ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-10-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ནེ་པ་ལས་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ལྷན་དུ་ཁྱབ་བསྒྲགས་གནང་བ།

      ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཀ་ཏ་མན་རྡུར་ཕེབས་འབྱོར་ཟིན་སྟེ་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
      ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་55ཡི་ཐོག་ཆེད་གཏོང་གནམ་གྲུ་ཀ་ཏ་མན་རྡུའི་ཐེ་ལི་པུ་དབན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་ཞི་ཅིན་ཕིང་གནམ་གྲུ་ནས་བབ་གནང་བ་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་སྲས་མོ་ཨུ་ཧྲ་ཁྲིད་དེ་སྐས་འཛེག་མདུན་དུ་སྤྲོ་སེམས་ཆེན་པོས་ཕེབས་བསུ་ཞུས་པ་རེད། ཨུ་ཧྲས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་དང་གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ཏེ་ཅེར་ལྟའི་གུས་འདུད་ཞུས་པ་རེད།
      པན་ཏ་ལིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ནེ་པ་ལའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དགའ་བསུའི་མཛད་སྒོ་འཚོགས་ཤིང་། ཞི་ཅིན་ཕིང་ས་གནས་ས་ཐོག་ཏུ་ཕེབས་འབྱོར་ཟིན་སྐབས་པན་ཏ་ལིས་སྐུ་མདུན་དུ་ཕེབས་ནས་ཕེབས་བསུ་ཞུས་པ་དང་ནེ་པ་ལའི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ཤིང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་ཐེངས་21གྲགས། ཞི་ཅིན་ཕིང་གིས་པན་ཏ་ལིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་གཟིགས་ཞིབ་གནང་ཟིན་རྗེས་དམག་མིའི་རོལ་ཆ་ཚོགས་པས་སླར་ཡང་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་ནེ་པ་ལ་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་པན་ཏ་ལིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་རེད།
      ཞི་ཅིན་ཕིང་གིས་ནེ་པ་ལའི་མི་དམངས་ལ་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་ཀྲུང་གོ་དང་ནེ་པ་ལ་དབར་ཕན་ཚུན་རི་ཆུ་འབྲེལ་བ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་བཟང་པོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་64རིང་རྒྱལ་ཁབ་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱས་པ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་ལམ་ལུགས་མི་འདྲ་བ་དང་། རྒྱལ་ཁབ་ཆེ་ཆུང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་མིག་དཔེ་བཏོད་ཡོད། ངས་ནེ་པ་ལའི་འགོ་ཁྲིད་དང་མཉམ་དུ་མཛའ་གྲོགས་ལྷུག་པོར་གླེང་བ་དང་མཉམ་ལས་མཉམ་གྲོས་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲི་བྱས་པ་བརྒྱུད་ཀྲུང་ནེའི་འབྲེལ་བ་ཟབ་ཏུ་དང་རྒྱལ་ཁབ་གཉིས་པོའི་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རེ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
      ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུའི་ཙུང་ཐུང་ལས་ཤག་ཏུ་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་ལ་གཞིགས་ནས་ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ལྷན་དུ་ཁྱབ་བསྒྲགས་གནང་བ་རེད།
      ཞི་ཅིན་ཕིང་གིས་འདི་ལོའི་ཟླ་4པར་པེ་ཅིང་དུ་སྐུ་ཉིད་ཀྱིས་ང་ནེ་པ་ལར་འཚམས་འདྲིར་ཡོང་རྒྱུའི་གདན་ཞུ་གནང་བྱུང་། ངས་ཞལ་ཆད་ལྟར་དེ་རིང་འདི་གར་ཡོང་བ་དང་ཙུང་ཐུང་མཁྱེན་ལྡན་མས་གསུངས་པ་ལྟར་ཀྲུང་ནེའི་དབར་མཛའ་གྲོགས་དང་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡོད། གནམ་ཐང་དང་ལམ་བརྒྱུད་ཀྱི་དགའ་བསུ་ཞུ་མཁན་མི་ཚོགས་ཀྱི་བཞིན་ལས་ནེ་པ་ལའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་མཐོང་བྱུང་ལ་ཁོང་ཚོས་ཀྲུང་གོ་མི་དམངས་ལ་སྙིང་དབུས་ནས་མཛའ་གྲོགས་ཀྱི་རྣམ་འགྱུར་འཆང་ལུགས་ཀྱང་མྱོང་ཚོར་བྱུང་བས་ནེ་པ་ལར་ཀྲུང་ནེའི་མཛའ་གྲོགས་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་རྩ་བ་བརྟན་པོ་ཡོད་པ་ང་ལ་སླར་ཡང་མྱོང་ཚོར་ཟབ་མོ་བྱུང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་ཡིན་ལ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་འགྲོ་འོང་གི་དཔེ་མཚོན་ཞིག་ཀྱང་ཡིན། ངའི་རེ་བར་ད་ཐེངས་འཚམས་འདྲི་བྱས་པ་བརྒྱུད་ཀྲུང་ནེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་ཡང་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
      ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཀྲུང་ནེའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དེ་ཀྲུང་ནེའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཕུགས་ཀྱི་དམིགས་ཚད་དུ་འཇོག་དགོས། 
      ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་དང་ཀྲུང་གོར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ནེ་པ་ལས་རྒྱལ་ཁབ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་མཉམ་ལས་བཀོད་པ་བསྐྲུན་ནས་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་མ་ཐག་ཡིན། ལོ་ངོ་བདུན་ཅུ་ཡི་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་བརྒྱུད་པའི་ལོ་ངོ་བདུན་ཅུ་ཡིན་པ་དང་། དེ་ནི་སྤྱིར་བཏང་མིན་པའི་ལམ་བུ་ཞིག་ཡིན་པས་མེ་ཏོག་སོས་པ་དང་དགའ་བསུ་ཐོབ་མྱོང་ལ་ཀྱག་ཀྱོག་དང་འགྲན་སློང་ཡང་འཕྲད་མྱོང་ཡོད། ང་ཚོས་མུ་མཐུད་སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་དང་། སྒོ་དབྱེ། དར་རྒྱས་བཅས་ཀྱི་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ནེ་པ་ལ་དང་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་རེད་ཅེས་གསུངས་པ་རེད།
      པན་ཏ་ལི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སླར་ཡང་རྟེན་འབྲེལ་ཞུས་ཏེ། ནེ་པ་ལ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་སར་བྱས་ནས། ཀྲུང་གོའི་མི་དམངས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། དེས་ནེ་པ་ལ་དང་ས་ཁུལ་གྱི་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་ཕན་བདེ་བསྐྲུན་ངེས་རེད་ཅེས་གསུངས་པ་རེད།
      པན་ཏ་ལི་ཡིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལོ་23གྱི་རྗེས་སུ་སླར་ཡང་ནེ་པ་ལར་འཚམས་འདྲིར་ཕེབས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ནེ་ཀྲུང་གིས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཁྱབ་བསྒྲགས་བྱས་པས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་བརྟན་དུ་བཏང་ཁར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་ནེ་ཀྲུང་འབྲེལ་བ་དུས་རབས་གསར་པར་སླེབས་པར་སྐུལ་འདེད་གཏོང་སྲིད། ཀྲུང་གོ་ཕྱོགས་ཀྱིས་ལོ་མང་རིང་རྒྱབ་སྐྱོར་དང་རོགས་སྐྱོར་ཆེན་པོ་བྱས་པར་ནེ་པ་ལའི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱས་ནས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་བེད་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གང་ཡང་གཏན་ནས་སྤེལ་དུ་འཇུག་གི་མིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོའི་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ལ་བསྔགས་བརྗོད་བྱས་པ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ལ་ཧུར་ཐག་ཞུགས་ཏེ། ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་ནས། ནེ་པ་ལར“དར་རྒྱས་ཀྱི་ནེ་པ་ལ་དང་། བདེ་སྐྱིད་ལྡན་པའི་ནེ་པ་ལ་བའི”བསམ་འདུན་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཚེས་12ཉིན་ནེ་པ་ལར་སྤྱི་སྤྱོད་རླངས་འཁོར་གཡང་ནས་ཟགས་ཏེ་མི་མང་པོ་འཆི་རྨས་བྱུང་བར་པན་ཏ་ལིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་པན་ཏ་ལི་ཡིས་ཐུགས་རྗེ་ཆེ་ཞུས་པ་རེད།
      ཏིང་ཞུའེ་ཤང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཕུང་སོགས་མཇལ་འཛོམས་ལ་ཞུགས་པ་རེད།
རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།