ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་གུ་གེའི་གནའ་ཤུལ་གྱི་མདུན་དུ་སྤེལ་བ།

སྤེལ་དུས 2019-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་ཞང་ཞུང་ནས་ཡོང་བའི“སྙན་ངག་གི་དུས་བཞིའི་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གུ་གེའི་གནའ་ཤུལ་མདུན་དུ་སྤེལ་བ་རེད། 
འདི་ནི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་ཚོགས་ར་གཙོ་བོའི་ཡུལ་དངོས། 
             2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོ་དེ་ལྷ་ས་ནས་འགོ་བཙུགས་ཏེ་བྱང་ཐང་རྩྭ་ཐང་བརྒྱུད་གནས་མཆོག་མངའ་རིས་སུ་འབྱོར་ཞིང་།“འགྲུལ་བཞུད་ཁྲོད་ཀྱི་སྙན་ངག་དུས་ཆེན”གྱི་རྣམ་པའི་ཐོག་ནས་ལམ་བར་དུ་“སྙན་ངག་དང་རྒྱང་རིང་”འཚོལ་ཞིབ་བྱེད་རྒྱུ་དང་། སྙན་ངག་གསར་རྩོམ་དང་གྱེར་འདོན་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསྟོད་གླུ་ཕུལ་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བའི་དུས་རབས་ཀྱི་འཕོ་འགྱུར་དང་གངས་ལྗོངས་ས་མཐོའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས་པ་རེད། 
             མཁའ་དབྱིངས་མངའ་རིས་ཀྱི་བརྗིད་ཉམས་ཆེ་ཞིང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་ཀྱི་རིག་གནས་ནི་སྙན་ངག་པའི་“དག་ཞིང་”ཡིན་ཞིང་། 2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོའི་ཚོགས་ར་གཙོ་བོ་གུ་གེའི་གནའ་ཤུལ་དུ་བདམས་ཤིང་། དེའི་དམིགས་ཡུལ་ནི་སྙན་ངག་དུས་ཆེན་གྱི་རྣམ་པ་བརྒྱུད་གུ་གེའི་གནའ་ཤུལ་དྲིལ་སྒྲོག་བྱས་ཏེ་མངའ་རིས་རོང་ཆེན་ཡུལ་སྐོར་ས་ཁུལ་གྱི་སྙན་གྲགས་མཐོ་རུ་བཏང་སྟེ་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་།མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་སྐས་རིམ་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། 
གུ་གེའི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
             ཚོགས་ར་གཙོ་བོའི་ཡུལ་དངོས་ཏེ་རྩྭ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གནའ་བོའི་གུ་གེ་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། སྙན་ངག་ལ་དགའ་མོས་ཅན་དང་རྩྭ་མདའ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མས《ཆིན་ཡོན་དཔྱིད•གངས》དང《ངའི་ཉི་མ》《ཚ་མོ》《མངའ་རིས་ཀྱི་ལེ་ཚན་གསུམ》《ཚྭ་བ་འགེལ་མཁན་ཚེ་རིང་དབང་ཆེན་》སོགས་སྙན་ངག་གྱེར་འདོན་བྱས་པ་རེད། 
གངས་ལྗོངས་ཤོན་གཞས་གསར་གཏོད་མཁན་ལིའུ་ཤོན་གྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
འདི་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་(རང་སྐྱོང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས)གི་ཏང་ཨུད་ཀྱི་ཧྲུའུ་ཅི། སྙན་ངག་པ་ཨའོ་ཁྲའོ་ཡིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
སྙན་ངག་ལ་དགའ་མོས་ཅན་ཡའོ་ཏ་ཝུའེ་ཡིས་སྙན་ངག་གྱེར་འདོན་བྱེད་བཞིན་པ། 
             བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི། སྙན་ངག་པ་ཨའོ་ཁྲའོ་ཡིས་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་སྙན་ངག《ཚྭ་བ་འགེལ་མཁན་ཚེ་རིང་དབང་ཆེན་》ཞེས་པ་གྱེར་འདོན་བྱས་པ་དང་། ཁོང་གིས“ཚེ་རིང་དབང་ཆེན་ནི་རྒྱལ་ཁབ་རིམ་པའི་ཚྭ་འགེལ་གཞན་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ཡིན་ལ། དེ་རིང་འདི་ནས་སྙན་ངག་འདི་ཉིད་གྱེར་འདོན་བྱས་པ་ནི་བགྲེས་པོ་ཁོང་ལ་རྗེས་དྲན་ཞུས་པ་ཡིན”ཟེར། 
འདི་ནི་བྱེད་སྒོའི་ཚོགས་ཆུང་གིས་སྐབས་འདིའི་སྙན་ངག་དུས་ཆེན་གྱི་བརྗོད་དོན་གླུ་གཞས་《བོད་ལྗོངས་ནི་སྙན་ངག་དང་རྒྱང་རིང་ཡིན》ཞེས་པ་འཁྲབ་སྟོན་གནང་བཞིན་པ་རེད།
             “ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མི་དེ་བས་མང་པོས་མངའ་རིས་ལ་ཤེས་རྟོགས་དང་མངའ་རིས་ལ་ངོས་འཛིན་ཐོབ་རྒྱུ་ཡིན་ལ། དེས་མངའ་རིས་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་ཀུན་ལ་སྙན་ངག་གི་ཉམས་དོད་ཅིང་འཕེལ་རྒྱས་དང་རྟུལ་ཕོད་ཀྱི་མངའ་རིས་ཤིག་ངོམ་རྒྱུ་དེ་ཡིན ”ཞེས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་བྱམས་པ་ཚེ་རིང་གིས་དེ་སྐད་བརྗོད་བྱུང་། 
             2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོ་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་བཅས་ཀྱིས་གཙོ་གཉེར་གནང་པ་དང་། བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས།རྩྭ་མདའ་རྫོང་མི་དམངས་སྲིད་གཞུང་། མངའ་རིས་རོང་ཆེན་གསར་སྤེལ་ཚད་ཡོད་ཀུང་སི། གངས་ལྗོངས་ཤོན་གཞས། སྐལ་བཟང་མེ་ཏོག་བཞད་སོགས་སྤྱི་ཕན་རང་བཞིན་གྱི་སྙན་ངག་ལས་སྟེགས་ཀྱིས་གཉེར་འགན་འཁུར་གནང་བ་ཞིག་རེད།