“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རླབས་ཆེ་བའི་ཨ་མ། གཟེངས་སུ་ཐོན་པའི་བུ་ཕྲུག

སྤེལ་དུས 2019-12-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          པདྨ་ལྷ་མོ་ལགས་ནི་ད་ལོ་དགུང་ལོ་62ལ་ཕེབས་ཤིང་། ཕྲུ་གུ་བཞིའི་ཨ་མ་ཞིག་རེད། ཁོང་ལང་ཚོ་དར་ལ་བབས་པའི་སྐབས་སུ་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་རི་གྲོང་ཞིག་ནས་རྒྱལ་རྩེ་རྫོང་གྲོང་དུ་མནའ་མར་སླེབས། དེ་ནས་ལས་དང་སྟེས་དབང་གི་རྐྱེན་པས་གཞིས་རྩེ་གྲོང་ཁྱེར་དུ་གནས་སྤོས་གནང་། ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཤིན་ཏུ་ཞན་པ་དང་རང་ཉིད་ཀྱི་སྐུ་གཟུགས་ཐང་པོ་མེད་ན་ཡང་ཕྲུ་གུ་བཞི་པོ་སྡུག་ཏུ་མི་འཇུག་རྒྱུའི་དམ་བཅའ་དེ་རྒྱུན་བསྐྱངས་གནང་བས། ད་ཆ་ཕྲུ་གུ་བཞི་པོ་ནས་བུ་རྒན་པ་ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོ་རུ་ལོ་རིམ་བཞི་པ་འགྲིམ་བཞིན་པ་དང་། བུ་འབྲིང་བ་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་གྲྭ་ཆེན་མོ་རུ་ལོ་རིམ་བཞི་པ་འགྲིམ་བཞིན་པ། བུ་ཆུང་བ་ཆིང་ཧྭ་སློབ་གྲྭ་ཆེན་མོ་རུ་ལོ་རིམ་གསུམ་པ་འགྲིམ་བཞིན་པ། ཆུང་ཤོས་ཡིན་པའི་བུ་མོ་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད།
 
མ་བུ་ལྷན་འཛོམས། 
          སྔོན་མ། པདྨ་ལྷ་མོ་ལགས་ནས་བུ་ཕྲུག་རྣམས་ཀྱི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཆེད་དང་མི་དེ་བས་མང་བ་དང་འབྲེལ་འདྲིས་བྱེད་པའི་བློ་སྤོབས་ཆེ་རུ་གཏོང་ཆེད། བུ་ཕྲུག་རྣམས་སྔ་ཕྱིར་སློབ་སྒྱུར་ཐེངས་ཁ་ཤས་གནང་བ་སྟེ། རྒྱལ་རྩེ་སློབ་ཆུང་ནས་ལྷ་ས་ཞོལ་སློབ་ཆུང་དུ་སློབ་བསྒྱུར་གནང་བ་དང་། ལྷ་ས་ཞོལ་སློབ་ཆུང་ནས་རྗེ་འབུམ་སྒང་སློབ་ཆུང་དུ་སློབ་བསྒྱུར་གནང་བ། རྗེ་འབུམ་སྒང་སློབ་ཆུང་ནས་སྙེ་ཐང་སློབ་ཆུང་དུ་སློབ་བསྒྱུར་གནང་བ། སྙེ་ཐང་སློབ་ཆུང་ནས་གཞིས་རྩེ་ས་ཁུལ་སློབ་ཆུང་དུ་སློབ་བསྒྱུར་གནང་བ་བཅས་སྤོ་སྒྱུར་ཁྲོད་ཀྱི་སློབ་ཆུང་ལོ་དྲུག་གི་ལོ་ཟླ་འདས་པའི་རྗེས།  བུ་ཕྲུག་གསུམ་པོ་ཧྲན་ཏུང་ཅི་ནན་བོད་ལྗོངས་སློབ་འབྲིང་ལ་བདེ་བླག་ངང་རྒྱུགས་འཕྲོད་དེ་མ་བུ་ཚང་མ་མི་གཞན་གྱི་ཡིད་སྨོན་འཆོར་སར་གྱུར།

