2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྱིམ་ཚང་མགྲོན་ཁང་གཉེར་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

སྤེལ་དུས 2019-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
ཀོང་པོ་རྒྱ་མདའ་རྫོང་མཚོ་འགོ་ཤང་བརྗེད་པ་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐོར།
འདི་ནི་ཚེ་རིང་བདེ་སྐྱིད་དང་གཅུང་པོ་རྡོ་རྗེ་དབང་གྲགས་ཡིན་པ།
              བྲག་གསུམ་མཚོ་ནི་བོད་ཀྱི་གནས་མཚོ་ཆེ་གྲས་བཞིའི་གྲས་ཤིག་ཡིན་ཞིང་། 2016ལོར་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་ནས། བོད་ཀྱི་A5རིམ་པའི་སྣོད་བཅུད་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཨང་དང་པོར་གྱུར་ཞིང་། ད་ཆ་མི་རྣམས་ཉིང་ཁྲིར་ཡུལ་སྐོར་དུ་སྐྱོད་སྐབས། ཡིན་གཅིག་སྐྱོད་དགོས་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་ཆགས་པ་རེད། ད་ཐེངས་བཅར་འདྲི་ཚོགས་ཆུང་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་ནས་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་རྗེས། རིམ་མཐོའི་གཞུང་ལམ་ནས་བབས་ཏེ་བྲག་གསུམ་མཚོའི་ཆེད་སྤྱོད་ལམ་དུ་ཞུགས་པ་ཡིན་ལ། ལམ་བར་དུ་མཛེས་ལྗོངས་ལྟ་ན་སྡུག་ཅིང་། གཞུང་ལམ་གྱི་གཡས་གཡོན་ཚང་ཚིང་ནགས་ཀྱིས་ཡོངས་སུ་བཏུམས་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་ལྟ་སྐབས། གནམ་སྔོན་མོ་ས་ལ་ལྷུང་འདྲའི་བྲག་གསུམ་མཚོ་ཡིས་མི་ཚོའི་ཡིད་ཀྱི་དབང་པོ་རབ་ཏུ་བཀུག་ནས། ཡང་ཡང་ཕྱིར་མིག་བགྲད་བཞིན་མཆིས་ལ། མཛེས་ལྗོངས་ཁུལ་གྱི་སྐོར་ལམ་དེད་ནས་སྤྱི་ལེ་15ཙམ་བསྐྱོད་མཐར་བརྗེད་པ་གྲོང་ཚོར་སླེབས།
              བརྗེད་པ་གྲོང་ཚོ་ནི་ཀོང་པོ་རྒྱ་མདའ་རྫོང་མཚོ་འགོ་ཤང་དུ་གནས་ཤིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་དབར་སྤྱི་ལེ་130ཙམ་ཡོད་པ་དང་། ས་བབ་མཐོ་ཚད་ལ་སྨི་3405ཡོད། གྲོང་ཚོ་དེ་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་གནས་པས། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་མང་ཚོགས་ཀྱིས་ས་གནས་ཀྱི་ལེགས་ཆར་བརྟེན་པ་དང་། སྣོད་བཅུད་ལ་གཞི་ཚུགས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད།
