་། ཕ་ཁི་སི་ཐན་གྱི་རང་བྱུང་གཡང་ཊིའི་བཟོ་རྩལ་ཐོན་རྫས(ཧི་མ་ལ་ཡའི་གཡུ་རྡོ)དང་ཟངས་ཆས། དབྱི་རན་གྱི་སྤུས་ལེགས་གུར་གུམ། ཐེ་ལན་གྱི་སྦྱར་སྨན་དང་པགས་སྲུང་བྱུགས་རྫས། མ་ལེ་ཞི་ཡའི་ཁ་ཧྥེ་དང་ཁྲོག་ལེ། ཐུར་ཁེའི་ལག་བྲིས། བལ་བོའི་ལག་ཤེས་ཟངས་ཆས་དང་སྐུ་འདྲ། ཐང་ག  ས་གདན་སོགས་ཕྱི་རྒྱལ་གྱི་དངོས་ཟོག་ཡོད་པ་རེད།




མིག་དབང་འཕྲོག་པའི་འགྲེམས་དངོས།
              “ས་གདན་དང་མུ་ཏིག ཤིང་གི་ཁྱིམ་ཆས་དག་ལ་ང་ཚོ་ཅུང་དགའ་པོ་ཡོད་དེ། དེ་གར་ཡོང་དུས་སྐད་བརྡ་མ་འཕྲོད་པར་ཉོ་སྒྲུབ་ཀྱི་གོང་གཏམ་པར་དཀའ་བར་ཡོད་པར་སེམས་ཁྲལ་ཆེ་ནའང་། ཚོང་རྒྱག་པར་ང་ཚོ་ས་གནས་རང་གི་མི་ཡང་ཡོད་པས་བོད་སྐད་བཤད་ཆོག་ཅིང་། ཚོང་བ་ཁ་ཤས་ནི་ནང་ལོག་ནས་ཡོང་པ་ཡིན་པས་སྤྱི་སྐད་ཡག་པོ་བཤད་པས་འབྲེལ་འདྲིས་ལ་སྟབས་བདེ་བ་ཚོང་ཟོག་ཉོ་བའི་རྣམ་པ་ཡང་ཧ་ཅང་ཡག་པོ་ཞིག་རེད”ཅེས་གྲོང་མི་ཚེ་དབང་ནོར་བུས་དགའ་སྤྲོའི་ངང་བཤད། 
              བོད་ལྗོངས་རྒྱལ་སྤྱིའི་འགྲེམས་སྟོན་ཀུང་སིའི་འགན་འཁུར་བ་ཀྲའོ་ཆི་ཡིས་འགྲེམས་གནས་42ལ་འགན་འཁུར་གྱི་ཡོད་ཅིང་། ཁོ་མོས་ད་ཐེངས་ཡོང་བའི་འགྲེམས་ཚོང་པ་ཁག་ཅིག་བོད་ལྗོངས་འགྲེམས་ཚོགས་སྐབས་གོང་མར་ཡང་ཞུགས་མྱོང་ཡོད་ཅིང་། ལྷ་ས་དང་ལྷ་སའི་ཚོང་གཉེར་ཁོར་ཡུག་བཟང་པོར་དགའ་པོ་ཡོད་པས་ད་ཐེངས་ཡང་བསྐྱར་ཡོང་པ་ཡིན། ད་རེས་ཁྱད་ཆོས་ཅུང་ལྡན་པ་ནི་དབྱི་རན་གྱི་གུར་གུམ་དང་མ་ལེ་ཞི་ཡའི་མུ་ཏིག ཐེ་ལན་གྱི་བཟའ་བཅའ། པགས་སྲུང་བྱུགས་རྫས་སོགས་རེད། 
