2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་གྲུབ་འབྲས་འོད་སྟོང་འབར་བ།

སྤེལ་དུས 2019-09-19 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས་།
              2013ལོའི་ཟླ་10པར་མེ་ཏོག་གི་གཞུང་ལམ་ཐོག་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་རང་རྒྱལ་གྱི“གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
              མེ་ཏོག་གི་ས་ཁོངས་ནང་གི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་དགའ་ལྡན་ཤང་དང་དགའ་ལྡན་གྲོང་ཚོར་སྐྱོད་པའི་རྣམ་གྲངས་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ལས་མཇུག་འགྲིལ་རྗེས་ཉིང་ཁྲི་གྲོང་ཁྱེར་ནང་ཁོངས་སུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ཤང་དང་གྲོང་ཚོ་གཅིག་ཀྱང་ལུས་མི་སྲིད།
              “གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཇུག་ཤོས”ནས“གཞུང་ལམ་ཤར་གཏོང་མ་ཐུབ་པའི་ཤང”མེད་པའི་བར་མེ་ཏོག་རྫོང་གི་འགྲིམ་འགྲུལ་གྱི་འགྱུར་ལྡོག་ཆེན་པོ་ལས་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་གྲུབ་འབྲས་མངོན་ཡོད་པ་རེད།
              འགྲིམ་འགྲུལ་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ།
              ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་སྐྱེལ་འདྲེན་གཙོ་བོ་མི་དང་ཕྱུགས་ཟོག་གི་སྒལ་པར་བརྟེན་ནས་བྱེད་དགོས་པས་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་མེད།
              ད་ཆ་བོད་ལ་སྤྱིར་ན་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གྲུབ་ཡོད།
              2018ལོའི་ལོ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.78ཟིན་པའི་ནང་རིམ་པ་མཐོ་བའི་གཞུང་ལམ་སྤྱི་ལེ་660ཟིན་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་697ཁྲོད་ནས་580ལ་ལམ་ཤར་གཏོང་ཐུབ་པ་དང་696ལ་ལམ་ཐར་གྱི་ཡོད།
              ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་5467ནང་2624ལ་ཤར་གཏོང་ཐུབ་པ་དང་5457ལ་ཤར་བགྲོད་ཐུབ་ཀྱི་ཡོད།
              མཁའ་འགྲུལ་ས་ཚིགས་དང་གནམ་ཐང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་འདི་ལོའི་ཟླ་6པ་བར་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་5བསྐྲུན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་96ཤར་གཏོང་ཐུབ་ནས་གྲོང་ཁྱེར་48ལ་གནམ་གྲུ་ཤར་གཏོང་ཐུབ་ཀྱི་ཡོད།
              ནུས་པ་འཐུས་སྒོ་ཚང་བ་དང་། འབྲེལ་གཏུག་ཟབ་པ། ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བ། བདེ་འཇགས་བློས་འཁེལ། འགྲོ་སྐྱོད་མྱུར་བ་བཅས་ཀྱི་དེང་རབས་འགྲིམ་འགྲུལ་དྲ་རྒྱས་བོད་དང་འཛམ་གླིང་གི་ས་གནས་ཁག་དམ་པོར་སྦྲེལ་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ་དང་བོད་ལ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་མ་ཟད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་རེད།
              མ་འཇོག་མྱུར་ལ་མདུན་གྲལ་དུ་སླེབས་པ།
              ལྷ་སའི་གྲོང་ཁུལ་གྱི་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་སྦྲེལ་མཚམས་སུ་1984ལོར་བསྐྲུན་པའི“ཁྲོན་བོད་མཚོ་བོད་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་དྲན་གསོའི་རྡོ་རིང”བཙུགས་ཡོད། 1954ལོའི་ཟླ་12ཚེས་25ཉིན་རིང་ཚད་ཧྲིལ་པོ་སྤྱི་ལེ་4360ཡོད་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་དུས་གཅིག་ཏུ་ལྷ་ས་བར་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བདེ་བླག་ངང་ལྷ་ས་བར་ཤར་གཏོང་ཐུབ་པ་དེས་བོད་ཀྱི་འགྲིམ་འགྲུལ་གྱི་ཁྲི་ལོ་གསར་པ་གཏོད་དེ་བོད་ཀྱི་མི་དམངས་ཀྱིས“འཇའ་ཚོན”ཞེས་བསྔགས་བརྗོད་བྱེད་པ་དང“གསེར་ཟམ”ཞེས་བརྗོད་ཀྱི་ཡོད།