              རྒོད་སྐྱེས་ཁྱིམ་ཚང་མགྲོན་ཁང་ནི་1993ལོར་བཙུགས་ཤིང་། བརྗེད་པ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་རེད། “སྐབས་དེར་ཡུལ་སྐོར་ལས་རིགས་དར་རྒྱས་ཆེན་པོ་མེད་པས་གཙོ་བོ་གནས་སྐོར་བར་དམིགས་ནས་གཉེར་བ་ཞིག་རེད། མགྲོན་ཁང་ཞེས་བརྗོད་ནའང་དོན་དངོས་ཐོག་ཤིང་ཁང་ཆུང་ཆུང་ཞིག་ལས་མེད། ང་རང་མནའ་མར་སླེབས་རྗེས་རིམ་བཞིན་རྒྱ་བསྐྱེད་བྱས་པ་དང་། ལྷག་པར་དུ་2010ལོར་ཡུལ་སྐོར་ཅུས་ནས་སྐྱེད་མེད་བུ་ལོན་སྒོར་ཁྲི་10གཡར་བ་དང་། དེའི་སྟེང་གི་རང་ཉིད་ཀྱི་དངུལ་ཕྲན་བུ་བསྣན་ཏེ་ཁྱིམ་ཚང་མགྲོན་ཁང་གི་གཞི་རྒྱ་ཆེ་རུ་བཏང་བ་ཡིན། སྐབས་དེར་ངེད་ཁྱིམ་ཚང་མགྲོན་ཁང་ནི་གྲོང་ཚོ་ཡོངས་ཀྱི་ཉལ་ཁང་རེར་གསང་སྤྱོད་རེ་ཡོད་པའི་མགྲོན་ཁང་གཅིག་པུ་དེ་ཡིན་པས། ཚོང་ཡང་ཧ་ཅང་ཡག་པོ་འདུག”ཅེས་ད་ལོར་ལོ་30ལ་སླེབས་ཙམ་ཡིན་ཀྱང་། ལོ་10ཡི་རིང་ཁྱིམ་ཚང་མགྲོན་ཁང་གཉེར་བའི་ལོ་རབས་90པའི་ནང་སྐྱེས་ཀྱི་སྦྱིན་བདག་བསོད་ནམས་སྒྲོལ་དཀར་གྱིས་སྤོབས་པ་དང་བཅས་འདི་ལྟར་བཤད་བྱུང་། ཁོང་གིས་མུ་མཐུད“མ་གཞི་ད་ལྟ་མགྲོན་ཁང་གི་ཚོང་ཡག་པོ་ཡོད་པ་དང་ལོ་རེའི་ཡོང་འབབ་ཀྱང་ཁྲི་13ནས་ཁྲི་15བར་ཡོད་མོད། འོན་ཀྱང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས། ཁྱིམ་ཚང་མགྲོན་ཁང་ལ་སྡོད་པའི་རེ་བའང་ཉིན་རེ་ལས་མ་འདས་པར་མཐོ་རུ་འགྲོ་བཞིན་ཡོད་པས། སྐུ་མགྲོན་དེ་བས་མང་བའི་དགོས་མཁོ་སྐོང་ཆེད། ད་ལོ་ངེད་བཟའ་ཚོས་མགྲོན་ཁང་གཉིས་ཀྱི་རྒྱབ་ཏུ་སླར་ཡང་རྒྱ་ཁྱོན་སྨི་ངོས་གྲུ་700ཡོད་པའི་ཁྱིམ་ཚང་མགྲོན་ཁང་སྤུས་དག་ཅིག་བརྒྱབ་པ་ཡིན། སང་ལོའི་ཟླ་བ་5པར་ཚོང་གཉེར་བྱེད་རྩིས་ཡོད”ཅེས་མ་འོངས་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འདི་ནི་བསོད་ནམས་སྒྲོལ་དཀར་གྱིས་ཁྱིམ་ཚང་མགྲོན་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