              “ད་རེས་ཀྱི་ལས་འགན་གཙོ་བོ་ནི་ཚོང་འགུགས་བྱ་རྒྱུ་དེ་ཡིན་པ་དང་ཐོན་རྫས་ནི་སིལ་ཚོང་གི་རིན་གོང་ཡིན་པས། ཚང་མས་ཉོ་སྒྲུབ་བྱེད་སྐབས་གོང་གཅོག་གི་ཡོད་ཅིང་། ང་ཚོས་ཆང་དམར་རིགས་བདུན་དང་པའེ་ལན་ཏི་རིགས་བཞི་ཁྱེར་ཡོད”ཅེས་ཧྲང་ཧའེ་ཨའེ་ལུང་པའོ་ཁེ་ལས་ཚད་ཡོད་ཀུང་སིའི་ལྷ་སའི་ཕྱོགས་ཀྱི་ལས་སྒོའི་སྤྱི་གཉེར་པ་ཝང་ཧྥེ་ཡིས་དེ་ལྟར་ངོ་སྤྲོད་གནང་བྱུང་། 




སྤྲོ་སེམས་ཀྱིས་ཕྱུག་པའི་ཚོང་པ།
              “སྐབས་གོང་མའི་བོད་ལྗོངས་འགྲེམས་ཚོགས་ཐོག་ངས་རིན་ཐང་སྒོར་ཁྲི་200ལྷག་ཙམ་གྱི་མུ་ཏིག་གི་རྒྱན་ཆ་འཁྱེར་ཡོང་ཡོད་པ་དང་དེ་ལས་གོང་ཚད་སྒོར་ཁྲི་40ཡི་ཚོང་ཟོག་བཙོང་ཐུབ་སོང་། ད་ཐེངས་སྒོར་ཁྲི་400ལྷག་ཙམ་གྱི་རྒྱན་ཆ་བཟོ་ལྟ་མི་འདྲ་བ600ཙམ་འཁྱེར་ཡོང་ཡོད་ཅིང་། སྤྱིར་བཏང་ས་མཐོར་མི་འཕྲོད་པའི་དཀའ་ངལ་ཡོད་ནའང་དེ་གའི་སེམས་རྒྱུད་སྤྲོ་བོ་ཡོད་པས་ད་ཐེངས་ཡང་བསྐྱར་ཡོང་པ་ཡིན”ཞེས་མ་ལེ་ཞི་ཡའི་མཛའ་གྲོགས་ཚོང་དོན་ཀུང་སིའི་འགན་འཁུར་བ་ཀྲའོ་མའེ་ཡིས་ངོ་སྤྲོད་གནང་བྱུང་། 
              “ད་རེས་གཡང་ཊིའི་བཟོ་རྩལ་ཐོན་རྫས་དང་ཟངས་ཆས་བཟོ་རྩལ་ཐོན་རྫས། ཤིང་གི་ཁྱིམ་ཆས། ས་གདན། པགས་རིགས་བཅས་ཀྱི་ཚོང་ཟོག་ཁྱེར་ཡོང་ཡོད”ཅེས་ཕ་ཁི་སི་ཐན་གྱི་ཚོང་བས་ངོ་སྤྲོད་གནང་བྱུང་།
              “ས་མཐོའི་སྨུག་ཕྱིའི་འོད་ཟེར་ཧ་ཅང་ཆེན་པོ་ཡོད་ཕྱིར་ང་ཚོས་ཉི་འགོག་བྱུག་རྫས་དང་མུ་ཏིག་བྱུག་རྫས། ཁྲ་སེལ་བྱུག་རྫས་སོགས་ངོ་སྣུམ་དང་བྱུག་རྫས་རིགས་60འཁྱེར་ཡོང་ཡོད་ཅིང་ཚོང་ཧ་ཅང་ཡག་པོ་འདུག དུས་ཚོད་ཐུང་ངུའི་ནང་ང་ཚོས་མཆུ་རྩི་བཅུ་ཕྲག་ཁ་ཤས་བཙོངས་ཟིན་པ་དང་། ཐེངས་དང་པོར་འདི་གར་ཡོང་བའི་མི་རྣམས་མགྲོན་བསུ་བྱེད་པར་དགའ་པོ་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་། གལ་ཏེ་རྗེས་ཕྱོགས་གོ་སྐབས་ཡོད་ན་ད་དུང་ཡོང་སྲིད”ཅེས་ཐེ་ལན་གྱི་ཚོང་པ་མུའུ་ཀྲེས་དེ་སྐད་ངོ་སྤྲོད་གནང་བྱུང་།