2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏང་འཛུགས་སྐྱོང་གི་སྲོལ་གསར་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ།

སྤེལ་དུས 2019-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
—— མངའ་རིས་ས་ཁུལ་གྱི་རྩ་འཛུགས་ཀྱི་ལས་དོན་ལས་བཀྲག་མདངས་འཚེར་བ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་སྣེ་ཁྲིད་དུ་བྱེད་པ་དང་། “དད་སེམས་གཏོད་པ་དང་། རྩ་འཛུགས་སྟོབས་ཆེར་གཏོང་བ། དཔུང་ཁག་འཛུགས་སྐྱོང་བྱེད་པ། ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ”བཅས་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་པ། དོན་དངོས་ལ་གཞི་ཚུགས་ཏེ་ཁྱད་ཆོས་གསར་གཏོད་དང་བཀྲག་མདངས་འཚེར་ས་མངོན་པ། གསར་གཏོད་ལ་དམིགས་ཏེ་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། རྩ་འཛུགས་ཀྱི་ལས་ཀའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། དར་ཆ་མཐོན་པོར་བསྒྲེངས་ནས་འབད་འབུངས་མདུན་སྐྱོད་ཀྱི་འབད་འཐབ་གླུ་དབྱངས་ཤིག་དཀྲོལ་བ་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་དཔེ་རིས་ཤིག་ཀྱང་བཀོད་ཡོད།
             ཆབ་སྲིད་ཀྱི་འཇོན་ཐང་མངོན་གསལ་དོད་དུ་གཏོང་བ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་བ།
             ཁུལ་ཁོངས་ཀྱི་ཁྱད་ཆོས་དང་ལས་རིགས་ཀྱི་ལེགས་ཆར་དམ་པོར་དམིགས་ཏེ“བོད་ལྗོངས་ནུབ་རྒྱུད་ཀྱི་ལྟེ་གནས། ཏང་འཛུགས་སྐྱོང་གི་གདོང་ལེན་བ”སོགས་རྫོང་7གྱི་ཡན་ལག་སྤུས་རྟགས་དང་། “ལས་ཁུངས་ཀྱི་མཁར་རྫོང་། ལས་གནས་ཀྱི་གདོང་ལེན་བ”སོགས་ལས་རིགས་ཁོངས་གཏོགས་7དང“མཐའ་མཚམས་སྲ་བརྟན་གྱི་མཁར་རྫོང་བརྟན་དུ་བཏང་སྟེ་མཐའ་མཚམས་བརྟན་སྲུང་གི་གདོང་ལེན་བ་བརྩོན་ལེན་བྱེད་པའི”མཐའ་མཚམས་ཏང་འཛུགས་སྐྱོང་གི་ཡན་ལག་སྤུས་རྟགས་བཏོད་དེ། སྤུས་རྟགས་ལ་བརྟེན་ནས་མངའ་རིས་ཀྱི་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་ཡོངས་ནས་སྐུལ་འདེད་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་ཡོད།
             གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“གནད་གཅིག་ལ་དམ་འཛིན་གྱིས་དཔེ་སྟོན་དང་། གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་འཁྲིད་པ། ཕྱོགས་ཡོངས་ནས་སྐུལ་འདེད”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། “རྣམ་པ་བརྒྱད”ཀྱི་ཏང་རྩ་འཛུགས་ཀྱི་དཔེ་མཚོན་དཔེ་སྟོན་ས་ཚིགས་9བཏོད་པ་དང་། “གྲོང་ཚོ་ཨང་དང་པོ་13”གཏོད་པ། “གཅིག་རེ་བཞིའི”ཏང་ཡོན་དམངས་ཕན་ཞབས་ཞུའི་ས་ཚིགས་52བསྐྲུན་ཏེ། ཏང་འཛུགས་སྐྱོང་གིས་དཔེ་སྟོན་དང་ཏང་ཡོན་གྱི་ཞབས་འདེགས་གྲོང་རྡལ་དང་། ཤང་། གྲོང་ཚོ། ཁེ་ལས། སློབ་གྲྭ་སོགས་ཁྱབ་ཁོངས་ཁག་ལ་ཡོངས་སུ་ཁྱབ་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཟམ་མི་ཆད་སྟོབས་ཆེར་སོང་བ། དམག་འཐབ་མཁར་རྫོང་གི་ནུས་པ་མངོན་གསལ་དོད་དུ་སོང་ཡོད།
             གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་པ།
             མངའ་རིས་ས་ཁུལ་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ཏང་ཡོན་གྱི་སློབ་གསོ་འགོ་འཛུགས་སར་བྱེད་པ་དང་། ས་མཐོའི་མཐའ་མཚམས་ཀྱི་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་བསྟུན་པ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱེད་པ། བོད་ཀྱི་ནུབ་རྒྱུད་ཀྱི་བསམ་པའི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་ནས། ཏང་ཡོན་དང་ལས་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། དཀའ་སྤྱད་འབད་བརྩོན། འབད་འབུངས་མདུན་སྐྱོད་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
             ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གསར་བརྗེའི་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་རྙིང་པ་དང་། སྔོན་སྐྱོད་ལན་ཤོག་གི་རྗེས་ཤུལ། ཁུང་ཧྥན་སེན་གྱི་དྲན་གསོ་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་སྲུང་སྐྱོང་དང་ཉམས་བཟོ་བྱས་པ་དང་། སྔོན་སྐྱོད་ལན་ཤོག་གི་དྲན་གསོའི་འགྲེམས་སྟོན་ཐིང་དང་འཆམ་གུག་གྲོང་ཚོའི་སྒྱུར་བཅོས་དཔེ་སྟོན་ས་ཚིགས་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་གསར་པ་ཁག་གཅིག་ཧུར་ཐག་བཏོད་ནས། “ལྗོངས་རྣམ་ཅན་དང་། མྱོང་རོལ་ཅན། ཉམས་ལེན་ཅན”བཅས་ཀྱི་སློབ་གསོའི་རྣམ་པ་ཞིག་བཏོད་ཡོད།
             གཞི་རིམ་གྱི་མཁར་རྫོང་སྟོབས་ཆེན་བསྐྲུན་པ་དང་ཞབས་འདེཌ་འཇོན་ཐང་ཆེ་རུ་བཏང་བ།
             ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་པ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ་གཏོང་བ་བཅས་ཀྱི་གཞི་རྩའི་གཡུལ་ས་ཞིག་རེད། མངའ་རིས་ས་ཁུལ་གྱིས་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཏང་གིས་མངའ་རིས་སུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་རྨང་གཞིའི་འདུ་འགོད་ཅིག་ལ་རྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་སུ་ལས་རིགས་ཁོངས་གཏོགས་དང་། ཞིང་འབྲོག་ཁུལ་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན“ཡོངས་ཁྱབ་གཉིས”ཀྱི་འདུ་འགོད་སྔོན་ལ་ལག་བསྟར་བྱས་པ་རེད།
             ཚད་ལྡན་ཅན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་རིང་། མངའ་རིས་ས་ཁུལ་གྱིས་བྱེད་སྒོ་སྤེལ་ཡུལ་ནི་ཏང་གི་ཡིན་པ་དང་གཡུལ་ས་དམངས་ཀྱི་ཆེད་དུ་སྐྲུན་པའི་བྱེད་ནུས་དང་ངེས་གནས་མངོན་གསལ་དོད་དུ་གཏོང་བ་དང་ཞིང་འབྲོག་པའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། འདུམ་འགྲིག་ཁང་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་། དམངས་ཕན་ཇ་ཁང་སོགས་ཁྱད་ལྡན་ནུས་པ་བཀོད་སྒྲིག་བྱས་ནས་ཆ་རྐྱེན་འཛོམས་པའི་གྲོང་ཚོར(གྲོང་ལྷན)གྲོང་ཚོའི་ལོ་རྒྱུས་དྲན་རྟེན་ཁང་འཛུགས་སྐྲུན་བྱས་ཏེ། བྱེད་སྒོ་སྤེལ་ཡུལ་ཁྱད་ཆོས་ལྡན་པ་དང་སྤྱོད་གོ་ཆོད་པའི་འགན་ལེན་བྱས་པ་རེད།