ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་ཇའི་ཐོན་ལས་བཙུགས་ནས་དཔལ་འབྱོར་འཕར་གཞི་གསར་པ་བཏོད་པ།

སྤེལ་དུས 2019-09-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་9པའི་ཚེས་17ཉིན།  བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཉིང་ཁྲིའི་ཇའི་ཐོན་ལས་འཕེལ་རྒྱས་དང་ཐོན་རྫས་འོས་སྦྱོར་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་ནས་བསྡུས།   གསར་འགོད་པས་འོས་སྦྱོར་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོ་དུ་མར་ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཀའི་རིམ་འཕར་དང་རྟགས་མ་བཟོ་སྐྲུན།  བཟོ་རྩལ་ལེགས་བསྒྱུར་དང་ཚད་ལྡན་དུ་གཏོང་བ་བཅས་ལ་དམིགས་ནས་ཇའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།   ཇའི་ཐོན་ལས་དེ་ཉིང་ཁྲིའི་འཕེལ་རྒྱས་འཕར་གཞི་གསར་པར་བཏོད་རྒྱུ་རེད།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་ཀྱི་དབྱི་ཀུང་ཇ་ར།
              ཉིང་ཁྲི་གྲོང་ཁྱེར་ཀྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་དར་རྒྱས་ཀྱིས་ངོ་སྤྲོད་གནང་བར།   རི་མཐོ་གྲོག་རོང་དང་ཚང་ཚིང་གི་ལྗོན་ཤིང་འཁྲིགས་པའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནི་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་དམའ་བ་དང་།  གནམ་གཤིས་བཞའ་བརླན་ཆེ་བ།   ཉི་འོད་འཛོམས་པོ་ཡིན་པས།   “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཡོད།   དེས་ཀྱང་ཇའི་སྐྱེ་འཕེལ་དང་ས་གནས་དེ་གའི་ཇའི་ཐོན་ལས་འཕེལ་རྒྱས་ཡོང་བར་ཁྱད་དུ་འཕགས་པའི་ཆ་རྐྱེན་འདོན་སྤྲོད་གནང་ཡོད།
              དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་།   སྔོན་ཆད་ཀྱི་དམག་སྡེ་བཅོ་བརྒྱད་པའི་བོད་སྡོད་དམག་ལོག་ལས་བྱེད་པས་དབྱི་ཀུང་འཛུགས་སྐྲུན་དམག་སྦོལ་ཞིང་ར་སྒྲིག་འཛུགས་བྱས་ཏེ།  སི་ཁྲོན་གྱི་ཇ་ནང་འདྲེན་བྱས་ནས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་།  ཉིང་ཁྲི་གྲོང་ཁྱེར་ནས་ཇ་འདེབས་འཛུགས་བྱེད་པའི་ལོ་རྒྱུས་ཀྱི་འགོ་ཚུགས།  ཉེ་བའི་ལོ་ཁ་ཤས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་ཕྱིར་སྒོར་དུང་ཕྱུར་5.42མ་རྩ་བཏང་སྟེ།  “མཛེས་སྡུག་གི་ཉིང་ཁྲི།   མཐོ་སྒང་སྐྱེ་ཁམས་ཀྱི་ཇ།”ཞེས་པ་བསྐྲུན་པ་དམིགས་ཡུལ་དུ་བཟུང་ནས།  སྟོབས་ཤུགས་ཡོད་དགུས་ཇའི་ཐོན་ལས་འཕེལ་རྒྱས་སུ་བཏང་།
              “པདྨའི་གནས་མཆོག”ཀྱི་མཚན་སྙན་མངའ་བའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ།  2012ལོ་ནས་བཟུང་གཞི་རྒྱ་ཆེན་པོའི་སྒོ་ནས་ཇ་འདེབས་འཛུགས་བྱས་པ་དང་།  ཇའི་ཐོན་ལས་དེ་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཁྲིད་ཐོན་ལས་སུ་འཕེལ་རྒྱས་བཏང་།   2015ལོར་མེ་ཏོག་རྫོང་སྲིད་གཞུང་དང་བོད་ལྗོངས་རིག་གནས་ཡུལ་སྐོར་ཚོགས་པས་ལྷན་དུ་ཉིང་ཁྲིའི་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སི་འཛུགས་པའི་མཉམ་ལས་གན་རྒྱ་བཞག་ནས།  མེ་ཏོག་རྫོང་གི་ཇའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྟེགས་བུ་ལེགས་པོ་ཞིག་བསྐྲུན།
