ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་གླེང་སྟེགས་སྐབས་བཞི་པའི་སྐོར།

སྤེལ་དུས 2019-09-13 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་གླེང་སྟེགས་སྐབས་བཞི་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་བགྲོ་གླེང་ཚོགས་འདུ་གཞིས་རྩེར་འཚོགས་པ།
        ཟླ9ཚེས10ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་གླེང་སྟེགས་སྐབས་བཞི་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱི་བགྲོ་གླེང་ཚོགས་འདུ་གཞིས་རྩེར་འཚོགས་པ་རེད། གླེང་སྟེགས་ཐོག་དཔྱད་རྩོམ་གནང་མཁན་རྩོམ་པ་པོ་ཕུལ་བྱུང་དང་། སྒྲིག་འཛུགས་བྱེད་མཁན་ཚན་པ་ཕུལ་བྱུང་། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་པ་དང་ཆབས་ཅིག་ལྗོངས་ནང་ཁུལ་གྱི་དགོན་སྡེ་ཆེ་ཁག་ནས་ཕེབས་པའི་བླ་མ་སྐྱེས་ཆེན20ཡིས་དགོངས་འགྲེལ་གཏམ་བཤད་སྤེལ་ཡོད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།  ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོ།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས།  བསོད་ནམས་རིག་འཛིན་བཅས་ཕེབས་ཡོད་པ་རེད།
        གླེང་སྟེགས་ཐོག“མོས་སེམས་ལྔས”བསྟན་དོན་དགོངས་འགྲེལ་ལ་སྤྱི་འདོམས་བྱས་ནས་བསྟན་དོན་དགོངས་འགྲེལ་གྱི་ལས་དོན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་བའི་བྱ་ཐབས་དང་ཐབས་ལམ་ནུས་ལྡན་ཞིག་ཡིན་པས། བླ་མ་སྐྱེས་ཆེན་ཡོངས་སྐུལ་སློང་བྱས་ཏེ་ལས་འགན་དང་འགན་འཁྲི་སྔར་བས་ཆེན་བ་ཁུར་ནས་བསྟན་དོན་དགོངས་འགྲེལ་གྱི་ལས་དོན་ཁྲོད་ཞུགས་དགོས་པ་དང་།  བསྟན་དོན་དགོངས་འགྲེལ་གྱི་གྲུབ་འབྲས་གཞན་བསྒྱུར་བེད་སྤྱོད་ལ་སྐུལ་མ་བཏང་ནས་དགོངས་འགྲེལ་གྱི་གྲུབ་འབྲས་དེ་ཕན་འབྲས་དངོས་ལ་བསྒྱུར་བ་གང་ལེགས་བྱས་ཏེ་དཔེ་སློབ་ཆོས་དར་དང་། སྤྱི་ཚོགས་ལ་ཞབས་ཞུ།  བློ་སྦྱོང་རང་གཅུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱས་ཐོག དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་དད་པ་ཡང་དག་དང་སྤྱོད་པ་གཙང་མ་དགོས་པའི་ཁྲིད་སྟོན་བྱེད་དགོས། ནང་བསྟན་གྱི་གསུང་རབ་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་དེང་རབས་ཀྱི་ཤེས་བྱ་དང་རིག་གནས་སློབ་སྦྱོང་རྒྱ་ཁྱབ་བྱས་ཏེ་འགན་སྒྲུབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
        ཚོགས་ཞུགས་བླ་མ་སྐྱེས་ཆེན་ཚོས་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་ནས་མིག་རྒྱང་སྔར་བས་རིང་དུ་སོང་བ་དང་ཉམས་མྱོང་སྤེལ་རེས་ཐུབ་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད།  ཚང་མས་སླད་ཕྱིན་གྱི་སྒོམ་སྒྲུབ་དང་འཚོ་བའི་ཁྲོད་མི་དམངས་ཀྱི་གཙོ་འཛིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ། དགའ་གུས་བཅས་ཐུབ་པ་བྱས་ནས“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ།“མོས་སེམས་ལྔ”ཆེ་རུ་གཏོང་བ། “ཚད་གཞི་བཞི”བྱ་སྤྱོད་ཐོག་མངོན་པ་དང་ལག་ལེན་ཁྲོད་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་རང་འགུལ་ངང་དབྱེ་མཚམས་གསལ་པོ་ཕྱེ་སྟེ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་ཁག་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། དད་ལྡན་མང་ཚོགས་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་དང་ནང་ཆོས་ཉམས་ལེན་གྱི་རྣམ་དཔྱོད་ལ་བརྟེན་ནས་མུན་འཐོམས་ངང་ཡིད་ཆེས་དང་གཡམ་རྒྱུག་བྱེད་རྒྱུ་སྔོན་འགོག་བྱས་ཏེ་བསམ་བློའི་དད་སེམས་ལ་བརྟེན་ནས་བྱ་སྤྱོད་ཐོག་སྙིང་རྗེ་ལྡན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
རྩོམ་སྒྲིག་པ།སྣང་རྡོར།