ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཟླ་ཆུང་གི་ངོ་མཚར་ཆེ་བའི་མི་ཚེ།

སྤེལ་དུས 2019-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་ཆུང་གིས་སྣེ་ཁྲིད་པའི་རོལ་དབྱངས་ཚོགས་པས་འབྲོག་ཁུལ་དུ་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་པ།
ཟླ་ཆུང་གིས་ཉིན་དགུང་གི་ངལ་གསོའི་དུས་ཚོད་སྤྱད་དེ་ལོང་ཡིག་གི་འགྱུར་མར་ཞུ་དག་ནན་ཏན་གཏོང་བཞིན་པ། 
          དབང་སྐྱོན་ཡིན་རུང་ལས་དབང་བཙན་པོར་མགོ་མི་སྒུར།
          ཟླ་ཆུང་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་ནས་ཡིན་ཞིང་། 2002ལོ་ནས་འགོ་བཙུགས་ཏེ་ལྷ་ས་ལོང་བའི་སློབ་གྲྭ་ནས་བོད་རྒྱ་དབྱིན་གསུམ་སྦྱངས། 2004ལོར་སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་སུ། ཁོང་ལ་ལོང་བའི་སློབ་གྲྭ་ཞིག་དང་ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ཅིག་གིས་མཉམ་ལས་བྱས་པའི་ཇོ་མོ་གླང་མའི་འགྲམ་གྱི་ལྷག་པ་རི་འཛེག་པའི་དངོས་མཚོན་གློག་བརྙན་གྱི་པར་ལེན་ལ་ཞུགས་པའི་གོ་སྐབས་ཐོབ། 
          2004ལོར། ཟླ་ཆུང་ལོང་བའི་སློབ་གྲྭ་ནས་ཐོན་རྗེས། བདེ་ཐང་གི་ཕྲུ་གུ་ཚོ་དང་མཉམ་དུ་སློབ་གྲྭ་འགྲིམ་པའི་གོ་སྐབས་ཤིག་ཐོབ་རུང་། རྨོ་བོ་དང་པཱ་ལགས་སྔ་རྗེས་སུ་ཚེ་ལས་འདས་པས། ཟླ་ཆུང་གིས་རང་ཉིད་མུ་མཐུད་སློབ་གྲྭ་འགྲིམ་པའི་གོ་སྐབས་དེ་འདོར་ཚེ། གཅུང་པོ་དང་གཅུང་མོ་གཞི་ནས་སློབ་གྲྭ་འགྲིམ་ཐུབ་པ་ཤེས་ནས། ཁོང་གིས་རང་འགུལ་ངང་སློབ་གྲྭར་འགྲོ་མཚམས་བཞག་ནས། ལོང་བའི་སློབ་གྲྭར་བསྐྱོད་དེ་འཕུར་མཉེད་ལག་རྩལ་སྦྱངས། 
          2006ལོར། ཟླ་ཆུང་གིས་ལོང་བའི་སློབ་གྲྭར་འཕུར་མཉེད་ལག་རྩལ་སྦྱོང་རིང་། ཁོང་ལ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་པེ་ཅིང་ལོང་བའི་སློབ་གྲྭས་མཉམ་དུ་གཉེར་བའི་པེ་ཅིང་དུ་དུས་ཐུང་གསོ་སྦྱོང་བྱེད་སྒོར་ཞུགས་པའི་གོ་སྐབས་ཐོབ།
          2008ལོར། ཟླ་ཆུང་གིས་ཞུགས་པའི་དངོས་མཚོན་གློག་བརྙན་དེར་ཕྱི་རྒྱལ་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བས། ཁོང་དང་མཉམ་ལས་གྲོགས་པོ་4ཨ་རིར་གདན་དྲངས་ནས། དབང་སྐྱོན་སློབ་གྲྭ་ཁག་དང་ལོང་ཁྲིད་ཁྱི་གསོ་སྦྱོང་རྟེན་གཞིར་ལྟ་སྐོར་བྱེད་པའི་གོ་སྐབས་ཐོབ་པ་དང་ཆབས་ཅིག སློབ་ཆེན་གྲགས་ཅན་ཁག་གཅིག་དང་སྤེལ་རེས་བྱེད་པའི་གོ་སྐབས་ཀྱང་ཐོབ། 2009ལོར། ཁོང་གིས་སྦྱངས་པའི་འཕུར་མཉེད་ལག་རྩལ་ལ་བརྟེན་ནས་ལོང་བའི་འཕུར་མཉེད་ལྟེ་གནས་ཤིག་བཙུགས།
“ཁ་བཏགས་དཀར་པོ”ལོང་བའི་རོལ་ཚོགས་ཀྱིས་འཁྲབ་སྟོན་བྱས་པའི་ལེ་ཚན་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་པ།
          མིག་ཟུང་མུན་པས་བསྒྲིབས་ཀྱང་བསམ་པའི་འཇིག་རྟེན་འོད་ཀྱིས་བཀང་།
          2013ལོར། ལོང་བའི་སྲོལ་རྒྱུན་གྱི་ལས་ཞུགས་ཐབས་ལམ་ལ་འགྱུར་ལྡོག་གཏོང་བ་དང་རང་ཉིད་ཀྱི་གླུ་གཞས་གཏོང་བའི་ཕུགས་བསམ་མངོན་འགྱུར་བྱ་ཆེད། ཟླ་ཆུང་གིས་གྲོགས་པོའི་འབྲེལ་བ་ལས་དགེ་རྒན་འཆི་མེད་རྡོ་རྗེ་ངོ་ཤེས། སྐབས་དེ་ནས་བཟུང་། ཁོང་གིས་རང་ཉིད་ལ་དབང་བའི་ལོང་བའི་རོལ་དབྱངས་ཚོགས་པ་ཞིག་འཛུགས་རྒྱུའི་གྲ་སྒྲིག་བྱས། དུས་ཡུན་རིང་པོ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་ལོང་བའི་རོལ་དབྱངས་ཚོགས་པ་དང་པོ་དེ་བཙུགས་ཐུབ་པ་དང་སྦྲགས། དགེ་རྒན་གྱི་སྣེ་ཁྲིད་འོག་རོལ་དབྱངས་འཁྲབ་སྟོན་དང་འགྲན་བསྡུར་སྣ་ཚོགས་ལ་ཞུགས་རྒྱུ་བྱུང་ཞིང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཁས་ལེན་དང་གདེང་འཇོག་ཐོབ་པ་རེད།
          བོད་ཀྱི་ལོང་བའི་རོལ་དབྱངས་ཚོགས་པ་དང་པོ་དེ་ཡིན་པས། 2015ལོར་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་སྐྱོར་འོག་འཁྲབ་ཚན་ཐུང་གྲས་དང་། སྙན་ངག་གྱེར་འདོན། ཁེར་གཞས། ནང་མ་སྟོད་གཞས་སོགས་ཀྱི་ལེ་ཚན་ཚུད་པའི“འཛམ་གླིང་ལ་བསྐྱར་དུ་ལྟ་བ་དང་བརྩེ་བ་མཉམ་དུ་འགྲོགས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིན་ཚོར་དགེ་ལས་མཚན་ཚོགས་གཉིས་གཉེར་བ་རེད། 
          གཞན་ཡང་། 2016ལོར་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མང་ཚོགས་སྒྱུ་རྩལ་ཁང་གི་སྣེ་ཁྲིད་འོག ཟླ་ཆུང་གི་ལོང་བའི་རོལ་དབྱངས་ཚོགས་པའི་གཞས་པ་རྣམས་ཁྲུང་ཆིང་དུ་གཉེར་བའི་སྐབས་དགུ་པའི་དབང་པོ་སྐྱོན་ཅན་གྱི་མི་རིགས་རོལ་ཆའི་འཁྲབ་སྟོན་འགྲན་བསྡུར་ཆེ་མོར་ཞུགས་རྒྱུ་བྱུང་ལ། ཁོང་ཚོར་ཨང་དང་པོའི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་རེད།
སྒྲ་སྒྱུར་གླིང་ལོང་ཡིག་ཡིག་སྒྱུར་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་མི་སྣས་ལོང་ཡིག་གི་དཔེ་དེབ་སྒྱུར་བཞིན་པ།