              ཤེས་རྟོགས་བྱུང་བར་གཞིགས་ན། བརྗེད་པ་གྲོང་ཚོར་ཁྱོན་དུད་ཁྱིམ་131ཡོད་པ་ལས། ད་ཆ་དུད་ཁྱིམ་41གིས་ཁྱིམ་ཚང་མགྲོན་ཁང་གཉེར་བཞིན་ཡོད། ཁྱིམ་ཚང་མགྲོན་ཁང་གི་ལས་ལ་ཞུགས་མཁན་གྱིས་གྲོང་ཚོ་ཧྲིལ་པོའི་མི་འབོར་གྱི་ཕྱེད་ཀ་ཙམ་ཟིན་ཡོད།
              “ད་ལྟ་ངེད་གྲོང་ཚོར་ཁྱོན་ཁྱིམ་ཚང་མགྲོན་ཁང་41ཡོད་པ་ལས་མགྲོན་ཁང་3ནི་ཁྱིམ་ཚང་མགྲོན་ཁང་སྤུས་དག་ཡིན་པ་དང་། དེ་གསུམ་པོ་ནི་2018ལོར་རྫོང་སྲིད་གཞུང་དང་ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་རོགས་རམ་འོག་སྐྱེད་མེད་བུ་ལོན་སྒོར་ཁྲི་100གཡར་བའི་རྨང་གཞིའི་ཐོག སྲིད་གཞུང་ནས་སྒོར་ཁྲི་10རོགས་སྐྱོར་བྱས་ཏེ་བསྐྲུན་པ་རེད”ཅེས་བརྗེད་པ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་ཝང་ཧྲི་ཡིས་ངོ་སྤྲོད་བྱས། ཁོང་གི་ངོ་སྤྲོད་ལ་ཉན་གིན་གྲོང་ཚོའི་ལམ་ཆུང་དུ་སྐྱོད་སྐབས། རྣམ་ཀུན་མི་རྣམས་ཀྱི་ཡིད་དུ་འཁོར་བའི་གང་སར་འདམ་རྫབ་དང་སྒོ་ཕྱུགས་ཀྱི་བཙོག་གཅིན་གྱིས་ཁེངས་པའི་གྲོང་གསེབ་ཀྱི་ཁོར་ཡུག་དང་ཡེ་ནས་མི་འདྲ་བར། ཁང་པ་གྲལ་སྟར་འགྲིག་ཅིང་། དུད་ཁྱིམ་རེ་རེའི་སྒོ་ཁར་བསྲིངས་པའི་ཨར་འདམ་ལམ་བུ་གཙང་སྦྲ་དོད་ལ། གཡས་གཡོན་གྱི་ཆུ་ཡུར་དུའང་གད་སྙིགས་སོགས་མེད་པར་གཙང་དག་ཡིད་འོང་གི་སྣང་བ་ཞིག་ངང་གིས་བྱིན་བྱུང་བས། གསར་འགོད་པས་ཧྲུའུ་ཅི་ཝང་ཧྲི་ལ་གྲོང་ཚོར་ཕྱུག་རིགས་གསོ་ཚགས་བྱེད་ཀྱི་ཡོད་མེད་སྐོར་དྲིས་པར། ཁོང་གིས“དེ་སྔོན་གྲོང་ཚོར་ཨར་འདམ་ལམ་མ་བཏིང་གོང་གང་སར་ཐལ་རྡུལ་གྱིས་ཁེངས་ཤིང་། ལྷག་པར་དུ་ཆར་ཆུ་མང་བའི་དུས་སུ་ལམ་ཚང་མ་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་ཧ་ཅང་བདེ་པོ་མེད། དེས་མ་ཟད། བོད་ཕག་གིས་བཙོག་གཅིན་གང་སར་བཏང་བས། གྲོང་ཚོའི་ཁོར་ཡུག་ལ་བཙོག་སྐྱོན་ཆེན་པོ་བཟོ་གི་ཡོད”ཅེས་དགོད་འཚེར་འཚེར་ངང་བཤད། གནད་དོན་དེར་དམིགས་ནས། 