མ་འོངས་པའི་རྐང་འཛིན་གསུམ།༼གཡོན་ནས་གཡས། བུ་རྒན་པ-བུ་ཆུང་བ-བུ་འབྲིང་བ།༽
          གཞིས་རྩེ་གྲོང་ཁྱེར་དུ་ཁང་པ་གླས་ནས་ལོ་33ཙམ་འཚོ་བ་བསྐྱལ་བ་ཡིན། ལོ་འདི་དག་རིང་ཆང་འཐུང་དང་། ནང་མ་ཁང་ལ་འགྲོ་བ། གླིང་ག་དང་སྐྱེས་སྐར་གཏོང་བ་སོགས་གཏན་ནས་བྱེད་མྱོང་མེད་ཅེས་པ་དེ་གསར་འགོད་པས་པདྨ་ལྷ་མོ་ལགས་ལ་དུས་རྒྱུན་འཚོ་བའི་སྐོར་བཀའ་འདྲི་ཞུ་སྐབས་གསུངས་པའི་བཀའ་མོལ་དུམ་བུ་ཞིག་རེད། དུས་རྒྱུན་ཕྲུ་གུ་ཚོར་ཤུགས་རྐྱེན་ངན་པ་མི་ཐེབས་པ་གནང་ཆེད་ཁོང་གིས་རྒྱས་སྤྲོས་དང་སྤྲོ་སྐྱིད་སོགས་ལ་རོལ་རྒྱུ་ལྟ་ཞོག ཐ་ན་ཁྱིམ་ནང་བརྙན་འཕྲིན་འཁྱུག་ཙམ་གཟིགས་པ་དེ་ཡང་དུས་ཚོད་འཕྲོ་བརླག་གཏོང་བར་དགོངས་ནས་ཞོགས་སྔ་ལངས་དགོང་ཕྱི་ཉལ་གནང་གི་ཡོད།
 
བུ་འབྲིང་བས་རང་གི་མ་ཡུམ་སློབ་གྲྭར་བཅངས་པའི་བརྩེ་བ།
          དངུལ་ཁང་ནས་བུ་ལོན་ཅུང་ཟད་གཡར་ནས་སྔོན་མ་གཞིས་རྩེ་གྲོང་ཁྱེར་རྐང་ཐང་ལམ་དུ་ཡོད་པའི་ཚོང་སྟེགས་ཆུང་ཆུང་དེ་མ་རྩ་ཆེ་རུ་བཏང་ནས་ད་ཆ་ཞོར་ཟས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་ཅིང་། དེ་ལས་སྐབས་རེ་ཉིན་རེར་སྒོར་བཞི་བཅུ་ལྔ་བཅུ་ཡོང་བ་དང་། ཡང་སྐབས་རེ་སྐར་མ་གཅིག་ཀྱང་ཡོང་གི་མེད། མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར། དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་ཁར་རང་ཉིད་སྐུ་གཟུགས་ཐང་པོ་མེད་པས། སྐབས་རེ་གློ་བུར་དུ་ན་ཚ་ལངས་ནས་སྨན་ཁང་དུ་སྡོད་དགོས་ཐུག་སྟེ་བསགས་དངུལ་ཅུང་ཟད་ཡོད་པ་དེ་དག་སྨན་ཡོན་ལ་གཏོང་དགོས་ཀྱི་ཡོད། དེ་ལྟར་ཁྱིམ་མཚེས་དྲིན་ཅན་ཚོའི་འགྲམ་ནས་སྒོར་བརྒྱ་གྲངས་རེ་གཡར་ནས་ཐག་རིང་དུ་ཡོད་པའི་ཕྲུ་གུ་གསུམ་པོར་བགོས་བགོས་སྙོམས་སྙོམས་གནང་གི་ཡོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། གོང་རིམ་གྱི་ཡང་དག་པའི་སྲིད་ཇུས་འོག བུ་རྒན་པ་དང་བུ་ཆུང་བའི་སློབ་ཡོན་སློབ་གྲྭ་ནས་བུ་ལོན་བཏང་བའི་ཁར་སློབ་དུས་རེར་འཚོ་བའི་གྲོན་དངུལ་ཏོག་ཙམ་རེ་ཁ་གསབ་གནང་གི་ཡོད་པ་དང་། བུ་ཆུང་བར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཐོབ་ཀྱི་ཡོད་པས་ཨ་མའི་ཁུར་པོ་ཡང་དུ་གང་ཙམ་གཏོང་ཐུབ་པ་བྱུང་ཡོད།



