ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲངས་ཉུང་མི་རིཊ་སྲོལ་རྒྱུན་ལུས་རྩལ་འགྲན་ཚོཊ་ཀྱི་སྤྱིའི་གནས་ཚུལ།

སྤེལ་དུས 2019-09-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             སྤྱི་ཟླ་9པའི་ཚེས་7ཉིན་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས་དུས་རབས་གསར་པར་འབད་འབུངས་བྱེད། ཀྲུང་ཡོན་དེ་བས་ངོ་མཚར་ཆེ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་སྤྱི་ཚེས་8ཉིན་ཀྲེན་ཀྲུའུ་རུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག དེ་བཞིན་ཐེ་ཝན་གྱི་གྲངས་ཉུང་མི་རིགས་སོགས་ལས་གྲུབ་པའི་འཐུས་མི་ཚོགས་པ་34ཡི་ཆེད་ལས་ལུས་རྩལ་པ་7009འགྲན་སྡུར་བྱེད་སྒོ་17གྱི་འགྲན་སྡུར་རྣམ་གྲངས་140དང་འཁྲབ་སྟོན་རྣམ་གྲངས་194ནང་ཞུགས་རྒྱུ་ཡིན་པ་ངོ་སྤྲོད་གནང་། 
             སྤྱི་ལོ་1953ལོར། རྒྱལ་ཁབ་ཀྱིས་ཐན་ཅིང་གྲོང་ཁྱེར་དུ་རྒྱལ་ཡོངས་མི་རིགས་རྣམ་པའི་ལུས་རྩལ་འཁྲབ་སྟོན་དང་འགྲན་སྡུར་ཚོགས་ཆེན་ཞིག་འཚོགས་པ་དེ་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་གཏན་འཁེལ་བྱས་ཡོད། འདི་ལོ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་འདིར་རྒྱལ་ཡོངས་མི་རིགས་ཁག་གི་སྤུན་ཟླ་རྣམས་མཛེས་སྡུག་ལྡན་པའི་ཀྲེན་ཀྲོའུ་རུ་མཉམ་འཛོམས་བྱས་ནས་མཉམ་དུ་ལུས་རྩལ་ལ་རོལ་བ་དང་། མཉམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དུས་རབས་ཀྱི་རྣམ་པ་བཟང་པོ་ལ་ལོངས་སྤྱོད་བྱས་ནས་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་བསྒྲུབ་པའི་སེམས་ཤུགས་མངོན་པར་བྱ་རྒྱུ་རེད།
             རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རིག་གནས་དྲིལ་བསྒྲགས་སིའི་སི་ཀྲང་ཝུའུ་ཚུའེ་དབྱིང་གིས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་ཉིན་9ལ་འཚོག་རྒྱུ་ཡིན་ཞིང་། འགྲན་སྡུར་གྱི་བྱེད་སྒོ་ཁག་ཕུད་ད་དུང་འགོ་ཚུགས་མཛད་སྒོ་དང་། མི་རིགས་མཉམ་འཛོམས་ཀྱི་སྤྲོ་ཚོགས་ཆེན་མོ། འཁྲབ་སྟོན་བྱེད་སྒོ། བྱ་དགའ་སྤྲོད་པའི་དགོང་ཚོགས། ཀྲུང་གོ་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་གྱི་རིག་གནས་འགྲེམ་སྟོན། མཇུག་སྒྲིལ་མཛད་སྒོ་སོགས་རིག་གནས་ལུས་རྩལ་བྱེད་སྒོ་མང་དག་ཅིག་སྤེལ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་། 
             ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག ལག་བསྟར་དྲུང་ཡིག ཀྲེན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་སྤྱི་ཝང་ཤིང་ཝེ་ཡིས། སྐབས་འདིའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་བདེ་འཇགས་དང་། གོ་རིམ་ལྡན་པ། བདེ་བླག་བཅས་ཀྱི་སྒོ་ནས་སྤེལ་ཐུབ་ཆེད། ཀྲེན་ཀྲོའུ་ཡིས་དང་བླངས་ཞབས་ཞུའི་དཔུང་ཁག་དང་། ཆེད་ལས་ཞབས་ཞུའི་དཔུང་ཁག ས་ཁོངས་དང་བླངས་ཞབས་ཞུའི་དཔུང་ཁག་བཅས་སྒྲིག་འཛུགས་བྱས་ནས་ལུས་རྩལ་འགྲན་ཚོགས་ཀྱི་ཞབས་ཞུ་འགན་སྲུང་དང་། དོ་དམ་ཞིབ་ཚགས། འགྲིམ་འགྲུལ་བཅོས་སྒྲིག་སོགས་ཐད་འགན་སྲུང་ཐུབ་པ་བྱས་ཡོད་ཅེས་གསུངས་བྱུང་།
རྩོམ་སྒྲིག་པ། སངས་སྐྱབས།