ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མངའ་རིས་ཏེ། ཁྱེད་རང་དགའ་སའི་རེ་སྨོན་དང་རྒྱང་རིང་གནས་འདི་རུ་ཡོད།

སྤེལ་དུས 2019-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་13ཉིན།  སེམས་སུ་“རེ་སྨོན་དང་རྒྱང་རིང་”ལ་བཅངས་བཞིན། 2019ལོའི་བོད་ལྗོངས་སྙན་ངག་དུས་ཆེན་སྐབས་དང་པོའི་བྱེད་སྒོ་ཚོགས་ཆུང་མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་དུ་སླེབས་ཤིང་། ཉིན་དེའི་ཕྱི་དྲོར། མཛེས་སྡུག་ལྡན་པའི་དུང་མཚོའི་འགྲམ་། དང་། ཨ་སྔོན་དགུང་གི་སྤྲིན་དཀར་དང་དོག་མོ་ས་ཡི་འབྲི་གཡག་གི་འགྲོ་རོགས་འོག   “འགུལ་སྐྱོད་ཁྲོད་ཀྱི་སྙན་ངག་དུས་ཆེན”ཞེས་པའི་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ་བ་རེད། 

    འདི་ནི་མཛེས་སྡུག་ལྡན་པའི་མངའ་རིས་ཀྱི་ཡུལ་ལྗོངས་རེད། 
      བྱེད་སྒོའི་ཡུལ་དངོས་སུ། ཆེད་ལས་དང་ཆེད་ལས་མ་ཡིན་པའི་སྙན་ངག་པ་དང་སྙན་ངག་གྱེར་འདོན་པ་དག་གིས་ཐེངས་འདིའི་འགྲུལ་བཞུད་ཁྲོད་རང་ཉིད་ཀྱིས་གསར་དུ་བརྩམས་པའི་སྙན་ངག་དང་ཡང་ན་རང་ཉིད་དགའ་སའི་སྙན་ངག་གྱེར་འདོན་བྱས་ཤིང་།  དེའི་ཁྲོད། གཞས་ཚིག་གི་རྩོམ་པ་པོ་ལི་ཞའོ་ཅུན་གྱིས་ཁོ་རང་གིས་བརྩམས་པའི་སྙན་དེབ《མཁའ་དབྱིངས་ཀྱི་མངའ་རིས》ཞེས་པ་འགྲེམས་སྤེལ་དང་གྱེར་འདོན་བྱས་ཏེ། མངའ་རིས་དང་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས།
       
འདི་ནི་སྙན་ངག་པས་དུང་མཚོའི་འགྲམ་དུ་སྙན་ངག་གྱེར་འདོན་བྱེད་པའི་རྣམ་པ་རེད། 

    འདི་ནི་སྙན་ངག་པས་དུང་མཚོའི་འགྲམ་དུ་སྙན་ངག་གྱེར་འདོན་བྱེད་པའི་རྣམ་པ་རེད། 

    འདི་ནི་སྙན་ངག་པས་དུང་མཚོའི་འགྲམ་དུ་སྙན་ངག་གྱེར་འདོན་བྱེད་པའི་རྣམ་པ་རེད།
    
འདི་ནི་2015ལོར་ལི་ཞའོ་ཅུན་གྱིས་ཐེངས་དང་པོར་རླངས་འཁོར་བསྐོར་ནས་རི་བོ་གདང་ལ་བརྒལ་ཏེ་མངའ་རིས་སུ་བསྐྱོད་པའི་རྣམ་པ་རེད།
      ལི་ཞའོ་ཅུན་གྱིས་“2019ལོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོ་ནི་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་དོན་ཞིག་ཡིན་ཞིང་། ང་རང་སྐུ་མགྲོན་གྱི་ཐོབ་ཐང་གིས་བྱེད་སྒོའི་ནང་དུ་ཞུགས་པར་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་། དེ་དང་ཆབས་ཅིག  སྙན་ངག་པ་དང་། སྙན་ངག་གྱེར་འདོན་པ། རོལ་དབྱངས་མཁས་ཅན། པར་ལེན་མཁས་ཅན་ཚོ་དང་ལྷན་དུ་བོད་ལྗོངས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་དང་། ཁོང་ཚོ་དང་མཉམ་དུ་བོད་ལྗོངས་དང་འབྲེལ་བའི་སྙན་ངག་གསར་རྩོམ་དང་གྱེར་འདོན་བྱས་ནས་གངས་ལྗོངས་ས་མཐོར་བཅངས་པའི་དགའ་ཞེན་མཚོན་པར་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་བཤད་བྱུང་། དེ་མིན་ཁོ་རང་ཉིད་ཀྱི་གསར་རྩོམ་བྱས་པའི་སྙན་ངག་དེབ་ཆུང་《མཁའ་དབྱིངས་ཀྱི་མངའ་རིས》ཞེས་པ་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་དུང་མཚོ་ས་ཚིགས་སུ་འགྲེམས་སྤེལ་དང་གྱེར་འདོན་བྱེད་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་།  ཁོང་གིས་ཀྱང་དྲིན་ཚོར་གྱི་བསམ་པ་བཅངས་ནས་གཞས་གདངས་རྩོམ་མཁན་དང་གཞས་པ་དང་མཉམ་འབྲེལ་བྱས་ཏེ《མཁའ་དབྱིངས་ཀྱི་མངའ་རིས》ཞེས་པའི་གཞས་ཚིག་འདི་སྙན་མོ་ངག་གི་དབྱངས་རྟ་ལ་རྒྱུས་ནས་ཁྲོམ་གཞུང་ཆེ་ཆུང་གང་སར་ཁྱབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད། 
      2019ལོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་བྱེད་སྒོའི་ནང་ཞུགས་མཁན་གྱི་སྙན་ངག་ལ་དགའ་མཁན་ཚོས“སྙན་ངག་ནི་རྒྱང་རིང་དུ་ཡོད་ཅིང་། སྙན་ངག་ནི་བཞུད་ལམ་ཁྲོད་བྱུང་བས། དལ་གྱིས་འགྲོ་ཞོར་ལྷོད་ཀྱིས་གྱེར་ཞིང་། ལྷོད་ཀྱིས་འགྲོ་ཞོར་གཞས་ཀྱིས་འགུག་”པའི་ཐབས་ལམ་སྤྱད་དེ། མངའ་རིས་ཀྱི་བྱང་ནས་ལྷོ་རུ་འགྲོ་བའི་ལམ་ཐིག་རྩེ་གྲ་བརྒྱུད་ནས་ཆས་ཤིང་། “མདུན་བསྐྱོད་ཁྲོད་ཀྱི་སྙན་ངག་དུས་ཆེན་”གྱིས་“རེ་སྨོན་དང་རྒྱང་རིང་”འཚོལ་བའི་ལམ་དུ། བོད་ལྗོངས་ལ་བསྟོད་གླུ་དང་སྙན་ཚིག་འབུལ་བཞིན། བོད་ལྗོངས་ཀྱི་རྔམ་བརྗིད་ཆེ་ཞིང་མཛེས་སྡུག་ལྡན་པ་དང་འགྱུར་ལྡོག་ཆེན་པོར་རོལ་མྱོང་བྱས།