ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པེ་ཅིང་དུ་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་འཕྲད་སྐབས་ཡུལ་སྐོར་བྱེད་ཐབས་གསར་པ་རྙེད་པ།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་9ཉིན“མཛེས་སྡུག་ལྡན་པའི་མཚོ་སྔོན—ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རིང་གི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན”མི་རིགས་རིག་གནས་ཕོ་བྲང་དུ་མཇུག་སྒྲིལ་བ་རེད། དུས་ཡུན་ཉིན་9ཡི་རིང་གི་འགྲེམས་སྟོན་གྱིས་ལྟད་མོ་བ་ཚོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པ་དང་། མི་རིགས་མང་པོ་འདུས་སྡོད་བྱས་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་བྱ་གཞག་ཡར་ཐོན་གྱི་གྲུབ་འབྲས་ཀྱང་མངོན་ཡོད། དེ་དང་ཆབས་ཅིག་ལྟད་མོ་བས་ཀྱང་ཁུལ་དང་གྲོང་ཁྱེར་8ཀྱི་བརྗོད་དོན་ཉིན་མོའི་ལྟ་སྐོར་ཁྲོད་ཤེས་རྟོགས་གསར་པ་མི་ཉུང་བ་ཞིག་བྱུང་ནས་མཚོ་སྔོན་དུ་ཡུལ་སྐོར་བྱེད་ཐབས་གསར་པ་རྙེད་ཡོད།
  
  འདི་ནི་ཁྲི་ཀའི་སུམ་པའི་མཛེས་ལྗོངས་ཡིན་ཏེ་ཝང་ཆན་གྱིས་བྱེད་སྒོ་སྤེལ་ཡུལ་འགྲེམས་བྱང་ལས་པར་བླངས་པ་ཡིན།
               རི་ཆུའི་ཀློང་དུ་བསྐྱོད་དེ་སྣོད་བཅུད་ཀྱི་མཛེས་སྡུག་མྱོང་རྒྱུ། 
               མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མཛེས་པ་ནི་སྣོད་བཅུད་ཀྱི་མཛེས་པ་ཡིན་ལ། སྒེག་ཉམས་སྟོང་གིས་ཕྱུག་པའི་མཚོ་མོ་དང་། མུ་མེད་པད་ཁ་རྒྱས་པའི་གསེར་མདོག་གི་མིན་ཡོན། སྨི་སྟོང་གི་མཚོ་ལམ་གྱི་ཚ་རྔ་འགག གདོད་མའི་ནགས་ཚལ་ཡོད་པའི་ཧུའུ་ཀྲུའུ་བྱང་རི། རང་བྱུང་མཛེས་ལྗོངས་ལྡུག་པའི་ཁམས་ར། མཁའ་ཡི་མེ་ལོང་ལྟ་བུའི་ཚྭ་ཁའི་ཚྭ་མཚོ་སོགས་འགྲེམས་སྟོན་ཁྲོད་ཀྱི་པར་རིས་དང་ཐང་ག  ཚེམ་གྲུབ་སོགས་ཀྱིས་འགྲེམས་དངོས་ཀྱིས་མཚོ་སྔོན་གྱི་སྣོད་བཅུད་ཀྱི་མཛེས་སྡུག་ཀུན་ནས་མངོན་པར་བྱས་ཡོད། 
               འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་ཝང་སྐུ་ཞབས་ཀྱིས་་མཚོ་སྔོན་གྱི་སྔོ་ལྗང་རི་ཀླུང་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཟི་ལིང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་འོས་སྦྱོར་ཚོགས་འདུའི་ཐོག་མཚོ་སྔོན་ཟི་ལིང་ནས་རྡོག་ཐོན་བྱས་ཏེ་ཁྲི་ཀ་དང་། ཚ་རྔ་འགག ཚྭ་ཁ་ཚྭ་མཚོ། མཚོ་སྔོན་པོ་སོགས་ས་ཁུལ་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་བསྐྱོད་པའི་ལམ་ཐིག་ལ་རྗེས་ལོན་གསལ་པོ་བྱས་ཤིང་། ལོ་རྗེས་མར་མྱོང་ཚོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། 
  
