2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འདུལ་ཁྲིམས་དང་མཐུན་པར་ཐོས་བསམ་སྒོམ་སྒྲུབ་ལ་བརྩོན་ཏེ་བོད་བརྒྱུད་ནང་བསྟན་ཞི་མཐུན་མཉམ་སྤྲོའི་ལེའུ་གསར་པ་ཞིག་བརྩམས་པ།

སྤེལ་དུས 2019-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
—— བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་བཅུ་གཅིག་པར་དད་མོས་དང་གོང་བཀུར་ཞུ་བ།
        འདི་ལོའི་ཟླ་6ཚེས་11ཉིན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་བཅུ་གཅིག་པ་ལྷ་སར་ཕེབས་འབྱོར་ཟིན་པ་དང་ཆབས་ཅིག་ལྷ་ལྡན་གཙུག་ལག་ཁང་དུ་གནས་གཟིགས་གནང་འགོ་ཚུགས་པ་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་པོ་བསྐྱངས་ཏེ་སྔ་རྗེས་སུ་ལྷ་ས་དང་། གཞིས་རྩེ། མངའ་རིས། ནག་ཆུ་སོགས་ཀྱི་གནའ་བོའི་དགོན་སྡེ་ཁག་ལ་གནས་གཟིགས་དང་། གནས་རི་བླ་མཚོར་མཆོད་འབུལ། ནང་ཆོས་ཀྱི་གནའ་ཤུལ་གྲགས་ཅན་ལ་ཕྱག་མཆོད་བཅས་གནང་བ་དང་ཆབས་ཅིག་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ། བཀའ་ཆོས། བཀའ་དབང་། ཕྱག་དབང་བཅས་གནང་ཡོད།
        ཏང་གི་ཆོས་དད་རང་མོས་སྲིད་ཇུས་འོག་ཆོས་ཕྱོགས་ཀྱི་མཛད་འཕྲིན་རབ་དང་རིམ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་ས་གནས་ཁག་གི་གྲྭ་དམངས་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་ཆོས་ཀྱི་འདུན་པ་གང་ལེགས་བསྐངས་གནང་བ་མཚོན་ཡོད།
        པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རབ་དང་རིམ་པ་བསྐྱངས་རིང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་པ། འབྲས་བུ་འདོགས་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་བོད་བརྒྱུད་ནང་བསྟན་བླ་མ་སྐྱེས་ཆེན་གྱི་བཀའ་སློབ་ཞིབ་ཚགས་འོག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ནང་ཆོས་སློབ་གཉེར་དང་། དཀའ་སྤྱད་སྒོམ་སྒྲུབ། རྒྱལ་ཁབ་ཀྱི་དྲིན་གཟོ་བ་དང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་སྙིང་རྗེ་དང་ཤེས་རབ་ཀྱི་འདུན་པ་ཆེན་པོ་ཐོག་མཐའ་བར་གསུམ་དུ་བསྲུངས་ནས“བྱམས་སྙིང་རྗེས་འགྲོ་བ་རིགས་དྲུག་ཕན་བདེའི་ས་ལ་འགོད་པའི”ནང་བསྟན་གྱི་དགོངས་པ་ལག་ལེན་དུ་འཁྱོལ་བར་ལྷག་བསམ་རྣམ་དག་གི་དད་གུས་ཀྱི་བསམ་པ་མཚོན་པར་བྱས་ཡོད།
        རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱིས་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་བ།
