ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

▶ལོ་ངོ་སྟོང་གི་“ཇུ་བྲོ”དང་ཉི་མའི་ལས་དབང་།

སྤེལ་དུས 2019-11-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།


          འཕྱོངས་རྒྱས་རྫོང་གྲོང་ནས་ཐོན་ཏེ་བྱང་ཕྱོགས་སུ་སྤྱི་ལེ་7ཙམ་བསྐྱོད་ཚེ་རི་བོ་གཉིས་ཀྱིས་བསྐོར་བའི་ཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་རྒན་རྒོན་ཉི་མའི་ཁྱིམ་དུ་སླེབས་པ་དང་སྐད་གྲགས་ཆོད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༼ཇུ་བྲོ་༽ནི་དེ་ནས་ཐོན་པ་ཞིག་རེད། ༼ཇུ་བྲོ་༽ནི་འཕྱོངས་རྒྱས་རྫོང་གི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་ཐོག་གི་འགྱུར་རྡོ་གསོན་པོ་ཞིག་ཡིན་མོད།  རྒན་རྒོན་ཉི་མས་བོད་རྙིང་པའི་མུན་ནག་དང་གདུག་རྩུབ་བརྒྱུད་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀ་བསུས་པ་དང་ཁོང་ནི་ཇུ་བྲོའི་འཕེལ་རྒྱས་ཐད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་བ་ཞིག་ཡིན་པ་རེད།

          ཉི་མས་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ང་ལོ་18ལ་སླེབས་ཡོད། ངའི་ཁྱིམ་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་སོང་བ་དང་། དངོས་གནས་རང་ཁྱིམ་རང་བདག་དང་། ཟས་གྲོད་པ་རྒྱགས་ཚད་དང་གོས་ལུས་པ་དྲོན་མོ་ཞིག་གྱོན་རྒྱུ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་གསུངས་ཀྱི་ཡོད་པ་རེད། ། 

          ཁོང་གིས་ད་དུང་བཅིངས་འགྲོལ་བཏང་རྗེས་ཀྱི་བར་སྐབས་ཤིག་རིང་༼ཇུ་བྲོའི་༽འཁྲབ་སྟོན་རུ་ཁག་རིམ་བཞིན་ཐོར་བ་དང་། ཕྱིས་སུ། ང་ཡང་བསྐྱར་རྒྱ་ཚ་རྫོང་དུ་ཞོར་ལས་ལ་སོང་ནས་དངུལ་གསོག་པར་ཕྱིན་པ་ཡིན། གློ་བུར་དུ་ཐོབ་པའི་གོ་སྐབས་ཤིག་གི་འོག་ས་གནས་དེ་གའི་བཅའ་སྡོད་དམག་དཔུང་གིས་ང་ཁོ་ཚོའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་ཏུ་བསྡུས་ཏེ། མུ་མཐུད་དུ་རིག་རྩལ་འཁྲབ་སྟོན་བརྒྱུད་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱེད་རྒྱུའི་གོ་སྐབས་རག་བྱུང་ཞེས་གསུངས་ཀྱི་འདུག 
 
          1992ལོར་༼ཡར་ཀླུང་རིག་གནས་དུས་ཆེན་༽སྐབས་དང་པོའི་ཐོག་ལོ་བཅུ་ཕྲག་ཁ་ཤས་མི་རྣམས་ཀྱི་མིག་མདུན་ནས་ཡལ་བའི་༼ཇུ་བྲོ་༽ཡི་སྒྱུ་རྩལ་རྒྱུན་འཛིན་དང་སླར་གསོ་སྲུང་སྐྱོང་བྱེད་འགོ་བཙུགས་ཡོད།    2008ལོར་འཕྱོངས་རྒྱས་རྫོང་གི་༼ཇུ་བྲོ་༽རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་དང་། 2014ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། 2018ལོར་རྒད་པོ་ཉི་མ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལ་བདམས་པ་དང་། ཇུ་གྲོང་ཚོར་ཡང་༼བྲོ་ལེགས་༽ཀྱི་ཁྲིད་སྦྱོང་ལྟེ་གནས་ཡོད་པ་དང་སྲུང་སྐྱོང་གྲོན་དངུལ་ཡང་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་བཅུག་ཡོད་པ་རེད། རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག ༼ཇུ་བྲོ་༽ཡང་བོད་རྙིང་པའི་འཁྲབ་སྟོན་རྐྱང་པ་ནས་ས་གནས་ཀྱི་ལོ་རྒྱུས་རིག་གནས་ཡུན་རིང་དྲིལ་བསྒྲགས་བྱེད་པའི་མིང་བྱང་དུ་གྱུར་ཡོད། 

          ཉི་མས། ཉེ་བའི་ལོ་ཤས་རིང་༼ཇུ་བྲོ་༽དེ་རིམ་ཁག་རིག་གནས་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་འོག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱུང་ཡོད། མིག་སྔའི་བར་ངས་སློབ་མ་80ལྷག་ཙམ་གསོ་སྐྱོང་བྱས་ཡོད། བོད་ཀྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཅིག་ཡིན་པའི་ངོས་ནས་ངས་ང་ཚོའི་འཁྲབ་སྟོན་རུ་ཁག་འཁྲིད་དེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་འཁྲབ་སྟོན་ཐེངས་16བྱས་ནས་རྒྱལ་ཡོངས་མི་དམངས་ལ་ང་ཚོའི་གངས་ལྗོངས་ས་མཐོའི་གནའ་བོའི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་བྱས་པ་ཡིན་ཞེས་གསུངས་ཀྱི་འདུག  ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན་ཇུ་བྲོ་དེ་སྔ་རྗེས་སུ་ཀྲུང་དབྱང་རིག་གནས་པུའུ་ཡི་དཔྱིད་གསར་དུས་ཆེན་མཚན་ཚོགས་དང་། ངས་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་ཞུགས་ཞེས་པའི་ལེ་ཚན། CCTVཡི་ཞབས་བྲོའི་འགྲན་བསྡུར་ཆེ་མོ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་དགོང་ཚོགས། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ལོ་གསར་མཚན་ཚོགས་དང་བོད་ལྗོངས་འགྲེམས་ཚོགས་སོགས་ལ་ཞུགས་པ་མ་ཟད། ཤང་ཀང་དང་། ཐེ་ཝན། སི་ཁྲོན། ཀུའེ་ཀྲོའུ། ཧུའུ་ནན་སོགས་སུ་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ཡོད་་པ་རེད།

          སྤྱི་ལོ་2018ལོའི་ཟླ་1པོར་ཇུ་བྲོར་རྒྱལ་ཡོངས་ཀྱི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་ཆེ་ཤོས་༼རི་སྐྱེས་མེ་ཏོག་༽གི་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་བྱ་དགའ་ཐོབ་པ་དང་འབྲེལ་ཀོང་ཀྲོའུ་རུ་བྱ་དགའ་སྤྲོད་ཡུལ་དུ་འཁྲབ་སྟོན་ནང་ཞུགས་ཐུབ་པ་བྱུང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།