  བུ་ཆུང་བས་ལུས་རྩལ་ཐང་དུ་སྤོར་རྩལ་ངོམས་བཞིན་པ།
          གསར་འགོད་པས་ད་ལྟ་ཆིང་ཧྭ་སློབ་ཆེན་འགྲིམ་བཞིན་པའི་བུ་རིན་ཆོས་ལ་སློབ་སྦྱོང་དང་འཚོ་བའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས། སློབ་གྲྭར་ཐོག་མར་སླེབས་སྐབས་སློབ་མ་གཞན་དང་ཧེ་བག་ཆེན་པོ་ཡོད་པའི་སྣང་བ་བྱུང་། འོན་ཀྱང་དེར་ཡིད་མུག་ནས་མ་བསྡད་པར། ཉམས་ཆུང་བྱིའུ་སྔོན་ལ་འཕུར་ཞེས་པའི་དཔེ་ལྟར་ཉིན་མ་ཉིན་རེའི་འཆར་གཞི་དང་དམིགས་འབེན་ཁ་གསལ་བཟོས་པ་བརྒྱུད་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་བས།  ལོ་རིམ་གཉིས་པར་སླེབས་སྐབས་སློབ་མ་གཞན་དང་འདྲ་འདྲ་ཆགས་བྱུང་། ད་ལྟ་ཡིན་ན་སློབ་མ་གཞན་དང་རྦད་དེ་མཉམ་སྐྱོད་ཐུབ་པའི་ཁར། ད་དུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་ཐུབ་པ་སོགས་རང་གི་དགའ་ཕྱོགས་མང་པོ་ཞིག་ཀྱང་གསོ་སྐྱོང་ཡག་པོ་བྱས་ཡོད། གཞན་ཡང་། ང་ཚོ་སྤུན་གསུམ་པོས་གཟའ་འཁོར་གསུམ་རེར་ཐུག་འཕྲད་ཐེངས་རེ་བྱས་ནས། གཙོ་སྐྱོང་བྱེད་མཁན་རེས་མོས་ཀྱིས་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་དང་། སླད་ཕྱིན་གཟའ་འཁོར་གཉིས་རིང་གི་འཆར་གཞི་འདིང་བ། ཁྱིམ་ཚང་གི་གནས་ཚུལ་སྤེལ་རེས་སོགས་བྱེད་ཀྱི་ཡོད་པས་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་གྱི་འདུག་ཅེས་གསུངས།
 
བུ་སྤུན་གསུམ་གྱིས་འཆར་ཅན་གྱི་བགྲོ་གླེང་གནང་བཞིན་པ།
          པདྨ་ལྷ་མོ་ལགས་ནས། དུས་རྒྱུན་ཕྲུ་གུ་ཚོས་ང་ལ་བསམ་ཤེས་ལྷད་མེད་བྱེད་ཀྱི་ཡོད། སློབ་དུས་རེའི་ཡིག་རྒྱུགས་གཏོང་གྲབས་ཡོད་དུས། ཁོ་རང་ཚོ་ནང་ཁུལ་གྲོས་བསྡུར་བྱས་ནས་ཡིག་རྒྱུགས་གཏོང་བའི་དུས་ཚོད་ངས་ཤེས་སུ་མི་འཇུག་པ་དང་། ཡང་དུས་རྒྱུན་སློབ་གྲྭའི་ནང་འཚོ་བ་གང་འདྲ་ཡོད་མེད་སྐོར་སྐད་ཆ་འདྲི་སྐབས། ཨ་མ་ལགས། སློབ་གྲྭའི་ནང་སྒོར་མོ་གསུམ་ལ་ཁ་ལག་རྒྱགས་ཚད་ཟ་རྒྱུ་འདུག ཁྱེད་རང་ཐུགས་ཁྲལ་གནང་མི་དགོས་སོགས་ཟེར་གྱི་ཡོད་ཅེས་སེམས་འགུལ་ཐེབས་པའི་ངང་གསུངས།
 
བུ་རྒན་པས་དང་བླངས་བྱེད་སྒོར་ཟབ་ཞུགས་གནང་བཞིན་པ།
          ད་ལྟ་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོར་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་བུ་མོའི་སྐོར་གླེང་གནང་སྐབས། པདྨ་ལྷ་མོ་ལགས་ནས། བུ་མོའི་སྦྱངས་འབྲས་མོ་རང་གི་གཅེན་པོ་གསུམ་པོ་བཞིན་ལེགས་པོ་མེད། འོན་ཀྱང་འགྲིག་ཚོད་ཡོད། མོ་རང་དུས་རྒྱུན་ནང་གི་ཨ་མ་དང་གཅིག་པ་ཡིན། ངའི་ཨ་ཅག་དབང་པོ་སྐྱོན་ཅན་ཁོང་ལ་སྲི་ཞུ་བསྙེན་བཀུར་ཞུ་བའི་ཁར། སྔོ་དྲོ་སྔ་པོ་ནས་ལངས་ཏེ་འཁོར་གསུམ་རྐང་འཁོར་རྙིང་པ་དེ་བཏང་ནས་ང་རང་ཚོང་རྒྱག་སར་སྐྱེལ་བ་དང་། དེ་ནས་མོ་རང་སློབ་གྲྭར་འགྲོ་ཡི་ཡོད། ད་དུང་ནམ་རྒྱུན་གཅེན་པོ་གསུམ་པོ་གུང་གསེང་ལ་ནང་ལ་ལོག་སླེབས་སྐབས། ཁོང་ཚོར་ཁ་ལག་བཟོ་བ་དང་། གཙང་སྦྲ་བྱེད་པ་སོགས་ཚང་མ་བྱེད་ཀྱི་ཡོད་ཅེས་སྤོབས་པ་དང་བཅས་གླེང་གནང་བྱུང་། 
 
