ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྨ་ཆུའི་ཆུ་འགོའི་འབྲོང་མགོ་སྟེ། ཧུའུ་ཡོ་པང་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྣམ་གཉིས་ཀྱིས་སྔོན་ཆད་དེ་ལ་ཕྱག་བྲིས་ཕུལ་མྱོང་།

སྤེལ་དུས 2019-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རླངས་འཁོར་བཏང་སྟེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་མཚོ་སྔོ་རིང་གི་འགྲམ་ངོགས་བརྒྱུད་ནས་རྨ་ཆུའི་ཆུ་འགོར་ཡར་བསྐྱོད་ཚེ། མིག་གིས་ཆོད་པའི་བར་ཐམས་ཅད་ནི་ནམ་མཁའ་ཞུན་མར་བཞུས་པ་ལྟ་བུའི་མཚོ་མོ་སྟེ། ནམ་མཁའ་སྔོན་པོ་ལས་ཀྱང་སྔོ་བར་སྣང་། རྒྱང་རིང་ལ་མིག་གིས་བལྟས་པ་ན། མཚོ་གནམ་གཉིས་འདབས་ཡོངས་སུ་འབྲེལ་འདུག བཤད་ཚུལ་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་ཉིད་རྒྱ་བཟའ་ཀོང་ཇོ་བསུ་མར་ཕེབས་པའི་ས་ཆ་སྟེ་གཉེན་བསུའི་གྲམ་པ་ཞེས་པ་དེ་བརྒལ་རྗེས། མདུན་ཕྱོགས་ཀྱི་མི་རིང་བའི་སར་མཚོ་ངོས་ལས་མཐོ་ཚད་སྨི་4610ཡོད་པའི་མཚོ་བར་དཀར་རྩེ་རི་བོ་ཡོད། དེ་ནས་ཀྱག་ཀྱོག་གི་ལ་མོ་བརྒལ་ནས་ཡར་འགོས་པ་ན། རིའི་རྩེ་མོར་འབྲོང་མགོའི་དབྱིབས་ཀྱི་རྗེས་དྲན་རྡོ་རིང་ཞིག་ཀེ་རེར་བསླངས་ཡོད་དེ། རྡོ་རིང་གི་མཐིལ་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཧྭ་ཞའི་བླ་སྲོག་ཆུ་བོའི་ཆུ་འགོའི་འབྲོང་མགོ་རྡོ་རིང་ཞེས་པ་བརྐོས་འདུག་ལ། འདི་ནི་རྨ་ཆུའི་ཆུ་འགོའི་འབྲོང་མགོའི་རྡོ་རིང་ཡིན་ནོ།།
རྨ་ཆུའི་ཆུ་འགོའི་འབྲོང་མགོའི་རྡོ་རིང་།
            འབྲོང་མགོའི་རྡོ་རིང་ནི་ཟངས་ནག་པོ་ལས་བཟོས་པ་དང་། བཟོ་དབྱིབས་ནི་མཐོ་སྒང་གི་འབྲོང་གི་རྭ་ཅོར་དཔེ་བལྟས་ཡོད། ནམ་མཁའ་སྔོན་པོའི་འོག  དེའི་ཡུལ་ལྗོངས་ནི་གནའ་སྔ་མོའི་ཐོ་ཐེམ་ཞིག་དང་འདྲ་བར་རྒོད་ལ་སྟོབས་དང་ལྡན་པ་ཞིག་རེད། འབྲོང་མགོའི་རྡོ་རིང་གི་མདུན་དུ་འགྲེང་སྟེ། མཚོ་སྔོ་རིང་ལ་ཕྱིར་མིག་འཕངས་ཚེ། མུ་མཐའ་མེད་པའི་མིག་མདུན་གྱི་ཡོད་ཚད་ནི་རབ་ཏུ་ལྟ་ན་སྡུག་པ་ཞིག་རེད།