          ལས་ལ་བརྩོན་པའི་ལག་ཟུང་གིས་སྐྱེ་བོ་མང་པོར་དྲོ་སྐྱིད་སྦྱིན།
          2017ལོར། ཟླ་ཆུང་དང་ཁོང་གི་གྲོགས་པོ་ཁ་ཤས་ཀྱིས་ཆེད་མངགས་ལོང་ཡིག་བསླབ་གཞི་འདོན་པའི་སྒྲ་སྒྱུར་གླིང་ལོང་ཡིག་ཡིག་སྒྱུར་ཚད་ཡོད་ཀུང་སི་ཞེས་པ་མཉམ་དུ་བཙུགས་པ་དང་འབྲེལ། བོད་ལྗོངས་དཔེ་མཛོད་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ཁག་དང་མཉམ་ལས་བྱེད་འགོ་ཚུགས།
          2018ལོར། ཟླ་ཆུང་གིས་སྣེ་ཁྲིད་པའི་ཚོགས་པས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྐབས་གསུམ་པའི་གཞོན་ནུ་ལོ་ཆུང་གི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་ཨང་དང་པོ་དང་། ལྷ་ས་གྲོང་ཁྱེར་སྐབས་བཞི་པའི་གཞོན་ནུ་ལོ་ཆུང་གི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་ཨང་གཉིས་པ་བླངས།
          བོད་ཀྱི་ལོང་བ་རྣམས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས། མི་དེ་བས་མང་བས་ལོང་བར་རྒྱུས་ལོན་ཡོང་ཆེད། 2019ལོར་ཟླ་ཆུང་དང་། སྤེན་པ་དོན་གྲུབ། དཔལ་ལྡན་འཇིགས་མེད་སོགས་ཀྱིས་ལས་དོན་པ་23ཡོད་པའི“ཁ་བཏགས་དཀར་པོ”ལོང་བའི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས།
          ཟླ་ཆུང་ནི་བྱ་གཞག་གི་གྲུབ་འབྲས་གཡུར་དུ་ཟ་བའི་ལོང་བ་ཞིག་ཡིན་པ་མ་ཟད། ཁོང་ལ་ད་དུང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཀྱང་ཡོད་པ་རེད། ཟླ་ཆུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གི་བཟའ་ཟླ་ཚེ་རིང་ཆོས་སྒྲོན་ཡང་ལོང་བ་ཞིག་ཡིན་ལ། རོལ་དབྱངས་ཚོགས་པའི་ཁོངས་མིའི་གྲས་ཤིག་ཀྱང་ཡིན་ཞིང་། ད་ཆ་ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ལ་རོལ་བཞིན་ཡོད་པ་རེད།
ཟླ་ཆུང་གིས་ལོང་བའི་སློབ་མར་ལོང་ཡིག་བསླབ་གཞི་ཞལ་འདེབས་རྒྱག་བཞིན་པ།
ཟླ་ཆུང་དང་ཁོང་གི་ལོང་བའི་ལས་གཏོད་ཚོགས་པར་ཐོབ་པའི་ལག་ཁྱེར་ཁག་གཅིག
ཟླ་ཆུང་གིས་སྣེ་ཁྲིད་པའི་ལོང་བའི་ལས་གཏོད་ཚོགས་པར་ལྷ་ས་གྲོང་ཁྱེར་སྐབས་ལྔ་པའི་གཞོན་ནུ་ལོ་ཆུང་གི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ས་གཙང་རིག་གནས་ཐོན་ལས་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ།
རྩོམ་སྒྲིག་པ། བདེ་སྒྲོལ།