ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

སྤེལ་དུས 2019-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས16ཉིན། 2019ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་གཡུ་ཐོག་ལམ་དུ་སྤེལ་ཞིང་། ཐེངས་འདིའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དེ་ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་སྣེ་ཁྲིད་པ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཆུས་སྤྱི་བདེ་ཐིང་། ཆུས་དཔལ་འབྱོར་ཆ་འཕྲིན་ཐིང་སོགས་ལས་ཁུངས་13གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཁེ་ལས་25མཉམ་དུ་བྱེད་སྒོའི་ནང་ཞུགས་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་གྲུབ་འབྲས་གཙོ་བོ་ཁག་གཅིག་སྡུད་ཀྱིས་འགྲེམས་སྟོན་བྱས་ཏེ་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་རྩལ་ནུས་སོགས་ཁྱབ་གདལ་བཏང་བ་རེད། 
        རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་དེ་ན་ནིང་དང་བསྡུར་ན་གཞི་ཁྱོན་ཆེ་རུ་སོང་བ་དང་། མི་གྲངས་ཀྱང་མང་དུ་ཕྱིན་ནས་རྣམ་པ་དེ་བས་སྣ་མང་ཅན་དུ་གྱུར་ཡོད། ད་ལོར་ད་དུང་དྲ་རྒྱའི་བདེ་འཇགས་ནུས་རྩལ་སྐོར་གྱི་གསོ་སྦྱོང་ཡང་ཡོད་པ་རེད། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དེ་ཚེས་16ཉིན་ནས་ཚེས་22ཉིན་བར་སྤེལ་རྒྱུ་ཡིན་པ་དང་། སྐབས་འདིའི་རིང་སློབ་གྲྭའི་ཉིན་མོ་དང་། གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ། གཞོན་ནུ་ལོ་ཆུང་ཉིན་མོ། སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོ་སོགས་ཀྱི་བརྗོད་དོན་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 
        གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་བོད་ཀྱི་དྲ་རྒྱའི་ཉེན་རྟོག་པའི་དྲིལ་བསྒྲགས་འགྲེམས་པང་ཐོག་དྲ་རྒྱའི་མགོ་གཡོག་མགོ་སྐོར་སྣ་ཚོགས་ཀྱི་རྩལ་ནུས་ལ་དབྱེ་འབྱེད་ཇི་ལྟར་བྱེད་པ་ཞིབ་ཕྲ་ངང་འགྲེམས་སྟོན་བྱས་པ་དང་། དུས་མཚུངས་སུ་མི་དམངས་ཉེན་རྟོག་པས་ད་དུང་སྟབས་བདེའི་རྣམ་པའི་ཐོག་ནས་མང་ཚོགས་ལ་མགོ་གཡོག་མགོ་སྐོར་སྔོན་འགོག་གི་ཐབས་རྩལ་སྣ་ཚོགས་ཁྲིད་དེ་མང་ཚོགས་མང་པོ་ཞིག་གི་ཡིད་དབང་བཀུགས་ཏེ་མཐའ་བསྐོར་ནས་ཡོད། དྲིལ་བསྒྲགས་བྱེད་སྒོའི་སྟེང་འགྲེམས་སྟོན་ནང་ཞུགས་མཁན་གྱི་ལས་ཁུངས་ཁག་གིས་ཀྱང་རང་སོ་སོའི་ལས་སྒོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ཇི་ལྟར་བྱས་ན་ལག་ཁྱེར་ཁ་པར་གྱི་ཆ་འཕྲིན་བདེ་འཇགས་དེ་བས་འགན་ལེན་ལེགས་པོ་བྱེད་ཐུབ་པ་དང་། ཇི་ལྟར་བྱས་ན་ད་གཟོད་དངུལ་ཁང་གི་རྩིས་ཐོའི་བདེ་འཇགས་ལ་སྲུང་སྐྱོང་དེ་བས་ནུས་ལྡན་ཐུབ་པ་སོགས་འགྲེམས་སྟོན་དང་ངོ་སྤྲོད་བྱས་པ་རེད། 
        རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་དོན་མི་སྣ་ཚའེ་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲིལ་བསྒྲགས་བྱེད་སྒོ་ཁྱབ་ཁོངས་མང་པོར་ཁྱབ་ཅིང་། དེར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་དྲ་རྒྱའི་བདེ་འཇགས་གཞིས་ཁུལ་དང་། གྲོང་གསེབ། ཁེ་ལས། ལས་ཁུངས། སློབ་གྲྭ་སོགས་སུ་ཁྱབ་བསྒྲགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བར་རྩ་འཛུགས་བྱས་ཏེ། རྒྱ་ཆེའི་དྲ་དམངས་རྒྱ་ཁྱབ་ངང་ནང་དུ་ཞུགས་པར་སྐུལ་སློང་བྱས་པ་རེད། ཚའེ་ཡུན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་རིག་ནུས་ལག་ཁྱེར་ཁ་པར་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། ཞིང་འབྲོག་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཅུང་ཞན་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱིར་མངོན་ཞིང་། ཁོ་ཚོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་བྱེད་ཐབས་ཤིག་དགོས་པས་ཁོ་ཚོར་འགོག་སྲུང་ལག་རྩལ་ཁག་གཅིག་ཁྲིད་པ་ཡིན། ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོའི་གཙོ་གཉེར་སྡེ་ཁག་གིས་ཀྱང་གཞི་རིམ་ལ་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་སྤྲད་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དྲ་རྒྱའི་བདེ་འཇགས་སློབ་གསོ་དེ་བས་ལེགས་པའི་སྒོ་ནས་དང་ལེན་བྱེད་ཐུབ་པ་བྱས་ནས་ཁོ་ཚོའི་དྲ་རྒྱའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཇེ་མཐོར་བཏང་ཡོད།