ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ས་མཐོའི་ས་གཞི་ཆེ་མོར་ཁྱབ།

—— ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་བོད་ཀྱི་སྙན་ཞུའི་ཚོགས་འདུའི་སྐོར་གྱི་ཟུར་བྲིས།

སྤེལ་དུས 2019-11-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཚེས་13ཉིན་གྱི་སྔ་དྲོ། བོད་ལྗོངས་མི་དམངས་ཚོགས་ཁང་དུ་བཞུགས་གྲལ་སྟོང་པ་གཅིག་ཀྱང་མེད་པ་དང་། ཚོགས་རའི་ནང་སློབ་སྦྱོང་གི་ཚ་རླབས་འཕྱུར་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དེ་གར་འཚོགས་བཞིན་ཡོད། རང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ དཔུང་སྡེ། སྡེ་ཁུལ་སོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་900ལྷག་ཙམ་གྱིས་མཉམ་དུ་སྙན་ཞུ་ཉན་བཞིན་ཡོད་པ་རེད།
            ཆུ་ཚོད་གཉིས་ལྷག་ཙམ་རིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རྒྱལ་ཁབ་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཕུའུ་ཡིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་དང་། གསོན་ཉམས་དོད་པའི་དཔེ་མཚོན། ཞིབ་ཅིང་ཕྲ་བའི་གྲངས་གཞི་བཅས་ལས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་གསལ་འགྲེལ་གནང་བ་རེད།
            སྒྲོག་འགྲེལ་སྙན་ཞུར་ཚུགས་གནས་མཐོ་བ་དང་། མིག་རྒྱང་རིང་ལ་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པས། ཚོགས་ཞུགས་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།
            ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཀྲུའུ་རེན་སྤེན་པ་ནི་རང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། “ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མེད་ན་ད་ཆའི་བོད་ལྗོངས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ཐབས་མེད། སྡེ་ཁུལ་དུ་ལོག་རྗེས། ངས་དེ་རིང་ཚོགས་འདུའི་ནང་དོན་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས་ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་སྤེན་པས་བཤད།
            སྙན་ཞུ་ཡི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ་དང་དཔེ་མཚོན་དྲངས་ནས་འགྲེལ་བཤད་བྱས་པར་བརྟེན། སྙན་ཞུ་ཉན་མཁན་ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སེམས་ལ་ངེས་ཐུབ་པ་དང་། སྙིང་སྟོབས་དེ་བས་འཕེལ་ཐུབ་པ། ཡིད་ཆེས་དེ་བས་བརྟན་དུ་གཏོང་བ། དད་སེམས་དེ་བས་ཆེ་རུ་གཏོང་བ་བཅས་ལ་ཕན་པ་ཐོབ་ཡོད་པ་རེད།
            “དེ་རིང་གི་སྙན་ཞུའི་ཚོགས་འདུའི་ནང་དོན་ནི་ང་ཚོའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཀྲང་ཨེ་ཕིང་གིས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་རྗེས། རྒྱ་ཆེའི་དགེ་རྒན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་དེ་བས་ལེན་ཟབ་ཏུ་སོང་བ་མ་ཟད། ངོས་འཛིན་བྱེད་ཚད་ཀྱང་དེ་བས་ཟབ་ཏུ་ཕྱིན་ཡོད། རྒྱ་ཆེའི་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱེད་མཁན་གྱི་སློབ་གསོའི་ལས་དོན་པར་ཤེས་བྱ་གསར་པའི་ནང་དོན་གསབ་ཐུབ་པ་བྱུང་བ་དང་། ཚང་མས་དེ་བས་ལེགས་པའི་སྒོ་ནས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡང་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།
            སྙན་ཞུའི་ཚོགས་འདུའི་ཐོག་སྙན་ཞུ་ཉན་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྙན་ཞུ་ཉན་ནས་ཟིན་བྲིས་རྒྱག་བཞིན་ཡོད། བརྙན་ཤེལ་ཆེ་མོའི་ཐོག་ཏུ་འཆད་འགྲེལ་གྱི་ནང་དོན་གསར་པ་བརྗེ་སྐབས་སྙན་ཞུ་ཉན་མཁན་ཚོས་ལག་ཐོགས་ཁ་པར་ནས་པར་བརྒྱབ་སྟེ། སྒྲོག་འགྲེལ་གྱི་ནང་དོན་གལ་ཆེན་མི་ལུས་པ་བྱེད་ཀྱི་ཡོད།
            སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ནང་དོན་གསོན་ཉམས་དོད་ལ་མི་སེམས་ལ་ཟུག་པ་ཞིག་ཡོད། ཚོགས་འདུ་གྲོལ་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་བྱམས་པ་སྒྲོལ་མས་ད་དུང་སྒྲོག་འགྲེལ་གྱི་ནང་དོན་ལ་བསམ་བློ་གཏོང་བཞིན་ཡོད། ཁོང་གིས་སླད་ཕྱིན་གྱི་ལས་དོན་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བཅངས་ཏེ་བྱ་བ་ཆུང་ཙག་ནས་བསྒྲུབ་རྒྱུ་ཡིན། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིད་སྟོན་གནང་བའི་འགྲོ་ལམ་བརྒྱུད་མདུན་སྐྱོད་བྱས་ཚེ་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
            ཚེས་13ཉིན། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་། རྫོང་ཆུས། ཤང་དང་གྲོང་རྡལ་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བརྙན་འཕྲིན་ཁ་པར་ཚོགས་འདུའི་བྱེད་ཐབས་ནས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བལྟས་པ་དང་། ཡན་ལག་ཚོགས་ར་དེ་དག་བརྒྱུད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།