ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།

སྤེལ་དུས 2019-11-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  “ང་ལ་ང་ཚོའི་སློབ་གྲྭ་འདི་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར། ཆ་རྐྱེན་འཁོས་ཞན་ནས་རིམ་བཞིན་དེང་རབས་ཀྱི་དོན་སྙིང་ལྡན་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་རིམ་པར་ཚུད་པའི་བགྲོད་ལམ་དུ་བསྐྱོད་པར་བདེན་དཔང་བྱེད་པའི་སྐལ་བ་ལྡན་བྱུང”ཞེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྤེན་པ་ཚེ་རིང་གིས་ཁོང་ཉིད1990ལོར་སློབ་གྲྭ་དེ་གར་ལས་བགོས་བྱུང་པ་ནས་ད་ཆའི་བར་ལོ་ངོ30ཏག་ཏག་སླེབས་ཡོད་ཅེས་བཤད།
               ཟླ་11པའི་ཚེས་16ཉིན་སློབ་དཔོན་སྤེན་པ་ཚེ་རིང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་མཉམ་དུ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་རའི་ནང་གི་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་དུས་ཚོད་ལྡོག་རྩིས་བྱང་བུ་རེད།
               “སློབ་གྲྭ་ནི་ངེད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གར་སྟེགས་ཤིག་སྟེ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ང་ཚོ་དགེ་རྒན་རེ་རེར་རང་ཉིད་ལ་དབང་བའི་སྡིངས་ཆ་བསྐྲུན་ཡོད་ལ།སློབ་གྲྭས་ང་ཚོ་དགེ་རྒན་རེ་རེར་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད”ཅེས་དགེ་རྒན་ཆེན་མོ་བ་སྤེན་པ་ཚེ་རིང་གིས“དེ་རིང་ངས་ལྷག་བསམ་ཟོལ་མེད་དང་སེམས་གཏིང་གི་སྨོན་འདུན་ལེགས་ཤོས་དེ་ཉིད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་འབུལ་རྒྱུ་ཡིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ”ཟེར།
               ལོ་ངོ་སུམ་ཅུའི་གོང་དུ་མེས་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་དཔྱིད་རླུང་དལ་བུར་ལྡང་པ་དེས་ནི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་རེ་བ་ཟབ་མོ་མཚོན་ཡོད་ལ། རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་དང་པོ་དེའང་དངོས་སུ་བཙུགས་པ་རེད། སློབ་གྲྭ་བཙུགས་པ་དེས་རང་རྒྱལ་གྱི་བོད་ལུགས་གསོ་རིག་སློབ་གསོའི་སྟོང་ཆ་བསྐངས་པ་དང་དེང་རབས་མཐོ་རིམ་བོད་ལུགས་གསོ་རིག་སློབ་གསོའི་སྲོལ་གཏོད་པ་དེའི་སྟེང་ནས་བོད་ལུགས་གསོ་རིག་ནི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
འདི་ནི་ཟླ་11པའི་ཚེས་16ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དབུ་བརྙེས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་ཆེན་གྱི་ཡུལ་དངོས་རེད།
               ལོ་ངོ་སུམ་ཅུར་ཕྱིར་མིག་བལྟས་ཚེ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད་འགོ་ཚུགས་ཤིང་འཕོ་འགྱུར་གྱི་དྲག་ཤུགས་ཁྲོད་དཔལ་འབར་བ་རེད། 1989ལོར་བོད་ལྗོངས་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་དབུ་བརྙེས་པ་དང་། 1993ལོར་སྒེར་ཚུགས་སུ་དབྱེ་ནས་ལྕགས་པོ་རིའི་བོད་ལུགས་གསོ་རིག་སློབ་གླིང་དུ་བསྒྱུར། 2001ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་མིང་བསྒྱུར་བ་དང་། 2018ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཞེས་པར་མིང་བསྒྱུར་པ་རེད།
               ལོ་ངོ་སུམ་ཅུའི་རིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐེངས་མང་ཐོབ་ཅིང་། རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཚན་པ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་རྒྱུན་མཐུད་སློབ་གསོའི་རྟེན་གཞི། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ཁྱད་ལྡན་སློབ་གསོའི་གསོ་སྦྱོང་རྟེན་གཞི། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ཚན་པ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་རིག་ཚན་འཛུགས་སྐྱོང་ཚན་པ་སོགས་རྒྱལ་ཁབ་རིམ་པའི་ལས་སྟེགས་སྣ་ཚོགས་ལ་ཆོག་མཆན་ཐོབ་ནས་ཤེས་ལྡན་པ་གསོ་སྐྱོང་ལ་གཞོགས་འདེགས་གང་ལེགས་གནང་ཡོད་པ་རེད། སློབ་གྲྭ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་མཉམ་དུ་སྐྲུན་པའི་མཐོ་སློབ་དང་། འབུམ་རམས་པའི་ཡོན་གནས་སྤྲོད་པའི་སྡེ་ཚན་ཞིག་ཡིན་ཞིང་། བོད་ལུགས་གསོ་རིག་གི་དགེ་རྒན་གྲགས་ཅན་མང་པོ་ཡོད་པ་དང་ཤེས་ལྡན་པ་གསོ་སྐྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ། རྒྱལ་ཁབ་ཀྱི་གསོ་རིག་མཁས་ཅན་དང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་པ་གྲགས་ཅན་གྱིས་འདི་གར་མན་ངག་སློབ་སྟོན་གནང་པ་དང་སྨན་བཅོས་ལག་རྩལ་ཁྱབ་སྤེལ་བྱེད་པ། སྨན་པའི་ཀུན་སྤྱོད་དར་སྤེལ་གཏོང་བ་བཅས་བྱེད་ཀྱི་ཡོད། སློབ་ཐོན་སློབ་མ་7000ལྷག་ཙམ་ནི་མེས་རྒྱལ་གྱི་ཡུལ་ཕྱོགས་གང་སར་ཁྱབ་ཡོད་ཅིང་། བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བའི་རྐང་འཛིན་པ་དང་འཇོན་ལྡན་མི་སྣར་གྱུར་ཡོད།  དེང་གི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་རང་རྒྱལ་གྱིས་རིམ་པ་མཐོ་བའི་གསར་གཏོད་རྣམ་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སློབ་གསོའི་རྟེན་གཞིར་གྱུར་ཡོད།
འདི་ནི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་དགེ་སློབ་ཚོས་སློབ་གླུ་མཉམ་ལེན་གནང་བཞིན་པ་རེད།
               “ལོ་ངོ་30ཡི་རིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་མཐོ་རིམ་མི་རིགས་གསོ་རིག་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་གསར་པར་འཚམ་ཇི་ཐུབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཁྱད་ཆོས་ལྡན་ཞིང་ནང་དོན་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། སློབ་གཉེར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་སློབ་གཉེར་གྱི་ཁྱད་ཆོས་གཅིག་སྡུད་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ཉི་མ་ཚེ་རིང་གིས་དུས་རབས་གསར་པར་སླེབས་དུས་སྤྱི་ཚོགས་ཀྱིས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་དང་རིག་སྟོབས། ལག་རྩལ་བཅས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་ཕྱིན་ནས་སློབ་གྲྭར་སྔར་བྱུང་མྱོང་མེད་པའི་འཐབ་ཇུས་ཀྱི་གོ་སྐབས་སྤྲད་ཡོད། དེ་བས་ངེས་པར་དུ་དུས་བབ་གསར་པ་དང་འཚམ་པ་དང་བྱེད་ཐབས་གསར་པར་ཞིབ་འཇུག་བྱེད་པ། བྱ་ཐབས་གསར་པ་ལག་བསྟར་བྱས་ནས་སློབ་གྲྭ་དེ་བས་མགྱོགས་ཤིང་ལེགས་པའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ནང་གི་རྩེ་གྲ་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་བོད་ལུགས་གསོ་རིག་སློབ་ཆེན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་དགོས་ཟེར།
               གཞོན་ནུ་དར་ན་རྒྱལ་ཁབ་དར་པ་དང་གཞོན་ནུ་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། གཞོན་ནུའི་མི་རབས་ལ་ཕུགས་བསམ་ལྡན་པ་དང་འཇོན་ཐང་ཡོད་པ། འགན་འཁུར་ཕོད་པ་བཅས་བྱུང་ན་རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡོད་པ་རེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་སྨན་ཚན་ཁག་གི་2018ལོའི་དངོས་གཞི་འཛིན་གྲྭའི་སློབ་མ་འཆི་མེད་གཡང་འཛོམས་ཀྱིས་ང་ཚོས་ངེས་པར་དུ་ཕུགས་བསམ་ཆེན་པོ་བཅངས་ནས་བོད་ལུགས་གསོ་རིག་གི་ཉིང་བཅུད་རྒྱུན་འཛིན་དང་བོད་ལུགས་གསོ་རིག་འབྱུང་རྩའི་ཁྱད་ཆོས་དམ་སྲུང་། ལག་ལེན་ཁྲོད་གསར་གཏོད་མཉམ་འདྲེས་བཅས་བྱས་ཏེ་རང་ཉིད་ཚད་ལྡན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱས་ཏེ་ཐུན་མོང་ཐོག་ང་ཚོའི་རླབས་ཆེན་མེས་རྒྱལ་དང་སྙིང་ཉེ་བའི་སློབ་གྲྭར་དྲིན་ལན་འཇལ་དགོས་ཞེས་ཟེར།
འདི་ནི་གཟེངས་བསྟོད་ཐོབ་པའི“ཕུལ་བྱུང་སློབ་གྲྭའི་གྲོགས་མཆེད་”རེད།
               ཤེས་རྟོགས་བྱུང་གསལ་ལྟར་ན། ད་ལོ་མ་དངུལ་སྒོར་དུང་ཕྱུར་11.6བཏང་ཞིང་འཛུགས་བསྐྲུན་ས་ཁྱོན་མུའུ་500ཟིན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས་དང་བོད་ལུགས་གསོ་རིག་གི་ཞིང་ཆེན་དང་པུའུ་མཉམ་སྐྲུན་མཉམ་ལས་གསར་གཏོད་ལྟེ་གནས་ལ་སྔ་རྗེས་སུ་ཆོག་མཆན་དང་ངོས་འཛིན་བྱུང་ནས་སློབ་གྲྭ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
འདི་ནི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་དགེ་སློབ་ཚོས་སློབ་གླུ་མཉམ་ལེན་གནང་བཞིན་པ་རེད།