ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་དགེ་འོས་སློབ་གྲྭས་“བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞིའི་”སྒོ་བྱང་འགེལ་བའི་མཛད་སྒོ་ཁེ་གསུམ་གྲོང་ཚོ་རུ་འཚོགས་པ་རེད།

སྤེལ་དུས 2019-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལྷ་ས་དགེ་འོས་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ལྷ་ས་དགེ་འོས་སློབ་གྲྭས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོར། ལྷ་ས་དགེ་འོས་སློབ་གྲྭ་དང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོ་ལུས་རྩལ་ཅུས་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ་ཁེ་གསུམ་གྲོང་ཚོའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དུ“བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ལྷ་ས་དགེ་འོས་སློབ་གྲྭ་དང་ལྷོ་ཁ་གྲོང་ཁྱེར་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དགེ་སློབ་160ཙམ་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད།
      བྱེད་སྒོའི་ནང་ལྷ་ས་དགེ་འོས་སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་ནམ་སློབ་གཙོ་གཞོན་པ་བདེ་ཆེན་དབྱངས་སྐྱིད་ལགས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པ་ཚེ་རིང་ལགས་དང་མཉམ་དུ་《གྲོས་ཆོད་ཡི་གེའི》ཐོག་མིང་རྟགས་བཀོད་པ་དང་། ལྷ་ས་དགེ་འོས་སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་འཇམ་དཔལ་ལགས་ཀྱིས་ལག་ལེན་སློབ་ཁྲིད་རྟེན་གཞིར་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་གཅིག་བཏང་ཞིང་། ལྷ་ས་དགེ་འོས་སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་འཇམ་དཔལ་ལགས་དང་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཀྲི་ཁྲེང་གཉིས་ནས་ཁེ་གསུམ་སྡེ་ཁུལ་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན”སྐོར་གྱི་ཞིབ་འཇུག་པ་འགའ་ཞིག་ལ་ལྷ་ས་དགེ་འོས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་ཀྱི་མཛུབ་སྟོན་དགེ་རྒན་ལ་གདན་འདྲེན་ཞུ་བའི་གདན་ཞུའི་ཡི་གེ་སྤྲད། མཇུག་ཏུ་དགེ་སློབ་ཡོངས་དང་འགོ་ཁྲིད་རྣམས་ཀྱི་དཔང་བྱས་ཏེ་ལྷ་ས་དགེ་འོས་སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་འཇམ་དཔལ་ལགས་དང་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཀྲི་ཁྲེང་གཉིས་ཀྱིས་མཉམ་དུ་ལྷ་ས་དགེ་འོས་སློབ་གྲྭ་དང་ལྷོ་ཁའི་སློབ་གསོ་ལུས་རྩལ་ཅུས་ཀྱི་“བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞིའི”སྒོ་བྱང་གི་ཡོལ་ཁེབས་ཕྱེས་ཤིང་། དེས་ད་ཐེངས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་མཚོན་ཡོད།

      ལྷ་ས་དགེ་འོས་སློབ་གྲྭའི་རྨང་གཞི་སློབ་གསོའི་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་དབྱང་ཕུའུ་ཡིས་གསར་འགོད་པར། “ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་གཙོ་བོ་ནི་བོད་ལྗོངས་ས་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་ཁེ་གསུམ་གྱི་མི་སྣའི་ལེགས་ཆ་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་རྣམས་ང་ཚོའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ཁྲོད་བསྡུ་སྒྲིལ་བྱ་རྒྱུ་དེ་ཡིན་ལ། དེ་དང་ཆབས་ཅིག་ང་ཚོས་ཁེ་གསུམ་གྲོང་ཚོའི་སློབ་ཁྲིད་ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་མཉམ་ལས་ཞིབ་འཇུག་རྟེན་གཞི་ཞིག་ཏུ་བརྩིས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བ་བྱེད་དགོས་ཤིང་། ལས་དོན་འདི་ཉིད་བྱེད་སྟངས་གལ་ཆེན་ཞིག་ཏུ་བརྩིས་ནས་ང་ཚོའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་ལ་སྔོག་ཞིབ་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་སུ་དེ་ཉིད་སྔར་བས་ཀྱང་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། ”ཅེས་གསུངས་པ་རེད།
      ལྷ་ས་དགེ་འོས་སློབ་གྲྭ་དང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོ་ལུས་རྩལ་ཅུས་གཉིས་ཀྱིས་མཉམ་དུ“ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་ཚན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞི”བསྐྲུན་པ་དེས་ལྷ་ས་དགེ་འོས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་སྒྱུར་བཅོས་དང་། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བྱེད་པ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་ཅིང་། ལྷ་ས་དགེ་འོས་སློབ་གྲྭའི་སྒོ་འབྱེད་སློབ་གཉེར་དང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། ཁེ་གསུམ་གྲོང་ཚོའི་སྡོད་དམངས་ཨུ་ལྷན་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་པའི་ཆ་ནས་སློབ་གསོའི་འགན་ནུས་དྲིལ་བསྒྲགས་གང་ལེགས་དང་མི་སྣ་གསོ་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་པ་ཡིན་ནོ། །