ཧུའུ་ཡོ་པང་གི་ཕྱག་བྲིས་ཏེ། རྨ་ཆུའི་ཆུ་འགོ་ཞེས་པ།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཡིག་གིས་བྲིས་གནང་བའི་ཕྱག་བྲིས་ཏེ། རྨ་ཆུའི་ཆུ་འགོ་ཞེས་པ།
            ཅིའི་ཕྱིར་འབྲོང་མགོའི་རྡོ་རིང་ཞིག་བསླངས་པ་ཡིན་ནམ།
            རྒྱུ་ཆར་བཀོད་པ་ལ་གཞིགས་ན། རྨ་ཆུ་ཆུ་འགོ་ནི་རྨ་ཆུའི་ཁུགས་པ་ནས་མཚོ་ཁྲར་འབབ་པ་དང་། དེ་ནས་མཚོ་སྐྱ་རིང་ལ་འབབ། དེ་ནས་འབྲོང་མགོ་རི་བོའི་ལྷོ་ངོས་ཀྱི་ཞེང་ཚད་སྨི་300ལྷག་ཡོད་པའི་གྲོག་རོང་ཞིག་བརྒལ་ནས་མཚོ་སྔོ་རིང་ལ་འབབ་པ་རེད། དེ་ན་ཅིའི་ཕྱིར་གནས་འདིར་ཆུ་འགོའི་འབྲོང་མགོའི་རྡོ་རིང་ཞིག་བསླང་དགོས་བྱུང་བ་ཡིན་ནམ་ཞེ་ན། འདི་དང་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བག་མར་བསུས་པ་དང་འབྲེལ་བ་དམ་པོ་ཞིག་ཡོད།
ཀྲིན་ཀོན་ལོ་བཅོ་ལྔ་པར། ཐང་ཐེ་ཙུང་གིས་ཅང་ཞ་ཝང་ལུགས་སྡེའི་ཕྱིང་སང་བློན་ཆེན་ལི་ཏོ་ཙུང་རྒྱ་བཟའ་ཀོང་ཇོ་བོད་དུ་སྐྱེལ་མ་བྱེད་པར་མངགས། རྒྱལ་པོ་སྲོང་བཙན་སྒམ་པོ་མངག་གཞུག་པ་ཆས་དང་བཅས་པར་ལྷ་ས་ནས་པེ་ཧེའམ་མཚོ་བར་དཀར་རྩེ་རི་བོའི་འདབས་ཀྱི་མཚོ་སྐྱ་རིང་དང་མཚོ་སྔོ་རིང་བར་ཕྱག་ཕེབས་ཏེ་དེའི་ཉེ་འགྲམ་ནས་རྒྱ་བཟའ་ཀོང་ཇོར་སྒུག  རྗེས་སུ་གྲམ་པ་འདིའི་མིང་ལ་གཉེན་བསུའི་གྲམ་པ་ཞེས་བོས་པ་རེད།
གཉེན་བསུའི་གྲམ་པ།
            རྒྱ་བཟའ་ཀོང་ཇོ་བོད་དུ་བག་མར་བསུས་པ་དེས་མི་རིགས་བར་གྱི་འབྲེལ་འདྲིས་དང་། མཉམ་འདྲེས། གོང་འཕེལ་བཅས་ལ་སྐུལ་འདེད་བཏང་། གནས་འདིར་ཧྭ་ཞའི་བླ་སྲོག་ཅེས་པའི་ཆུ་འགོའི་འབྲོང་མགོའི་རྡོ་རིང་བསླངས་པ་དེས་བསྟན་དོན་ཡང་རང་ཤུགས་ཀྱིས་མཚོན་ཡོད་སྙམ།
རྒྱང་ནས་འབྲོང་མགོའི་རྡོ་རིང་ལ་བལྟས་པ།
            རྨ་ཆུའི་ཆུ་འགོའི་འབྲོང་མགོའི་རྗེས་དྲན་རྡོ་རིང་ནི་མཚོ་སྐྱ་རིང་དང་མཚོ་སྔོ་རིང་བར་དུ་གནས་པའི་མཚོ་ངོས་ལས་མཐོ་ཚད་སྨི་4610ཡོད་པའི་མཚོ་བར་དཀར་རྩེ་རི་བོའི་རི་རྩེར་ཡོད། རྨ་ཆུའི་ཆུ་འགོའི་ཡུལ་སྐོར་ལས་རིགས་སྒོ་འབྱེད་བྱ་བའི་ཆེད་དུ། རྨ་སྟོད་རྫོང་མི་དམངས་སྲིད་གཞུང་གིས་1988ལོར་ཧྭ་ཞའི་བླ་སྲོག་ཆུ་བོའི་ཆུ་འགོའི་འབྲོང་མགོ་རྡོ་རིང་འདི་བསླངས་པ་དང་། དེའི་རྡོ་རིང་གི་མཐོ་ལ་སྨི་3དང་། རྡོ་གདན་གྱི་མཐོ་ལ་སྨི་2  ཞེང་ལ་སྨི་2.8ཡོད། རྡོ་རིང་ཉིད་ནི་ཟངས་ལས་བཟོས་ཤིང་ལྕི་ཚད་ལ་ཏུན་5.1ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་སྔ་མ་ཧུའུ་ཡོ་པང་རྣམ་གཉིས་ཀྱིས་སོ་སོར་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རྨ་ཆུའི་ཆུ་འགོ་ཞེས་བྱ་བའི་རྗེས་དྲན་ཕྱག་བྲིས་བྲིས་གནང་བ་རེད། རྡོ་རིང་གི་སྟེང་དུ་རྨ་སྟོད་རྫོང་མི་དམངས་སྲིད་གཞུང་གིས་བྲིས་པའི་རྡོ་རིང་ཡི་གེ་ཡང་ཡོད་ལ། ཡི་གེ་རྣམས་ནི་ཟངས་དཔེའི་འཁྱུག་ཡིག་གི་སྒོ་ནས་བྲིས་ཡོད་པས། དབྱིབས་མཚར་ལ་ཡིག་གཟུགས་བརྗིད་ཆགས་པ་ཡོད།
            འབྲོང་མགོའི་རྡོ་རིང་ལ་མཚོན་དོན་གང་འདྲ་ཡོད་དམ།
            རྗེས་དྲན་རྡོ་རིང་གི་བཟོ་དབྱིབས་ནི་གདོད་མའི་ཐོ་ཐེམ་གྱི་བླ་ན་མེད་པའི་མཆོད་ཡུལ་འབྲོང་སྟེ། རྒོད་པ་དང་། བསྲན་ཚུགས་པ། སྟོབས་དང་ལྡན་པའི་བཟོ་དབྱིབས་བེད་སྤྱད་ཡོད། དེས་ཀྲུང་ཧྭ་མི་རིགས་སྐྱིད་སྡུག་འདྲེས་མར་འཁོར་བའི་དུས་ཡུན་རིང་པོའི་ལོ་རྒྱུས་དང་ལས་ལ་བརྩོན་ཞིང་བབ་ཆགས་གཞུང་དྲང་གི་གཤིས་ཀ་མཚོན་ཡོད། 
            རྡོ་རིང་གི་མདུན་དུ་འགྲེང་སྟེ་དགུང་སྔོན་གནམ་ལ་བལྟས་ཚེ། ནང་སེམས་བཟོད་གླགས་མེད་པར་རབ་ཏུ་གཡོས་སུ་འཇུག་ཅིང་། དེ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གོང་སྒྲིལ་གྱི་ཤུགས་དང་ཆིག་སྒྲིལ་གྱི་སྟོབས། ལ་རྒྱ་ཆེན་པོས་གཞན་ལ་མགོ་བོ་མི་སྒུར་བའི་མི་རིགས་ཀྱི་སྙིང་སྟོབས་ཤིག་ཀྱང་སེམས་ཀྱི་གཏིང་ནས་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།