ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་སྦྲ་ཆེན་རྫོང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2019-11-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་སྦྲ་ཆེན་རྫོང་གྲོང་གི་ཡུལ་གཞན་དུ་དབུལ་སྐྱོར་གཅིག་སྡུད་གནས་སྤོ་བྱ་ཡུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་དང་བཀོད་སྒྲིག་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ཐོན་ལས་སྐུལ་ཁྲིད་དང་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
           ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལ་བརྒྱབ་ཀླུང་བརྒལ་གྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་དང་གྲོང་ཚོར་ཕེབས་ཏེ་འབྲོག་ཁྱིམ་དུ་འཚམས་འདྲི་དང་། འགྱུར་ལྡོག་དང་འཕེལ་རྒྱས་སྐོར། མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་གསར་པ། ཏང་གི་སྲིད་ཇུས་བཟང་པོ་བཅས་གླེང་གནང་བ་རེད། 
           ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་བརྟག་ཞིབ་ནང་ཕེབས་རོགས་ཞུས་པ་རེད། 
           སྦྲ་ཆེན་རྫོང་དུ་ཕེབས་མ་ཐག་ཝུའུ་དབྱིང་ཅེས་དང་ཐོག“རྩྭ་ཐང་གི་དཔའ་བོ”བློ་མཐུན་སྤུས་དག་གི་བཞུགས་གནས་སུ་ཕེབས་ཤིང་། 1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་སྤུས་དག་གིས་བཅིངས་འགྲོལ་དམག་མིར་ཡི་གེ་སྐྱེལ་སྐབས་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་གདུག་རྩུབ་ཆེན་པོས་མིག་རིལ་གཉིས་བཏོན་པ་རེད། 1965ལོར་ཀྲུང་དབྱང་དམག་ཨུད་ཀྱིས་སྤུས་དག་ལ“རྩྭ་ཐང་གི་དཔའ་བོ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་། བློ་མཐུན་སྤུས་དག་འཚོ་བཞུགས་སྐབས་ཀྱི་ཁང་པའི་ནང་ཝུའུ་དབྱིང་ཅེས་པར་རིས་རེ་རེ་བཞིན་དང་དངོས་པོ་རེ་རེ་བཞིན་གྱི་མདུན་དུ་ཕེབས་མཚམས་འཇོག་གིན་གཟིགས་པ་དང་། འགྲེལ་བཤད་ནན་ཏན་གསན་པ། བློ་མཐུན་སྤུས་དག་འཚོ་བཞུགས་སྐབས་ཀྱི་དཔའ་བོའི་བྱས་རྗེས་ལ་རྗེས་དྲན་གནང་བ། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཞི་བའི་བཅིངས་འགྲོལ་དང་། དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། དམངས་གཙོའི་བཅོས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ལམ་ཚད་བཅས་ཀྱི་ཁྲོད་གསར་གཏོད་བྱས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་དྲན་གསོ་གནང་བ་རེད། ཝུའུ་དབྱིང་ཅེས་བློ་མཐུན་སྤུས་དག་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྙིང་དོན་དང་། ཏང་གི་བྱ་གཞག་ལ་བློ་དཀར་དང་མི་དམངས་མང་ཚོགས་ལ་བློ་དཀར་བྱེད་པའི་ཕུགས་བསམ་དད་སེམས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྒྱལ་གཅེས་བརྩེ་སེམས་བཅས་མཚོན་ཞིང་། ལོ་མང་རིང་བློ་མཐུན་སྤུས་དག་གི་བྱས་རྗེས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བསྔགས་བརྗོད་ཟབ་མོ་བྱེད་པ་དང་དེ་ནི་བོད་ཀྱི་མི་དམངས་ཀྱིས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་དར་ཆ་ཞིག་དང་བྱང་རྩྭ་ཐང་དུ་ནམ་ཡང་འགྱིང་ངེར་གནས་པའི་ཉམས་པ་མེད་པའི་བྱས་རྗེས་རྡོ་རིང་ཞིག་རེད་ཅེས་བསྟན་གནང་བ་རེད། ཝུའུ་དབྱིང་ཅེས་བློ་མཐུན་སྤུས་དག་གི་བཞུགས་གནས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་འབྲེལ་ཡོད་དཔྱད་གཞིའི་དངོས་རྫས་འཚོལ་བསྡུ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་དེའི་ཏང་གཤིས་སློབ་གསོའི་རྟེན་གཞི་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་སྟེགས་ཡག་པོར་གྱུར་པར་བྱས་ནས། དེའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་རིང་གི་ནུས་པ་འདོན་སྤེལ་བྱས་ཐོག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཕུགས་བསམ་དང་དད་སེམས་དེ་བས་བརྟན་པ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་བྱ་གཞག་ཁག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