བུ་ཆུང་བའི་དབྱར་ཁའི་གུང་གསེང་རིང་གི་འཆར་གཞི།
          གསར་འགོད་པས་པདྨ་ལྷ་མོ་ལགས་ལ། ཕྲུ་གུ་སྤྱོད་ཡོན་གཉིས་ལྡན་ཞིག་ཏུ་སྐྱོང་བའི་ཐད་ཀྱི་ཉམས་མྱོང་ཅུང་ཟད་ཞིག་གླེང་གནང་རོགས་ཞུས་པར། ཁོང་གིས། གཅིག་ནས། དུས་རྒྱུན་ཕྲུ་གུ་ཚོར་གྲོན་ཆུང་བསྲི་ཚགས་བྱེད་པའི་འདུ་ཤེས་འཇགས་སུ་འཇུག་དགོས་ཀྱི་འདུག གཉིས་ནས། དུས་རྒྱུན་ཕ་མ་རང་ཉིད་ནས་ངག་འཇམ་གཤིས་འཇམ་སྒོ་ནས་སློབ་གསོ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག  གསུམ་ནས། ཕྲུ་གུས་བྱ་བ་ཆུང་ཆུང་ཞིག་སྒྲུབ་སྟངས་ནོར་ན་ལམ་སེང་གཤེ་གཤེ་མ་གཏང་བར་སྔོན་ལ་ཕྲུ་གུ་རང་ཉིད་ཀྱིས་ཐག་གཅོད་གང་འདྲ་བྱེད་མིན་ལ་བལྟ་དགོས། གལ་སྲིད་དོན་དག་ཆེན་པོ་ཡིན་ན་མཛུབ་སྟོན་ཅུང་ཟད་རེ་བྱས་ན་ཡག་པོ་འདུག དེ་འདྲ་བྱས་པ་ཡིན་ན་ཕྲུ་གུ་གཤིས་ཀ་འཇམ་པོ་དང་སྤྱོད་པ་ཡག་པོ་ཞིག་ཆགས་ཀྱི་འདུག་ཅེས་གསུངས།

བུ་ཆུང་བ་རྒྱལ་སའི་སློབ་ཆེན་ཁག་གི་རྐང་གྲུག་འགྲན་བསྡུར་ཁྲོད་ཞུགས་སྐབས། 
          དགུང་ལོ་62ལ་ཕེབས་པའི་པདྨ་ལྷ་མོ་ལགས་ཀྱི་ངོས་ནས་བརྗོད་ན། བུ་གསུམ་པོ་སློབ་གྲྭ་ཆེན་མོ་ཐོན་ལ་ཉེ་བས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ཅིག་རོལ་རྒྱུའི་འཆར་གཞི་འཐེན་ན་འགྲིག་མོད། འོན་ཀྱང་ཁོང་གི་དགོངས་ཚུལ་ནི། བུ་གསུམ་པོ་སློབ་གྲྭ་ཆེན་མོ་ཐོན་རྗེས་རང་ཉིད་གྲོང་གསེབ་ཏུ་ལོག་ནས་ལོ་མང་རིང་བོགས་མར་བཏང་བའི་ས་ཞིང་མུའུ་8.2དེ་ཚུར་བླངས་ནས་སླར་ཡང་འདེབས་འཛུགས་བྱ་རྒྱུ་དང་། ལོ་མང་རིང་ཁེར་རྐྱང་དུ་ལུས་པའི་ཁང་རྙིང་དེར་བཟོ་བཅོས་ཐེངས་གཅིག་བརྒྱབ་ནས། ཚེ་མཇུག་ལ་མུ་མཐུད་རང་གི་ལག་གཉིས་ལ་བརྟེན་ནས་རང་གི་འཚོ་རྟེན་སྒྲུབ་རྒྱུའི་འཆར་གཞི་བཏིང་གནང་འདུག

 བུ་འབྲིང་བ།
རྩོམ་སྒྲིག་པ། བདེ་སྒྲོལ།