              ཇའི་འདེབས་འཛུགས་དང་ཇ་བཟོ་སྐྲུན་གྱི་ལག་རྩལ་ནང་འདྲེན་བྱས་ཏེ།   ཇ་ལས་སྣོན་གྱི་ཐོན་སྐྱེད་རྟེན་གཞི་བཟོ་སྐྲུན་དང་།  ཇ་ལས་ཀྱི་སྤུས་ཀ་གོང་མཐོར་གཏོང་བ།  བོད་ལྗོངས་ཀྱི་ཇ་ལས་རྒྱལ་ཁབ་ཕྱི་ནང་གི་ཚོར་རར་བསྐྱོད་པར་སྐུལ་འདེད་བཏང་།   ཉེ་བའི་ལོ་ངོ་བཞི་རིང་གི་འབད་བརྩོན་བརྒྱུད་དེ།  ཉིང་ཁྲིའི་མེ་ཏོག་ཇ་ལས་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བས་གསར་འགོད་པར་བརྗོད་དོན།  ཀུང་སིས་བོད་ལྗོངས་ཀྱི་གནས་འདིའི་ཁྱད་ཆོས་ལྡན་པའི་ས་ཁམས་ཀྱི་ཁོར་ཡུག་ཁྲོད་ནས་ཇ་སྡོང་གསོ་སྤེལ་དང་།  དེའི་འཐོག་འདོན་དོ་དམ་དང་ཐོན་སྐྱེད་ལས་སྣོན་སོགས་འཐུས་ཚང་བའི་ཐོན་ལས་ཀྱི་དམིགས་ཚད་གཞི་གྲངས་སོ་སོ་དང་ལག་རྩལ་གྱི་ལྟེ་བའི་གནད་འགག་ཚང་མ་ཁོང་དུ་ཆུད་ཡོད།
              མིག་སྔར་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་། དབྱི་ཀུང་ཇ་ར། རྫ་ཡུལ་ཞིང་ར་བཅས་ཚང་མས་ཇ་ལོ་བཏབ་པས།  འདེབས་འཛུགས་གཞི་རྒྱ་མུའུ་ཁྲི་3.12ཟིན་ཡོད།  མེ་ཏོག་རྫོང་གཅིག་པུས་ཚད་གཞི་མཐོ་བའི་རི་མཐོའི་ལུགས་ལྡན་ཇ་ར་33བཙུགས་ཡོད་ལ།  སྤྱིའི་རྒྱ་ཁྱོན་ལ་མུའུ་8926.36ཟིན་པ་དང་།  འདེབས་འཛུགས་སྣ་ཁ་10ལྷག་ཁྱབ་ཡོད།   ད་ལོར་མེ་ཏོག་རྫོང་གིས་མུ་མཐུད་ནས་ད་དུང་འདེབས་འཛུགས་ལག་རྩལ་གསར་པ་དང་ཇ་སྡོང་རིགས་གསར་པ་ནང་འདྲེན་བྱེད་པ་དང་།  འདེབས་འཛུགས་ཀྱི་གཞི་རྒྱ་ཆེ་རུ་བཏང་ནས།  2020ལོར་སླེབས་དུས་ཇ་ར་མུའུ་ཁྲི་3འཛུགས་རྒྱུའི་འཆར་གཞི་ཡོད། 
              2018ལོར་ཉིང་ཁྲི་རྫོང་ཇའི་ཐོན་ཚད་ཏུན་106.62ལ་སླེབས་པ་དང་།  རིན་གོང་ཕལ་ཆེར་སྒོར་ཁྲི་4661ལ་སླེབས་ཡོད་པས།  ཞིང་འབྲོག་མང་ཚོགས་ཁྱིམ་ཚང་1063དང་མི་གྲངས་3214གྱི་ཆ་སྙོམས་ཡོང་འབབ་སྒོར་3036ལ་སླེབས་པར་བྱས་ལ།  ས་གནས་དེ་གའི་ཐོན་ལས་སྒྲིག་གཞིའི་ལེགས་སྒྲིག་ཐད་ལ་སྐུལ་སྤེལ་གང་ལེགས་མཛད་པ་དང་།  དབུལ་སྒྲོལ་འགག་སྒྲོལ་དང་རོང་འབྲོག་པའི་ཡོང་འབབ་ཇེ་མཐོ་དང་ཕྱུག་འགྱུར་ལ་གཞོགས་འདེགས་མཛད།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས་ཀྱི་ཇའི་སྒྱུ་རྩལ་འཁྲབ་སྟོན།
འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་འགྲེམས་སྟོན་གནང་བའི་ཇ། 
འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་འགྲེམས་སྟོན་གནང་བའི་ཇ།
              ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་ཉིང་ཁྲིའི་ཇ་ཡི་ཐོན་ལས་གནས་ཚུལ་ངོ་སྤྲོད་གནང་བ་ལས་གཞན།   ཀྲུང་གོའི་མཐོ་རིམ་མིང་གྲགས་ཅན་གྱི་ཇ་སྟེ་“ཧི་མ་ལ་ཡའི་ཇ་མཆོག”ཅེས་པའི་ཐོན་རྫས་དེ་གནད་གཙོ་བོར་དམིགས་སུ་བཟུང་ནས་འོས་སྦྱོར་མཛད།   ཟླ་བས་བརྗོད་དོན།  རྒྱ་ཆེ་བའི་ཚོང་རའི་དགོས་མཁོ་ལ་གཞིགས་ནས།   ཀུང་སིའི་མ་འོངས་པར་རྟགས་མ་འཛུགས་སྐྲུན་དེ་གནད་སར་འཛིན་པ་དང་།  “འབྲེལ་མཐུད་དྲ་རྒྱ+”ཡི་ཁྱབ་སྤེལ་འཚོལ་ཞིབ་དང་ལག་བསྟར་བྱེད་པ་དང་།   “ཧི་མ་ལ་ཡའི་ཇ་མཆོག”ཅེས་པའི་རྟགས་མ་དེ་དེང་རབས་ཀྱི་སྨྱན་སྦྱོར་རྣམ་པ་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གང་སར་སྤེལ་ཏེ།  ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཟེར།