ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཏམ་བཟང་། ལྷ་ས་གོང་དཀར་གནམ་ཐང་T3གནམ་གྲུ་སྒུག་སའི་ཐོག་ཁང་གི་གྲུབ་ཆ་གཙོ་བོ་བཞེངས་གྲུབ་བྱུང་བ།

སྤེལ་དུས 2019-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
(ནང་ཁུལ་གྱི་བྱེད་ནུས་བརྙན་རིས་ཟུར་དུ་བཀོད་ཡོད།)

            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་11ཉིན་གྱི་སྔ་དྲོར། དམངས་སྤྱོད་མཁའ་ལམ་བོད་ཁུལ་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་འཛུགས་བསྐྲུན་ལས་གཞི་ཅུའུ་བརྒྱད་པས་རོགས་སྒྲུབ་བྱས་པའི་ལྷ་ས་གོང་དཀར་གནམ་ཐང་T3ཨར་འདམ་གྲུབ་ཆའི་གནམ་གྲུ་སྒུག་སའི་ཐོག་ཁང་བཞེངས་གྲུབ་བྱུང་བའི་མཛད་སྒོ་སྤེལ། 
བཞེངས་གྲུབ་མཛད་སྒོའི་ཡུལ་དངོས།
            གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཛུགས་བསྐྲུན་བྱ་བར་ཞུགས་པའི་ལས་ཁུངས་ཡོད་དོ་ཅོག་གི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས། མིག་སྔའི་བར་དུ། ལས་གཞི་འདིའི་འགག་རྩའི་སྟངས་འཛིན་རང་བཞིན་གྱི་རྣམ་གྲངས་ལྷ་ས་གོང་དཀར་གནམ་ཐང་T3ཨར་འདམ་གྲུབ་ཆའི་གནམ་གྲུ་སྒུག་སའི་ཐོག་ཁང་བཞེངས་གྲུབ་བྱུང་བ་དང་།ལམ་མདོ་ལྔ་པ་ཡང་ལས་ཀ་ཚགས་སུ་ཆུད་པ་བྱུང་། གནམ་གྲུ་སྒུག་སའི་ཐོག་ཁང་གི་མཐོ་ཟམ་སྔོན་མའི་ཟམ་པའི་ལམ་ཐིག་གཙོ་བོའི་ཟམ་ངོས་ཨར་པོ་རྒྱག་བཞིན་ཡོད་པ་བཅས་ཀྱིས། T3གནམ་གྲུ་སྒུག་སའི་ཐོག་ཁང་ངར་ལྕགས་བཀོད་པའི་ཡོལ་གྱང་དང་ཨར་རྒྱག་བཟོ་སྦྱོར་ལས་རིམ་ལ་སླེབས་པ་མཚོན་ཡོད། 

ཡུལ་དངོས་ཀྱི་བརྙན་པར།

གྲུབ་འབྲས་བརྙན་པར།
            ལྷ་ས་གོང་དཀར་གནམ་ཐང་གི་མཁའ་ལམ་འབབ་ཚིགས་ཁུལ་གཞི་རྒྱ་བསྐྱེད་པའི་ལས་གཞི་ནི་བོད་རང་སྐྱོང་ལྗོངས་“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་”གཙོ་གནད་རྣམ་གྲངས་ལས་གཞི་ཞིག་ཡིན་ལ། ལས་གཞི་འདི་2017ལོའི་ཟླ་12ནས་དངོས་སུ་ལས་འགོ་བརྩམས་པ་ནས་བཟུང་། གྲོང་དམངས་ཀྱི་དོ་སྣང་ཆེན་པོ་འཐོབ་ཡོད། གནམ་ཐང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྒྱ་ཕྲུག་གླིང་གྲོང་རྡལ་དུ་ཆགས་ཡོད་པ་དང་། བརྗིད་རྔམ་རབ་ཏུ་ཆེ་བའི་ཡར་རླུང་གཙང་པོའི་ལྷོ་ངོས་སུ་གནས་ཡོད། འཛུགས་བསྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་8.8ཡོད་པ་དེར། གནམ་གྲུའི་འདུག་གནས་21འདུས་ཡོད་ལ། དེ་བཞེངས་གྲུབ་བྱུང་རྗེས་ལོ་རེའི་ཡུལ་སྐོར་འགྲོ་འོང་ཚད་མི་ཐེངས་ཁྲི་900དང་། དངོས་ཟོག་སྐྱེལ་འདྲེན་ཚད་ཏུན་ཁྲི་8རེ་ཟིན་ཐུབ་པས། ལྷ་སའི་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་མཁའ་འགྲུལ་སྐྱེལ་འདྲེན་དགོས་མཁོ་སྐོང་བའི་འཆར་གཞི་ཡོད།

གྲུབ་འབྲས་བརྙན་པར། 
            “གསར་དུ་བཙུགས་པའི་T3གནམ་གྲུ་སྒུག་སའི་ཐོག་ཁང་དེ་Yདབྱིབས་སུ་མངོན་ལ། ནུབ་ཕྱོགས་T2གནམ་གྲུ་སྒུག་སའི་ཐོག་ཁང་དང་སྦྲེལ་ཡོད། ཁ་ཤར་ལྷོར་བསྟན་ཡོད་ལ། གནམ་ནས་མར་བལྟས་ཚེ། T3གནམ་གྲུ་སྒུག་སའི་ཐོག་ཁང་ཧྲིལ་པོ་མེ་ཏོག་པདྨའི་འདབ་མའི་དབྱིབས་སུ་ཆགས་ཡོད། ཕྱི་ལོགས་སུ་མཐོ་ཟམ་ཞིག་བཙུགས་ཡོད་པ་དང་། མཐོ་ཟམ་དེ་ནི་རིམ་པ་གཉིས་དང་ཕྱེད་ཀའི་ཚུལ་དུ་ཡོད། འགྲུལ་པ་ཕྱིར་ཐོན་པ་ན། ཕྱི་ལོགས་ནི་སྨི་གྲུ་བཞི་མ་ཁྲི་5.6གི་རླངས་འཁོར་འཇོག་སའི་ར་བ་ཞིག་ཡིན།”ཞེས་ཀྲུང་གོའི་འཛུགས་བསྐྲུན་ཅུའུ་བརྒྱད་པའི་ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་གཞི་རྒྱ་བསྐྱེད་པའི་ལས་གཞིའི་གསར་དུ་བསྐྲུན་པའི་གནམ་གྲུ་སྒུག་སའི་ཐོག་ཁང་གི་ལས་གཞིའི་རྣམ་གྲངས་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད ། སྟབས་བདེ་བ་དང་། མགྱོགས་པ། འགྲུལ་བདེ་བའི་འཛུགས་བསྐྲུན་ཉམས་འགྱུར་དེས། མི་ཉིད་གཙོ་བོར་འཛིན་པ་དང་། ཀུན་དཀའ་ར་བའི་ཡུལ་ལྗོངས། སྔོ་ལྗང་ཁོར་སྲུང་གི་ཇུས་འགོད་བསམ་བློ་བཅས་མངོན་པར་མཚོན་ཡོད། 

གྲུབ་འབྲས་བརྙན་པར། 
            དེ་ཡང་། ལྷ་ས་གོང་དཀར་གནམ་ཐང་གནམ་གྲུ་སྒུག་སའི་ཐོག་ཁང་གཞི་རྒྱ་བསྐྱེད་པའི་ལས་གཞི་སྒྲུབ་པའི་བརྒྱུད་རིམ་ཁྲོད་དཀའ་ཁག་གང་དག་ཡོད་དམ།
01
མཁའ་འགྲུལ་མཚམས་མི་འཇོག་པར་ལས་གྲྭ་སྒྲུབ་པའི་བདེ་འཇགས་དོ་དམ་གྱི་བླང་བྱ་མཐོ་བ།  
            ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་སའི་ཐོག་ཁང་གཞི་རྒྱ་བསྐྱེད་པའི་ལས་གཞིའི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། T3གནམ་གྲུ་སྒུག་སའི་ཐོག་ཁང་དེ་ལས་གཞི་འགྲུལ་སྐྱོད་བྱེད་བཞིན་པའི་སྒང་གི་T2གནམ་གྲུ་སྒུག་སའི་ཐོག་ཁང་དང་ཉེ་བར་བཅར་ཡོད་པ་དང་། ལས་གཞི་ཧྲིལ་པོའི་ལས་གྲྭ་སྒྲུབ་པ་དེས་སྔོན་གྱི་གནམ་གྲུ་སྒུག་སའི་ཐོག་ཁང་གི་འགྲུལ་སྐྱོད་ལ་ཤུགས་རྐྱེན་བཟོ་ཡང་སྲིད། དེ་དང་མཉམ་དུ་T3གནམ་གྲུ་སྒུག་སའི་ཐོག་ཁང་གི་སུམ་ཐོག་གནམ་ཐོན་འབྲེལ་གཏུགས་བརྒྱུད་ལམ་དང་གནམ་འབུད་འབྲེལ་གཏུགས་བརྒྱུད་ལམ་དེ་T2གནམ་གྲུ་སྒུག་སའི་ཐོག་ཁང་དང་ཕན་ཚུན་སྦྲེལ་ཡོད། འདི་རྐྱེན་མཁའ་འགྲུལ་མཚམས་མི་འཇོག་པར་ལས་གྲྭ་སྒྲུབ་པའི་བདེ་འཇགས་དོ་དམ་གྱི་བླང་བྱ་མཐོ་བ་སྟེ། གནམ་ཐང་རྒྱུན་ལྡན་ལྟར་ལས་གཉེར་བྱེད་པར་ཤུགས་རྐྱེན་མི་བཟོ་བ་འགན་སྲུང་བྱ་ཆེད། ལས་གྲྭ་སྒྲུབ་པའི་དུས་སུ་ལས་སྒྲུབ་ལས་ཁུངས་ཚང་མས་འབྲེལ་ཡོད་སྒྲིག་ལམ་གཟབ་ནན་གྱིས་བརྩི་སྲུང་བྱས་ཏེ་ལས་སྒྲུབ་བྱེད་བཞིན་ཡོད། 
གྲུབ་འབྲས་བརྙན་པར། 
02
ཨར་འདམ་གྱི་དགོས་མཁོའི་ཚད་ཆེ་བ། 
            གཞན་ཡང་། ལས་གཞིར་ད་དུང་ཨར་འདམ་གྱི་མཁོ་སྤྲོད་ཚད་ཀྱི་དགོས་མཁོ་ཆེ་བས། ཇི་ལྟར་ཐོན་ཁུངས་སོ་སོ་དུས་ཐོག་ཏུ་ལེགས་པར་མཁོ་འདོན་བྱ་བ་ནི་ལས་གཞིའི་འགྲུབ་ཚད་ལ་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་བརྒྱུད་རིམ་ཞིག་ཡིན་པ་དང་། ལྷག་པར་དུ་མིག་སྔར་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་ཇེ་དམ་ནས་ཇེ་དམ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆད་པ་གཅོད་ཚད་ཇེ་ཆེ་ནས་ཇེ་ཆེར་འགྲོ་བའི་སྤྱི་ཚོགས་ཁོར་ཡུག་འོག  ཇི་ལྟར་བྱས་ནས་ཨར་འདམ་གྱི་མཁོ་སྤྲོད་འགན་སྲུང་བྱ་བ་ནི་རྣམ་གྲངས་དོ་དམ་གྱི་གཙོ་བོའི་ནང་གི་གཙོ་བ་ཞིག་ཡིན། 
03
སྒྲིག་ཆས་ཀྱི་ལྷུ་ལག་བརྗེ་སྤོར་མགྱོགས་པ་དང་། 
ལས་སྒྲུབ་རྒྱུ་ཆ་ནང་ལོགས་ནས་ཉོ་སྒྲུབ་བྱེད་དགོས། 