              2011ལོའི་ཟླ་7ཚེས་17ཉིན་བོད་ཀྱི་རིམ་པ་མཐོ་བའི་གཞུང་ལམ་ཐོག་མ་སྟེ། ལྷ(ས)གོང(དཀར)གནམ་ཐང་གི་མྱུར་བགྲོད་གཞུང་ལམ་བསྐྲུན་ཡོད། དེ་རྗེས་གཅིག་རྗེས་གཉིས་མཐུད་ངང་ཉིང་ཁྲི་ནས་ལྷ་ས་བར་དང་། རྩེད་ཐང་ནས་གོང་དཀར་གནམ་ཐང་བར། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་སོགས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་མང་པོ་བསྐྲུན་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་སྤྱི་ལེ་660ཟིན་པ་དང་། ལམ་ཚད་སྤྱི་ལེ་411བསྐྲུན་བཞིན་ཡོད་པ་དེ་ཐོག་ནས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་དེ་ཉིད“སྐྱོད་ཐུབ་པ་ནས་ཡག་པོ་སྐྱོད་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་ཕྱོགས་སུ་གོམ་སྟབས་སྤོས་ནས་ལྷ་ས་ལྟེ་བར་བྱས་པའི་ས་ཁོངས་ཀྱི“ཆུ་ཚོད་3གྱི་དཔལ་འབྱོར་འཁོར”རགས་ཙམ་མངོན་ཡོད།
              རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཡུང་ཅེས། 2018ལོར་རང་ལྗོངས་ཀྱིས་གཞུང་ལམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་652ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་14.6%འཕར་ནས་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི་31.4%བཟུང་བ་དང་། ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་281.7དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་66.4%འཕར་བ། གཞུང་ལམ་སྤྱི་ལེ་8044མང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་9.74ཟིན་ཡོད། 2019ལོར་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱིས་མ་འཇོག་སྒོར་དུང་ཕྱུར་548ལེགས་སྒྲུབ་བྱ་རྩིས་ཡོད་པ་དང་། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་2100མང་དུ་བཏང་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་9.95ཟིན་རྒྱུ་རེད།
              འཕེལ་རྒྱས་ཀྱི་འཆར་འགོད་བཏིང་བ།
              གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ལུང་ཁུག་རི་གྲོང་དུ་འཚོ་བ་སྐྱེལ་བཞིན་པའི་ཞིང་པ་དབང་འདུས་ཀྱིས་ལམ་རྒྱུད་ཀྱི་གཞུང་ལམ་ལ་བརྟེན་ནས་ཕྱུག་འགྱུར་བྱུང་ཡོད། བབ་ཆགས་པའི་ཞིང་པ་དེས་ཤར་རླུང་རྟགས་ཅན་གྱི་ལྕགས་གཞོང་རླངས་འཁོར་གཅིག་ཉོས་རྗེས་འཚོ་བ་ལོ་རེ་བཞིན་ཡག་ཏུ་སོང་ཡོད།
              གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་གཞུང་ལམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་མྱུར་པོ་འགྲོ་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་འགྱུར་ལྡོག་འགྲོ་རྒྱུ་རེད། མཁོ་སྤྲོད་ནུས་ལྡན་ཆེ་རུ་གཏོང་བ་དང་མི་དམངས་ཀྱིས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགྲིམ་འགྲུལ་འཆར་འགོད་ཀྱི་དམིགས་ཚད་གཞིར་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བར་བྱས་པའི“ཆུ་ཚོད་3གྱི་དཔལ་འབྱོར་འཁོར”ཧུར་ཐག་བསྐྲུན་ནས་རྒྱལ་ལམ་རིམ་མཐོ་ཅན་དང་། གྲོང་གསེབ་གཞུང་ལམ་དྲ་རྒྱ་ཅན། མཐའ་སྲུང་གཞུང་ལམ་ཤར་བགྲོད་ཅན་བཅས་མངོན་འགྱུར་ཧུར་ཐག་བྱས་ཏེ། འགྲིམ་འགྲུལ་སྔོན་སྐྱོད་ཀྱིས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། ཕན་འབྲས་ཀུན་ཕན་མངོན་འགྱུར་བཅས་བྱ་རྒྱུ་རེད།
              མིག་སྔར་ལྷ་ས་གོང་དཀར་གནམ་ཐང་གི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་བྲེལ་འཚུབ་ལྡན་ལ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་དང་། བསྐྲུན་རྗེས་2025ལོར་འགྲུལ་པ་མི་ཐེངས་ཁྲི་900དབོར་བ་དང་། དངོས་ཟོག་ཏུན་ཁྲི་8འདོན་འཇུག་བྱེད་པ། གནམ་གྲུ་འབབ་འཕུར་ཐེངས་ཁྲི་5.85བྱེད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།
              འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བསྐྲུན་ཟིན་ནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ཡུལ་སྐོར་གསར་སྤེལ། དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་འགྲན་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད།