2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོང་གཉིས་རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་ཡག་ཤོས་གྲས་སུ་ཚུད་འདུག

སྤེལ་དུས 2019-12-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          རྒྱལ་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། བོད་ཀྱི་མི་དམངས་ཉེན་རྟོག་པ་གཉིས་མིང་བྱང་ནང་ཚུད་འདུག  ཁོང་གཉིས་པོ་ནི་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་བློ་བཟང་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྤྱི་བདེ་ཅུས་ཁང་དམར་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཤེ་ཅུན་རེད་འདུག

          བློ་བཟང་(གཡོན་གྱི་དང་པོ)དང་ཤེ་ཅུན་(གཡས་ཀྱི་དང་པོ)པེ་ཅིང་དུ་“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
          འདི་ལོའི་ཟླ་8པ་ནས་བཟུང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་མཉམ་དུ་བཀོད་སྒྲིག་བྱས་ནས་སྤེལ་བའི་རྒྱལ་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། གཞི་རིམ་དུ་གཞི་ཚུགས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། རང་འགན་ནན་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་མཁན་བཅས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཁག་གཅིག་ཐོན་ཡོད།
          མཐའ་མའི་དཔྱད་འདེམས་བྱས་རྗེས། མི་དམངས་ཉེན་རྟོག་པ་30ལ་རྒྱལ་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྒྱལ་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”དང་དམིགས་བསལ་བརྩི་བཀུར་ཞུ་འོས་པའི་བྱ་དགའ་དེ་མི་དམངས་ཉེན་རྟོག་པ་4དང་མཉམ་སྡེབ་1ལ་རག་པ་དང་། མི་དམངས་ཉེན་རྟོག་པ་35ལ་རྒྱལ་ཡོངས་ཀྱི“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་མིང་འདོན་བྱ་དགའ་ཐོབ་འདུག
          ཚོགས་འདུའི་ཐོག་བློ་བཟང་ལ་གཟི་བརྗིད་ལག་ཁྱེར་གནང་བཞིན་པ།
          བློ་བཟང་། སྐྱེས་པ། ཏང་ཡོན། བོད་རིགས། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་མྱུལ་ཞིབ་ཚན་ཁག་ནས་ཐོན།  2005ལོར་ལས་ཀར་ཞུགས། ད་ཆ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཡན་ལག་རུ་དཔོན་གཞོན་པའི་འགན་འཁུར་བཞིན་ཡོད། སྔ་རྗེས་སུ་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་5བཞག་པ་དང་། སྒེར་གྱི་གཟེངས་བསྟོད་བྱ་དགའ་ཐེངས་8ཐོབ་པ། ཕུལ་བྱུང་གཞུང་ཞབས་པའི་མཚན་སྙན་ཐེངས་2བཅས་ཐོབ་ཡོད།  2014ལོར་ལྷོ་ཁ་གྲོང་ཁྱེར་གྱི“ཉེས་གསོག་པར་རྡུང་རྡེག་གཏོང་མཁན་འཇོན་ཐང་ཅན”ཞེས་པའི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
          ཤེ་ཅུན(གཡོན་གྱི་དང་པོ)“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
          ཤེ་ཅུན། སྐྱེས་པ། ཀྲུང་གུང་ཏང་ཡོན། 2000ལོའི་ཟླ་7པར་སྤྱི་བདེའི་ལས་ཀར་ཞུགས་པ་དང་།  ད་ཆ་བོད་ལྗོངས་ཁང་དམར་རྫོང་སྤྱི་བདེ་ཅུས་ཁང་དམར་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པའི་འགན་འཁུར་བཞིན་ཡོད། ལོ་འཁོར་གྱི་ཕུལ་བྱུང་གཞུང་ཞབས་པར་ཐེངས་17བདམས་པ་དང་། སྒེར་ལ་གཟེངས་བསྟོད་བྱ་དགའ་ཐེངས་12བཀོད་པ། སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3བཞག་པ།  ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་དང་།  སྔོན་ཐོན་ལས་དོན་པ། སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།