  འདི་ནི་ལྟད་མོ་བས་མཚོ་སྔོན་གྱི་མཛེས་ལྗོངས་པར་རིས་ཆེན་མོ་ཞིག་གི་མདུན་དུ་པར་ལེན་བཞིན་པ་རེད། 
               གནའ་བོའི་དར་གོས་ལམ་བུར་ལོ་རྒྱུས་འཚོལ་ཞིབ་བྱེད་པར་བསྐྱོད་པ། 
               རྒྱ་བཟའ་ཀོང་ཇོའི་འཇིམ་བརྙན་ཉོ་མཁན་མཁྱེན་ལྡན་མ་ལི་ལགས་ཀྱིས་རང་ཉིད་ཀྱི་བུ་མོར་གནའ་བོའི་ལོ་རྒྱུས་སྐོར་གླེང་སྐབས“དེ་སྔར་མཛེས་སྡུག་ལྡན་པའི་ཀོང་ཇོ་ཞིག་ཐང་རྒྱལ་རབས་ཀྱི་ཁྲང་ཨན་ནས་རྡོག་ཐོན་བྱས་ཏེ་ལམ་ཐག་ཧ་ཅང་རིང་པོ་ཞིག་ཏུ་བསྐྱོད་འགོ་བརྩམས་ཤིང་། ལམ་བར་དུ་མཛེས་སྡུག་ལྡན་པའི་མཚོ་སྔོན་བརྒྱུད་དེ་བོད་དུ་སླེབས་ཤིང་།བཞུད་ལམ་དེའི་མིང་ལ‘ཐང་བོད་གནའ་ལམ’འབོད”ཅེས་ཟེར། 
  
  འདི་ནི་ཐང་བོད་གནའ་ལམ་གྱི་ཉི་ཟླ་རི་བོ་ཡིན།
               ཤེས་རྟོགས་བྱུང་བར་གཞིགས་ན། ཐང་བོད་གནའ་ལམ་ནི་རང་རྒྱལ་གནའ་རབས་ཀྱི་འགྲིམ་འགྲུལ་ལམ་ཆེན་གྲགས་ཅན་ཞིག་ཡིན་ཏེ། ཧྲའན་ཤིས་ཤིས་ཨན་ནས་འགོ་བརྩམས་ཏེ་ལམ་བར་དུ་ཀན་སུའུ་དང་མཚོ་སྔོན་བརྒྱུད་དེ་བོད་ལྗོངས་ལྷ་སའི་བར་ཡིན་ལ་ཁྱོན་བསྡོམས་སྤྱི་ལེ་3000ལྷག་ཙམ་ཟིན་པ་དང་། དེ་ནི་ཐང་རྒྱལ་རབས་ནས་བཟུང་ཀྲུང་ཡོན་ནང་ས་ནས་མཚོ་སྔོན་དང་བོད་ལྗོངས། ཐ་ན་ནེ་པ་ལ་དང་རྒྱ་གར་སོགས་རྒྱལ་ཁབ་ཏུ་སྐྱོད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པས“དར་གོས་ལྷོ་ལམ”ཞེས་བརྗོད་ཀྱི་ཡོད། རྒྱ་བཟའ་ཀོང་ཇོ་བོད་དུ་གནས་ལ་འགྲོ་སའི་ལམ་ནི་འདི་ཉིད་རེད། 

  