        “ཆོས་གཅེས་མཁན་ནི་རྒྱལ་གཅེས་མཁན་ཡིན་པ་དང་། དམངས་ལ་དགའ་ཞེན་བྱེད་མཁན་ནི་ཏང་ལ་དགའ་ཞེན་བྱེད་མཁན་ཡིན་པ་སྨོས་ཅི་དགོས” པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་གྱི་རྒྱུན་འཛིན་པ་ཡིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་གོང་མ་མིག་དཔེར་བཟུང་ནས་དད་ལྡན་མང་ཚོགས་ཚོར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་སྲོལ་རྒྱུན་གྱི་དགོངས་པའི་བསྟན་དོན་དང་དུས་རབས་ཀྱི་དོན་སྙིང་ཡིན་ཞེས་སྔ་བར་ཕྱི་གསུམ་དུ་ནན་བཤད་གནང་གི་ཡོད།
        བོད་ལྗོངས་ནང་བསྟན་སློབ་གླིང་ནི་བོད་ཀྱི་རིམ་པ་མཐོ་བའི་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གླིང་ཞིག་ཡིན་པས། ལོ་ལྟར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ནས་སློབ་མ་བསྡུས་ཏེ་ས་གནས་ཁག་གི་དགོན་སྡེ་དང་། ལྷག་པར་དུ་མཐའ་མཚམས་ལུང་ཁུག་ས་ཁུལ་གྱི་དགོན་སྡེ་ཁག་ལ་ཕུལ་བྱུང་གི་གྲྭ་བཙུན་འབོར་ཆེན་ཞིག་གསོ་སྐྱོང་བྱེད་ཀྱི་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདི་ལོ་སླར་ཡང་སློབ་གླིང་དུ་ཆིབས་བསྒྱུར་གནང་ནས་དགེ་འདུན་གྱི་འདུ་ཚོགས་འཚོགས་ཏེ། གྲྭ་དམངས་ཚོར་དུས་བདེའི་བསྐལ་བཟང་རྫོགས་ལྡན་ལ་གཅེས་སྤྲས་བྱེད་པ་དང་། ལས་འབྲས་ཚུལ་བཞིན་བསྲུངས་ནས་བཀའ་དྲིན་རྟོགས་པ་དང་། བཀའ་དྲིན་ཚོར་བ། བཀའ་དྲིན་འཇལ་བ་བཅས་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཡོང་ཆེད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བཀའ་སློབ་གནང་ཡོད།
        འདི་ལོའི་ཟླ་དྲུག་པར་འཚོགས་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག ཆབ་མདོ་བྱམས་པ་གླིང་དགོན་ནས་ཡོང་བའི་དཔེ་ཆའི་དགེ་རྒན་བྱམས་པ་ལྷ་བཟང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་མིག་ཐོང་ལག་ཟིན་བྱུང་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་དད་པ་རྩེ་གཅིག་ཏུ་ཞུ་མཁན་ཞིག་ཡིན་པའི་བྱམས་པ་ལྷ་བཟང་ད་དུང་བཀྲས་ལྷུན་དགོན་དུ་བསྐྱོད་དེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་དཔེ་ཁྲིད་དང《སྣར་ཐང་བརྒྱ་རྩའི》དབང་གནང་བའི་སྨོན་ལམ་ཆེ་མོར་ཞུགས་ཡོད།
        བྱམས་པ་ལྷ་བཟང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་དེ་སྔོན་གཞིས་རྩེར་གནང་བའི་དུས་འཁོར་དབང་ཆེན་སོགས་དབང་མང་པོར་རང་ཉིད་ཞུགས་པའི་བསྐལ་བ་བཟང་པོ་བྱུང་བས། ཆོས་རྒྱུན་དང་ཁྲིད་རྒྱུན་རྒྱུན་འཛིན་མཁན་ཡིན་པའི་ངོས་ནས་བརྗོད་ན། ང་ཚོ་ནི་རིན་པོ་ཆེའི་རྗེས་འབྲངས་བ་ཡིན། རིན་པོ་ཆེས་བློ་བརྟན་འགྱུར་མེད་ངང་རྒྱལ་གཅེས་ཆོས་གཅེས་གནང་བའི་ཐུགས་དགོངས་ཀྱི་ཉམས་འགྱུར་ངས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་བརྗོད།