           སྦྲ་ཆེན་རྫོང་གྲོང་གི་ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ཝུའུ་དབྱིང་ཅེས་ཡུལ་དངོས་སུ་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་བཀོད་སྒྲིག་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཐོན་ལས་ཀྱིས་སྐུལ་ཁྲིད་དང་མང་ཚོགས་འབབ་འཕར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འབྲེལ་ཡོད་འགན་འཁུར་བས་བཀོད་སྒྲིག་བྱ་ཡུལ་དུ་ཁྱོན་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དུད་ཚང་99ཡི་མི་གྲངས་333བཀོད་སྒྲིག་བྱས་པ་དང་། ཁྱིམ་ཚང་དབུལ་པོ་མང་པོ་ཞིག་དེ་སྔའི་འཚོ་སྡོད་ཁོར་ཡུག་ཞན་པོ་ལས་སྤོས་ཏེ་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་བསྡད་ཅིང་། མིག་སྔར་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་ངལ་རྩོལ་ནུས་ཤུགས་172ཀྱིས་ཡུལ་དེའི་ཚགས་ཤ་སྐམ་པོ་ལས་སྣོན་བཟོ་གྲྭ་དང་། གྱོན་གོས་ལས་སྣོན་བཟོ་གྲྭ ཕྱིར་གླ་པར་འགྲོ་བ་བཅས་ལ་བརྟེན་ནས་ཚང་མ་ལས་ཞུགས་ཐུབ་ཡོད། ཝུའུ་དབྱིང་ཅེས་དེར་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ཏེ་འཆར་འགོད་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཐོག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
           དེ་རྗེས་ཝུའུ་དབྱིང་ཅེ་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་རྒྱལ་གྱི་ཁྱིམ་དུ་ཕེབས་ནས། ཁོང་གི་ནང་མི་དང་ལྷན་དུ་བཞུགས་ཏེ་འཕེལ་རྒྱས་སྐོར་གླེང་གནང་བ་རེད། ལྷ་རྒྱལ་གྱིས་ད་ཆ་འཚོ་བར་སེམས་ཁྲལ་མི་འདུག་ལ་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས། ངས་ཚེ་གང་རིང་ཏང་གི་རྗེས་སུ་འབྲང་བའི་སེམས་ཐག་བཅད་པ་ཡིན་ཞེས་ཞུས། ལྷ་རྒྱལ་གྱི་སྐད་ཆ་གསན་པ་དང་ཁྱིམ་དུ་ཏང་གི་གཙོ་འཛིན་གྱི་སྐུ་པར་གྱིས་ཁེངས་པ་གཟིགས་སྐབས། ཝུའུ་དབྱིང་ཅེར་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ལྷ་རྒྱལ་ལ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་མིར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མང་ཚོགས་གམ་གྱི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་། “མངོན་གསལ་དོད་པའི་ལེགས་ཆ་13”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་13” བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་བཅས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དབར་གྱི་འབྲེལ་བ་ཟབ་མོ་གསལ་པོ་བཤད་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་ཐག་ཆོད་པོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་སྐུལ་མ་གནང་བ་རེད། 
           བརྟག་ཞིབ་མཇུག་འགྲིལ་སྐབས་མཚན་གུང་ཡིན་མོད། འོན་ཀྱང་ཝུའུ་དབྱིང་ཅེས་སྦྲ་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་བསྐོངས་ཏེ་ཁོང་ཚོ་དང་ལྷན་དུ་འཕེལ་རྒྱས་དང་བརྟན་ལྷིང་གི་ཇུས་ཆེན་གྲོས་བསྡུར་གནང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ལམ་བུའི་ཇུས་གཞི་བཏིངས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་གཏད་ཕྱོགས་བཅས་ལ་དམིགས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཏང་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ནས་རང་རྟོགས་ངང་ཏང་གི་དམིགས་ཡུལ་ལག་ལེན་བསྟར་ཞིང་མང་ཚོགས་ལ་ཞབས་འདེགས་དངོས་སུ་ཞུས་ནས་ཕན་བདེ་བསྐྲུན་ཐོག་མང་ཚོགས་ཏང་གི་མཐའ་འཁོར་དུ་གཅིག་སྡུད་བྱེད་དགོས་པ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་གྱིས་ཐོན་ལས་འཕེལ་རྒྱས་དང་རྫོང་གྲོང་གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ། མང་ཚོགས་ལ་སློབ་གསོ་རྒྱག་པ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་ཕྱོགས་གཅིག་ནས་མང་ཚོགས་ལ་འདུ་ཤེས་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་གྱིས་བུ་ཕྲུག་གི་སློབ་གསོར་མཐོང་ཆེན་དང་། ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་ལ་ཞུགས་པ་དང་ཕྱི་ཕྱོགས་སུ་ལས་ཀར་བསྐྱོད་དེ་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་ཧུར་ཐག་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་རྒྱག་དགོས་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་ལ་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་འཛུགས་པ་ནས་འགོ་བཙུགས་ཏེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་སྲ་བརྟན་དུ་བཏང་ནས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།