  འདི་ནི་འགྲེམས་ཁང་ནང་གི་འགྲེམས་དངོས་རེད།
               དེང་སྐབས། ཐང་བོད་གནའ་ལམ་དེ་ལོ་ངོ་སྟོང་གི་ལོ་རྒྱུས་བརྒྱུད་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་གཏོད་པའི་རྨང་གཞི་དང་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་ཅིང་། དེས་ནི་མཚོ་སྔོན་གྱི་མཚོ་སྔོན་པོ་དང་ཉི་ཟླ་རི་བོ། མཚོ་སྔོ་རིང་སོགས་ཀྱི་མཛེས་ལྗོངས་གཞི་གཅིག་ཏུ་སྦྲེལ་ཡོད་ལ་རྒྱ་བཟའ་ཀོང་ཇོའི་ལྷ་ཁང་དང་གཉེན་བསུ་གྲམ་ཐང་། སྐྱེ་རྒུ་གྲོང་རྡལ། སྦྲ་ནག་བཅས་ལ་མི་རིགས་མཐུན་སྒྲིལ་དང་རིག་གནས་མཉམ་འདྲེས་ཀྱི་ནང་དོན་ཟབ་མོ་སྤྲད་ཡོད་པ་རེད། 
               གསར་བརྗེའི་སྔོན་རབས་པའི་ཞབས་རྗེས་བརྒྱུད་གསར་བརྗེའི་རིག་གནས་མྱོང་བ། 
               མཚོ་སྔོན་དུ་མཛེས་ལྗོངས་ཕུད་ད་དུང་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་དང་རྩ་ཆེའི་གསར་བརྗེའི་རིག་གནས་ཀྱང་ཡོད་པ་རེད། 
  འདི་ནི་ལྟད་མོ་བས་འགྲེམས་སྟོན་ལ་ལྟ་བཞིན་པ་རེད། 
               དེ་སྔ་མཚོ་སྔོན་དུ་ལས་ཀ་བྱེད་མྱོང་བའི་སྐུ་ཞབས་བགྲེས་སོང་ཞིག་གིས་མཚོ་སྔོན་གྱི་དེང་རབས་ཅན་གྱི་ལྕགས་ལམ་ཟམ་ཆེན་མཐོང་རྗེས་ཉེ་འགྲམ་གྱི་གཞོན་ནུ་ཚོར་མྱོང་ཚོར་ཟབ་མོའི་སྒོ་ནས“མཚོ་བོད་གཞུང་ལམ་གྱི་མེས་པོ”མུའུ་ཧྲེང་ཀྲུང་གི་གཏམ་རྒྱུད་བརྗོད་བྱུང་། ཁོང་གིས“གོར་མོ་ནས་ལྷ་སར་སྤྱི་ལེ་1200ཡོད་པའི་མཚོ་བོད་གཞུང་ལམ་བསྐྲུན་པར་མུའུ་ཧྲེང་ཀྲུང་གི་ཚེ་གང་གི་སེམས་ཤུགས་ཡོད་རྒུ་བཏོན་ཞིང་། ཁོང་གིས་ལམ་བཟོ་མཁན་དམག་དམངས་སྣེ་ཁྲིད་དེ་དཀའ་སྡུག་འབད་བརྩོན་བྱས་ངོར་དུས་ཡུན་ཟླ་བ་7དང་ཉིན4རིང་ཤར་གཏོང་བྱུང་པ་རེད།འདི་ནི་རང་རྒྱལ་གྱི་གཞུང་ལམ་འཛུགས་བསྐྲུན་སྟེང་གི་ཁྱད་མཚར་ལོ་རྒྱུས་ཤིག་སྟེ། ཡུལ་སྐོར་བ་མང་པོ་ཞིག་གོར་མོར་འབྱོར་རྗེས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་ནི་གོར་མོའི་དམག་དཔོན་ཐོག་ཁང་གི་རྗེས་ཤུལ་མདུན་དུ་དཔའ་བོར་གུས་འདུད་ཞུ་རྒྱུ་དེ་རེད”ཅེས་ལོ་གཞོན་སྐོར་ཞིག་ནི་མཚོ་བོད་གཞུང་ལམ་གྱི་གཏམ་རྒྱུད་ཀྱིས་སེམས་འགུལ་ཐེབས་ཤིང་དེ་མུར་གོ་སྐབས་ཡོད་ཚེ་མཚོ་བོད་གཞུང་ལམ་གྱི་རྒྱུད་དུ་ངེས་པར་ཐེངས་ཤིས་བསྐྱོད་འདོད་ཡོད་ཟེར།
               ཤེས་རྟོགས་བྱུང་བར་གཞིགས་ན། གོར་མོའི་དམག་དཔོན་ཐོག་ཁང་ཕུད་ད་དུང་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་ནུབ་ལམ་དམག་གི་དྲན་གསོ་ཁང་། པདྨའི་དམར་དམག་ལུང་ཤུར་སོགས་གསར་བརྗེའི་ཡུལ་སྐོར་གནས་ལྗོངས་ཀྱིས་ཡུལ་སྐོར་པའི་ཡིད་དབང་བཀུག་ནས་ཀུན་གྱིས་དགའ་བསུ་ཐོབ་པའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། 
  
  འདི་ནི་ཟི་ལིང་ཤིན་ཧྭ་མཉམ་འབྲེལ་ལྷན་ཚོགས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རེད། 
               འགྲེམས་ཁང་དུ་ལྟད་མོ་བ་མང་པོ་ཞིག་གིས་མཚོ་སྔོན་ནས་ཡོང་བའི་ལས་བྱེད་མི་སྣ་ལས་ཡུལ་སྐོར་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11པར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་དང་ལམ་ཐིག་གསར་པ། དེ་བཞིན་དམངས་སྲོལ་ཡུལ་སྐོར། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར། གངས་འཁྱག་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། པར་རྒྱག་ཡུལ་སྐོར་སོགས་བཏོན་ནས་མཚོ་སྔོན་གྱི་དགུན་དཔྱིད་ཡུལ་སྐོར་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོར་གཏོང་པའི་དུས་མཚུངས་སུ་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གིས་གཟིགས་སྐྱོང་སྤ་སེའི་རིན་གོང་བཏོན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ་རེད།