        སྡོམ་ཁྲིམས་བསླབ་པར་འཛིན་ནས་ཆོས་སྐྱོང་འགྲོ་ཕན་ལ་གཞོལ་ཏེ་སངས་རྒྱས་བསྟན་པ་ཡུན་གནས་ཐུབ་པའི་རྩ་བ་བརྟན་དུ་བཏང་བ།
        “སྡོམ་ཁྲིམས་བསྲུངས་བ་ནི་སྒོམ་སྒྲུབ་ཉམས་ལེན་གྱི་རྩ་བ་ཡིན་པས། སྟོན་པའི་རྗེས་འཇུག་པ་ང་ཚོས་སྡོམ་ཁྲིམས་བསླབ་པར་འཛིན་པ་དང་འདུལ་ཁྲིམས་བཞིན་ཐོས་བསམ་ཉམས་ལེན་ལ་གཞོལ་རྒྱུ་ནི་སངས་རྒྱས་བསྟན་པའི་དགོངས་པ་དང་ཡོངས་སུ་མཐུན་པ་ཡིན” པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགོན་སྡེར་གནས་གཟིགས་ཕྱག་མཆོད་གནང་བར་ཕེབས་རིམ་བཞིན“ཆོས་གཅེས་སྡོམ་སྲུང་དང་སྡོམ་ཁྲིམས་བསླབ་པར་འཛིན་དགོས”ཞེས་པ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགོན་སྡེའི་གྲྭ་དམངས་ཚོར་བཀའ་ཆོས་གནང་སྐབས་རྒྱུན་དུ་གླེང་གནང་བའི་བརྗོད་གཞི་ཞིག་རེད།
        མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱམས་པ་བརྩོན་འགྲུས་ཀྱིས། འདི་ལོ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་སླར་ཡང་མངའ་རིས་སུ་ཆོས་སྤེལ་གྱི་མཛད་སྒོ་བསྐྱངས་པར་ཆིབས་བསྒྱུར་གནང་ནས། གྲྭ་དམངས་དང་དད་ལྡན་སེར་སྐྱ་མང་ཚོགས་ལ་དགེ་འདུན་པའི་འདུ་ཚོགས་འཚོགས་པ་དེ་ཐོག་ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཀྱི་འགན་ལེན་གང་ལེགས་མངོན་པ་མ་ཟད། ང་ཚོས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་བསྐལ་བཟང་རྫོགས་ལྡན་གྱི་སྤྲོ་སྣང་ཚོར་བྱུང་ཞེས་བརྗོད།
        ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་འབྲི་རུ་རྫོང་གནས་རྙིང་ཆོས་སྡེ་དགོན་གྱི་སྤྲུལ་སྐུ་སྟག་ཕུ་རྣམ་རྒྱལ་དབང་ཕྱུག་གིས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་རྟག་ཏུ“གྲྭ་བཙུན་ཕུལ་བྱུང་གསོ་སྐྱོང་བྱ་རྒྱུ་ནི་ནང་བསྟན་གོང་དུ་སྤེལ་བའི་འགག་རྩ་ཡིན་པ་ལས། གཞི་རྒྱ་ཆེ་ཞིང་བཀོད་པ་ཉམས་དགའ་བའི་དགོན་སྡེ་དང་འདུ་ཁང་བཞེངས་པ་ཁོ་ནར་བརྟེན་མི་རུང”ཞེས་བསྟན་གནང་ཡོད། ང་ཚོས་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་དང་། ལྷག་དོན་དུ་ཆོས་ལུགས་ཤེས་ལྡན་མི་སྣ་གཞོན་དར་གསོ་སྐྱོང་མཐའ་འཁྱོངས་བྱ་རྒྱུ་དེ་སངས་རྒྱས་བསྟན་པ་ཡུན་རིང་གནས་པའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་བ་དང་། བསྟན་དོན་ལ་དུས་རབས་འཕེལ་རྒྱས་དང་འཚམ་པའི་དགོངས་འགྲེལ་རྒྱག་རྒྱུར་གཙིགས་ཆེན་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ། རྒྱལ་ཁབ་མངའ་ཐང་རྒྱས་པ་དང་། སྤྱི་ཚོགས་ཞི་ཞིང་མཐུན་པ། མི་དམངས་བདེ་ཞིང་སྐྱིད་པ་བཅས་ལ་དད་སེམས་ཀྱི་སྟོབས་ཤུགས་བསྣན་དགོས་ཞེས་བརྗོད།