2017ལོར་གྲོང་ཚོས་ཁོར་ཡུག་བཅོས་སྒྲིག་བྱས་པ་དང་། མ་འཇོག་རྣམ་པའི་གསོ་ཚགས་རྟེན་གཞི་བཙུགས་ནས་གྲོང་ཚོའི་བོད་ཕག་དག་གཅིག་གྱུར་གསོ་ཚགས་བྱས་པས། ད་ཆ་མང་ཚོགས་ཚོར་བོད་ཕག་གསོ་མི་དགོས་པར་ལོ་མཇུག་ཏུ་ཐད་ཀར་ཡོང་འབབ་བགོ་བཤའ་རག་གི་ཡོད། བོད་ཕག་གསོ་ཚགས་རྟེན་གཞི་བཙུགས་པ་ལས་གཅིག་ནས་མང་ཚོགས་ཚོས་བློ་གཅིག་སེམས་གཅིག་གིས་ཡུལ་སྐོར་འཕེལ་རྒྱས་ལ་གཞོལ་ཆོག་པ་དང་། གཉིས་ནས་གྲོང་ཚོའི་ཁོར་ཡུག་གཙང་སྦྲ་ལེགས་པོ་བྱུང་བ་རེད། “དེ་ལྟར་གྲོང་ཚོའི་མང་ཚོགས་རྣམས་སྲོལ་རྒྱུན་གྱི་ས་མ་འབྲོག་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་དུ་ཞུགས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་མང་དུ་བཏང་ནས་མང་ཚོགས་ཚང་མའི་ཡོང་འབབ་འཕར་བ་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན”ཞེས་ཧྲུའུ་ཅི་ཝང་ཧྲིས་ངོ་སྤྲོད་བྱས། ཁོང་གི་སྣེ་འདྲེན་འོག་ཡུད་ཙམ་བསྐྱོད་རྗེས། བཅར་འདྲི་ཚོགས་ཆུང་ཁྱིམ་ཚང་མགྲོན་ཁང་གཞན་དང་མི་འདྲ་བའི་བོད་ཀྱི་སྲོལ་རྒྱུན་ཁང་པའི་བཀོད་པ་དང་དེང་རབས་མགྲོན་ཁང་གི་ཁྱད་ཆོས་སྤེལ་མའི་མགྲོན་ཁང་ཞིག་གི་མདུན་དུ་སླེབས།
འདི་ནི་བསོད་ནམས་སྒྲོལ་དཀར་གྱིས་ཕོ་ཁེབས་ཀྱི་ཤུབས་སྐེམ་བཞིན་པ།
              ཁྱིམ་ཚང་མགྲོན་ཁང་གི་སྒོ་ཁར་སླེབས་མ་ཐག སྦྱིན་བདག་ཚེ་རིང་བདེ་སྐྱིད་གཅེན་གཅུང་གིས་སེམས་རྩ་འཁོལ་པོས་ནང་དུ་བསུས་ཤིང་། རོ་བཅུད་ལྡན་པའི་ཇ་མངར་མོ་བླུགས་པ་མ་ཟད། རང་ཁྱིམ་གྱི་ཞོག་ཁོག་དང་ཀུ་ཤུ་སོགས་གསོལ་ཅོག་སྟེང་དུ་བཤམས་ནས་ང་ཚོར་སྣེ་ལེན་བྱས་བྱུང་། དཀར་ཆ་དོད་པའི་མགྲོན་ཁང་གི་ཚོམས་ཆེན་དུ་བོད་བཟོའི་ཁྱིམ་ཆས་སྣ་ཚོགས་བསྒྲིགས་པ་དང་། ཁ་གདན་ཆ་སྒྲིག་གི་གདན་དུ་འཁོད་དེ་ཇ་མངར་མོ་ཧུབ་གང་བཏུངས་པ་ཙམ་གྱིས་རང་ཁྱིམ་དུ་སླེབས་པའི་ཚོར་སྣང་ཞིག་ངང་གིས་སྐྱེས། ཚེ་རིང་བདེ་སྐྱིད་ཁྱིམ་ཚང་མགྲོན་ཁང་ནི་ཐོག་སོ་ཉིས་ལྡན་གྱི་ཁྱིམ་ཚང་མགྲོན་ཁང་སྤུས་དག་ཅིག་ཡིན་ཞིང་། ཁང་པའི་ཕྱི་ནང་གི་བཟོ་བཀོད་ལ་སྲོལ་རྒྱུན་གྱི་བོད་ལུགས་ཁྱད་ཆོས་ལྡན་པའི་ཁར། དེང་རབས་ཀྱི་དར་སོ་ཆེ་ཞིང་གཞོན་ནུ་རྣམས་ཀྱིས་དགའ་པོ་བྱེད་པའི་མཛེས་རྒྱན་སྤྲས་པ་དང་། ལྷག་དོན་དུ་སྒོ་རའི་ནང་གི་ཤིང་ཏོག་སྡོང་པོའི་སྟེང་དུ་ཤིང་འབྲས་སྣ་ཚོགས་བཏགས་ནས་སྐུ་མགྲོན་ཚོས་དངོས་སུ་ཞིང་ཁྱིམ་གྱི་འཚོ་བ་ཉམས་སུ་མྱོང་ཐུབ།
