“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དབུས་ལམ་གྱི་ཆོན་ཀུག་བང་སོ་ཨང་རྟགས་དང་པོ་རུ་ལྡེབས་རིས་གསར་བ་རྙེད།

སྤེལ་དུས 2019-12-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།
          མིག་སྔར། རྒྱལ་ཁབ་རིག་དངོས་ཅུའུ་ཡིས(གནའ་དཔྱད་ཀྲུང་གོའི)ཞིབ་འཇུག་རྣམ་གྲངས་ཀྱི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས་ཤིང་། གནའ་དཔྱད་ཀྲུང་གོའི་གྲུབ་འབྲས་གལ་ཆེན་ཐད་ཀྱི་འཕེལ་རྒྱས་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། རང་ཁུལ་གྱི་དབུས་ལམ་ཆོན་ཀུག་བོད་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་དང་གཏེར་ལམ་ཆུ་ཁོལ་དུར་ཚོགས་2018ལོའི་ཤེའུ་ཨང་རྟགས་དང་པོའི་བང་སོ་སོགས་གནའ་དཔྱད་གསར་རྙེད་ཆེན་པོ་བཞིའི་གྲས་སུ་བཞག





          དབུས་ལམ་ཆོན་ཀུག་བང་སོ་ཨང་རྟགས་དང་པོ་ནི་མཚོ་བོད་མཐོ་སྒང་ནས་ཐོག་དང་པོར་གསར་རྙེད་བྱུང་བའི་བོད་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་ཤིག་ཡིན་པ་དང་། དེ་ནི་མཚོ་བོད་མཐོ་སྒང་ནས་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན། ལྡེབས་རིས་ཀྱི་ལག་རྩལ་ལས་ཐང་རྒྱལ་རབས་ཀྱི་རི་མོའི་ཁྱད་ཆོས་མངོན་ཡོད་ལ། བརྙན་རིས་ཀྱི་ནང་དོན་རེ་རེར་མཚོ་བོད་མཐོ་སྒང་གི་འབྲོག་དམངས་འཚོ་བའི་ཁྱད་ཆོས་ཡོད་པས་ལོ་རྒྱུས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན། ཚོན་གྱིས་བྲིས་པའི་དུར་སྒམ་ཡང་མཚོ་བོད་མཐོ་སྒང་ནས་ཐོག་མར་གསར་རྙེད་བྱུང་བའི་ཁྱད་ཆོས་ལྡན་པའི་རྣམ་པ་རུ་གྲུབ་ཡོད་པ་དང་། ཁྱད་དུ་འཕགས་པའི་བཟོ་དབྱིབས་དང་ཕུན་སུམ་ཚོགས་པའི་སྒྲིག་བཀོད་ལས་གནའ་དཔྱད་རིག་དངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང¬་། རང་རྒྱལ་དང་འཇིག་རྟེན་ཡོངས་ཀྱི་གནའ་དཔྱད་ལོ་རྒྱུས་སྟེང་སྔར་ན་མེད་པའི་བྱས་རྗེས་གལ་ཆེན་བཞག་འདུག གསེར་ཚོན་བྱུག་པའི་རྒྱལ་བོའི་ཅོད་པཎ་གྱི་ཁྱད་ཆོས་ལ་གཞིགས་ན། བང་སོའི་བདག་པོ་ནི་བོད་བཙན་པོའི་དུས་སྐབས་ལ་འབྲེལ་བ་ཡོད་པ་གསལ་བོར་ཤེས་ཐུབ་ཅིང་། སྔོན་ཆད་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡང་འོད་སྟོང་ལྡན་པ་ཞིག་ཡིན་པ་རྟོགས་ཐུབ། ངོ་མཚར་བརྗོད་ལས་འདས་པའི་ལྡེབས་རིས་འདི་ནི་ཧ་ལམ་སྤྱི་ལོ་700ཡས་མས་ཀྱི་རིག་དངོས་ཤིག་ཡིན་ལ། འདི་ལས་རྒྱ་བོད་རིག་གནས་མཉམ་འདྲེས་མཉམ་འཕེལ་དང་། མཚོ་སྔོན་དར་གོས་ཚོང་ལམ་གྱི་འབྲེལ་ཡོད་ཤེས་བྱ་རྟོགས་ཐུབ་པར་མ་ཟད། བོད་བཙན་པོའི་དུས་སྐབས་ཀྱི་སྲིད་འཛིན་དང་དམག་དོན་ལམ་ལུགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་ཡང་རིན་ཐང་ཆེན་པོ་ལྡན་པ་རེད། 





           རྒྱུས་ལོན་པ་ལྟར་ན། ཆོན་ཀུག་བང་སོ་ནི་མཚོ་སྔོན་ཞིང་ཆེན་དབུས་ལམ་རྫོང་ཞིས་ལིས་འགག་གྲོང་རྡལ་ཆུ་ཤར་སྡེ་བའི་ཆོན་ཀུག་ཉེ་འགྲམ་དུ་ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་རྩད་ཞིབ་ཁྲོད་གསར་རྙེད་བྱུང་ཞིང་། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཆོག་མཆན་ཐོབ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་། ཞིང་ཆེན་རིག་དངོས་ཅུའུ་ཡི་བཀོད་སྒྲིག་ལྟར། མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། དབུས་ལམ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འཆར་འགོད་བཀོད་སྒྲིག་ལྟར། 2018ལོའི་ཟླ་9ནས་2019ལོའི་ཟླ་9བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་གནའ་དཔྱད་ཞིབ་འཇུག་ཁང་དང་མཚོ་ནུབ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་། དབུས་ལམ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཉམ་འབྲེལ་སྒོས་བང་སོར་སྔོག་འདོན་བྱས།

རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།