        བརྩེ་བ་ཕ་ཡུལ་ལ་འཕྲེང་ནས་འགྲོ་ཕན་དོན་དུ་གཉེར་ཏེ་བྱམས་སྙིང་རྗེ་སྒོམ་པའི་བསྟན་དོན་ཉམས་ལེན་མཛད་པ།
        ལོ་ལྟར་བོད་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྤྱི་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་ལ་རྒྱབ་སྐྱོར་གནང་རྒྱུ་དེ་ཉིད་འགྲོ་བ་རིགས་དྲུག་ཕན་བདེའི་ས་ལ་འགོད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ལ་བརྩིས་གནང་སྟེ། སྐུ་ངོ་མས་སྤྱི་ཚོགས་ཀྱི་གཅེས་སེམས་ཁེ་ལས་དང་དགེ་སྒྲུབ་སྒྲིག་གཞི་དང་འབྲེལ་གཏུག་གིས་བོད་ཀྱི་གཞི་རིམ་སྨན་བཅོས་དང་། སློབ་གསོ། དབུལ་སྐྱོར་སོགས་ཀྱི་སྤྱི་ཕན་བྱ་གཞག་ལ་རྒྱབ་སྐྱོར་གནང་གི་ཡོད།
        “རིན་པོ་ཆེ་དང་ཇི་ཙམ་ཉེ་བར་བཅར་ན་དེ་ཙམ་གྱིས་ཟོལ་མེད་ཀྱི་དད་གུས་ཆེ་རུ་འགྲོ་ཡི་འདུག”ཅེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྐྱེ་འགྲོ་ཀུན་བྱམས་ཀྱིས་སྐྱོང་བ་དང་འགྲོ་ལ་ཕན་བདེ་འགོད་པའི་སྐོར་གླེང་སྐབས་བཀྲས་ལྷུན་དགོན་གྱི་བླ་མ་སྐྱེས་ཆེན་ནོར་སྟེང་ཀུན་བཟང་དབང་འདུས་ཀྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད།
        ནོར་སྟེང་ཀུན་བཟང་དབང་འདུས་ཀྱིས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་རིང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཁོང་ཉིད་ཀྱི་འགན་འཁྲིར་བརྩིས་གནང་སྟེ། སྐུ་ངལ་ལ་མ་འཛེམས་པར་དགོན་སྡེ་དང་། གྲྭ་དམངས། དད་ལྡན་སེར་སྐྱ་མང་ཚོགས་བཅས་ལ་དཔེ་ཁྲིད་དང་། བཀའ་ཆོས། དབང་། ཕྱག་དབང་བཅས་གནང་སྟེ་དད་ལྡན་པ་ཚང་མའི་ཆོས་ཀྱི་འདུན་པ་གང་ལེགས་སྐོང་གནང་གི་ཡོད་ཅེས་བརྗོད།
        བོད་ལྗོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ཚོས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མིག་དཔེར་བཟུང་སྟེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་རླབས་ཆེའི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ་དང་། བླ་མ་སྐྱེས་ཆེན་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་སྐྱེ་འགྲོ་ཀུན་ལ་ཕན་འདོགས་པའི་བླ་ན་མེད་པའི་དགོངས་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ། ཁོང་རྣམ་པའི་ནང་བསྟན་གོང་དུ་སྤེལ་བ་དང་། སྙིང་རྗེ་དང་ཤེས་རབ་ཟུང་སྦྲེལ་གྱི་དགོངས་པ་རྒྱུན་འཛིན་བྱེད་པ། བཀའ་དྲིན་ཚོར་བ་དང་དྲིན་ལན་འཇལ་བ། དེ་བཞིན་སྲོལ་བཟང་རྒྱུན་འཛིན་གྱི་སྤྱོད་ཚུལ་བཟང་པོ་ལག་ལེན་དུ་འཁྱོལ་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཞི་མཐུན་མཉམ་སྤྲོའི་ལེའུ་གསར་པ་ཞིག་ཡག་པོ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།