              “ན་ནིང་ཁྱིམ་ཚང་མགྲོན་ཁང་སྤུས་དག་གི་རྣམ་གྲངས་ཐོན་མ་ཐག ང་དང་གཅུང་པོས་གྲོས་བསྡུར་བྱས་རྗེས་རྣམ་གྲངས་དེ་འགན་གཙང་བླངས་པ་ཡིན། སྲིད་གཞུང་ནས་དངུན་བུན་སྒོར་ཁྲི་100གཡར་བ་མ་ཟད། ད་དུང་སྒོར་ཁྲི་10རོགས་སྐྱོར་བྱས་ཤིང་། ཐ་ན་མགྲོན་ཁང་གི་འཆར་འགོད་དང་དྲ་ཐོག་ཐོ་འགོད་སོཌ་ཀྱི་ལས་ཀ་ཚང་མ་སྲིད་གཞུང་ནས་རོགས་རམ་གནང་བྱུང་བས། རང་ཉིད་ཀྱིས་བློ་སྟོབས་ཆེན་པོས་ཚོང་གཉེར་བྱེད་པ་ལས་སེམས་ཁྲལ་གང་ཡང་བྱེད་དགོས་མི་འདུག ད་ལོའི་ཟླ་བ་ལྔ་པར་ཁྱིམ་ཚང་མགྲོན་ཁང་ཚོང་གཉེར་བྱེད་འགོ་ཚུགས་པ་དང་། ཟླ་ཤས་རིང་ཡོང་འབབ་ཁེ་གཙང་སྒོར་ཁྲི་16ཙམ་བྱུང”ཞེས་ཚེ་རིང་བདེ་སྐྱིད་ཀྱིས་དགའ་སྤྲོའི་ངང་ཁྱིམ་ཚང་མགྲོན་ཁང་གཉེར་བའི་སྐོར་གླེང་ཞིང་། སྲིད་ཇུས་བཟང་པོའི་དྲིན་ལས་བྱུང་བའི་གཡུར་ཟའི་འབྲས་བུ་རེ་རེ་ཁོང་མོའི་འཛུམ་མདངས་ལས་གསལ་པོར་མངོན།
              ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་དང་ཤང་སྲིད་གཞུང་གིས་བརྗེད་པ་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་གྱིས་རོགས་སྐྱོར་སྲིད་ཇུས་སྣ་མང་བཏོན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་དང་། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་ཤུགས་བརྒྱབ་པས། གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཞིང་། ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས། ཤ་མོང་དང་སྨན་རྩྭ་སོགས་ཡུལ་ཟོག་ཀྱང་བྲིན་ཁ་རྒྱུག་པས། མང་ཚོགས་ཀྱི་ཡོང་འབབ་ཉིན་བཞིན་མང་དུ་ཕྱིན་ནས་ཚང་མ་འབྱོར་ཕྱུག་གི་ལམ་དུ་སྐྱོད་བཞིན་ཡོད་ལ། བྲག་གསུམ་མཚོ་ཡི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་ཡུལ་ཟོག ཆ་རྐྱེན་ལེགས་ཤིང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་མགྲོན་ཁང་སོགས་ལས། ད་ཆ་བརྗེད་པ་གྲོང་ཚོར་ཐེངས་གཅིག་ཡོང་བ་ཙམ་གྱིས་ཡིད་སེམས་ཡང་ཡང་འཕྲེངབའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།