            གནམ་གྲུ་སྒུག་སའི་ཐོག་ཁང་གི་ལས་སྒྲུབ་ཀྱི་འགྲུབ་ཚད་དང་སྤུས་ཚད་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ། ལས་སྒྲུབ་ཕྱོགས་ཀྱིས་ལས་སྒྲུབ་གོ་རིམ་ནང་གི་སྒྲིག་ཆས་ཀྱི་ལྷུ་ལག་བརྗེ་སྤོར་མགྱོགས་ཤིང་ལས་སྒྲུབ་རྒྱུ་ཆ་ཡང་ནང་ས་ནས་ཉོ་སྒྲུབ་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་སེལ་བ་མ་ཟད། བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་ལས་སྒྲུབ་ཀྱི་འགྲུབ་ཚད་ཇེ་མགྱོགས་དང་ལས་སྒྲུབ་ཀྱི་སྤུས་ཚད་འགན་སྲུང་བྱས། ལས་སྒྲུབ་ཀྱི་ཕྱོགས་ནས། ལས་སྒྲུབ་ཕྱོགས་ཀྱིས་རྩ་གཉིས་བཤེར་རིས་བཤེར་བའི་ཨར་འདམ་ལྟ་སྐྱོང་ཟིན་ཐོ་བེད་སྤྱད་དེ་འབྲེལ་ཡོད་གཞི་གྲངས་ཕྱིར་བཏོན་པ་དང་། ལྟ་སྐྱོང་གི་གནས་ཚུལ་ཁོང་དུ་ཆུད་དེ་དབྱེ་ཞིབ་བྱེད་པ་བརྒྱུད། གཞི་གྲངས་དེ་བས་བདེན་པར་གྱུར་ཡོད་ཅིང་། ལག་པས་ལྟ་སྐྱོང་ཟིན་ཐོ་བྲིས་ཏེ་གཡོ་རྫུ་བྱེད་པར་ཡང་གཡོལ་ཐུབ། ངར་ལྕགས་ཀ་བའི་ཆ་འཕྲིན་བྱང་བུ་འགེལ་བ་བེད་སྤྱོད་ཀྱིས་མིས་ངོས་འཛིན་དང་ཡུལ་དངོས་དོ་དམ་མི་སྣའི་ཞིབ་བཤེར་བྱེད་པ་བརྒྱུད་ནས་ངར་ལྕགས་ཀ་བའི་ལས་ལོག་གི་གནས་ཚུལ་ཇེ་ཉུང་དུ་གཏོང་བ་རེད། 
            གཞན་ཡང་། འབབ་ཚིགས་ནི་ཆུ་བོའི་རོང་དུ་གནས་པའི་རྒྱུ་མཚན་གྱིས། རྨང་གཞིའི་ཐེག་ཚད་འགན་སྲུང་བྱ་བའི་ཆེད་དུ་ལྕགས་རྡོ་བླུགས་མའི་རྩ་བ་1964བཀོད་སྒྲིག་བྱས་ཏེ་སྤྱིའི་རིང་ཚད་ལ་སྨི་30000ལྷག་སླེབས་ཤིང་། ལམ་ཕྱེད་མར་སུན་གྱི་རིང་ཚད་ལས་བརྒལ་ནས་ཇོ་མོ་གླིང་མ་བཞིའི་མཐོ་ཚད་ལ་ཉེ་བ་རེད། ལས་སྒྲུབ་ཀྱི་འགྲུབ་ཚད་ལ་འགན་སྲུང་བྱ་བའི་ཆེད་དུ། འགྲུལ་སྐྱོད་ཚད་མཐོའི་སྐབས་སུ་སློག་འཁོར་འཕྲུལ་ཆས་7བཀོད་སྒྲིག་བྱས་ཏེ་ཆུ་ཚོད་24རིང་ལས་སྒྲུབ་བྱེད་བཞིན་ཡོད། ད་དུང་བྱ་དགའ་ཆད་འགེལ་ལམ་ལུགས་གསལ་བར་བཟོས་ཏེ་ལས་གཞིའི་སྤུས་ཚད་ལ་འགན་སྲུང་བྱེད་ལ། ཟླ་བ་རེར་ཕུལ་བྱུང་ཚོགས་པ་གདམ་ནས་གཟེངས་བསྟོད་དང་རེ་སྐུལ་གྱི་གསལ་བཤད་བྱེད་པ་དང་མཉམ་དུ། ཐེངས་གསུམ་མམ་དེ་ལས་མང་བའི་ལས་ཀ་གཅིག་གི་སྙན་ཞུ་བརྟག་ནོར་ཅན་གྱི་མི་ལ་ཆད་པ་གཅོད་པ་ཡང་ལག་བསྟར་བྱེད་བཞིན་ཡོད་དོ།།