2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་ཆེད་སྤྱོད་ཀྱི་ཐོ་ཁོངས་830བཟོས་ཏེ་གླ་ཕོགས་སྒོར་དུང་ཕྱུར་14ལྷག་ཚབ་སྤྲོད་བྱས་པ་རེད།

སྤེལ་དུས 2019-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་12པའི་ཚེས་9ཉིན་གྱི་ཕྱི་དྲོར།  རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཡོ་བསྲང་བྱེད་པར་ཆེད་དུ་ཚོགས་འདུ་འཚོགས་ཤིང་།  ཚོགས་འདུའི་ཐོག་2019ལོའི་ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་གནས་ཚུལ་ཕྱོགས་བསྡོམས་བྱས།  མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ།  2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་དཔྱད་ཞིབ་དང་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཡོ་བསྲང་བྱས་ཏེ།  དགུན་དུས་འགག་སྒྲོལ་ལས་འགུལ་གྱི་འབྲེལ་ཡོད་ལས་དོན་ཁག་ལ་གདོང་ལེན་དང་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་དུས་འགྱངས་ཆད་ཀྱི་གནད་དོན་ཡོ་བསྲང་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་28དང་།  གྲོང་ཁྱེར་(ས་གནས)བདུན་གྱི་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད།   བོད་ལྗོངས་དམག་ཁུལ་གྱི་འགན་སྲུང་པུའུ།  བོད་ལྗོངས་དངུལ་ཁང་སོགས་འབྲེལ་ཡོད་འགན་འཁུར་བ་རྣམས་ཚོགས་འདུར་ཞུགས་འདུག། 
         གླ་ཕོགས་འགྱངས་ཆད་རྩ་བ་ནས་ཡོ་བསྲང་བྱེད་པའི་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་སྟེ། 
         གླ་ཕོགས་འགྱངས་ཆད་རྩ་བ་ནས་ཡོ་བསྲང་བྱེད་ནུས་དང་དེའི་ཆུ་ཚད་མཐོ་རུ་གཏོང་དགོས། 
         2019ལོ་ནི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ལས་དོན་རྩ་བ་ནས་ཡོ་བསྲང་བྱེད་པའི་འགག་སྒྲོལ་ལོ་ཞིག་ཡིན་ལ། བོད་ལྗོངས་ཀྱིས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་རྩ་བ་ནས་གླ་ཕོགས་འགྱངས་ཆད་མེད་པར་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀའ་ལན་མཛུབ་སྟོན་གནང་བའི་དགོངས་དོན་ལྟར། བོད་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་ལས་དོན་དེ་“ཕྱོགས་ཡོངས་ནས་ཡོ་བསྲང་”དང་གཅིག་སྡུད་སྒོས་“ཕོགས་ཆད་རྩ་བཅོས”ཀྱི་དམིགས་ཚད་གསར་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཞིང་པ་ལས་མིའི་གླ་ཆ་འགྱངས་པའམ་ཆད་པ་དག་རྩ་བ་ནས་ཡོ་བསྲང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་མཐོ་ས་ནས་བལྟས་ཏེ། གླ་ཆ་འགྱངས་ཆད་རྩ་བ་ནས་ཡོ་བསྲང་བྱེད་པའི་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ནས་གླ་ཆ་འགྱངས་ཆད་རྩ་བ་ནས་ཡོ་བསྲང་བྱེད་པའི་ནུས་པ་དེང་རབས་ཅན་ལ་ཕྱོགས་པའི་ཆུ་ཚད་མཐོ་རུ་གཏོང་དགོས།   
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རང་སྐྱོང་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཡོ་བསྲང་བྱེད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་སྟངས་འཛིན་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ནས་སྙོམ་སྒྲིག་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། སྐབས་བསྟུན་བདམས་བཤེར། སྤེལ་མར་ཞིབ་བཤེར། ཉིན་རྒྱུན་གྱི་སྐོར་ཞིབ་ལས་ཀའི་ཚད་ཇེ་མང་དུ་བཏང་སྟེ།  ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཡོ་བསྲང་བྱེད་པའི་ལས་དོན་ཁག་གི་དམིགས་ཚད་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་ནས།  རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་གཞིའི་བླང་བྱར་སླེབས་པར་འགན་ལེན་བྱེད་དགོས། གྲོང་ཁྱེར་(ས་གནས། )ཁག་གིས་རང་རེའི་གྲོང་ཁྱེར་(ས་གནས། )གྱི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཡོ་བསྲང་བྱེད་པའི་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་རྒྱུར་ཞིབ་འཇུག་བྱེད་པ་དང་འབྲེལ་དུས་བཀག་ཐོག་ཚོགས་འདུ་འཚོགས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཡོ་བསྲང་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་ཡོ་བསྲང་བྱེད་པའི་ལས་དོན་ལ་དཔྱད་ཞིབ་དང་འགན་འཁྲི་འདྲི་རྩད་ལམ་ལུགས་ལག་བསྟར་བྱེད་པ། ས་ཁུལ་དེ་གའི་གླ་ཆ་འགྱངས་ཆད་ལས་དོན་གྱི་རྩིས་ཁྲ་དང་དེ་བཞིན་འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭའི་ལས་གཞིའི་རྩིས་ཁྲ་བཅས་བཟོས་པ་མ་ཟད་འགུལ་རྣམ་གསར་སྒྱུར་ཡང་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག་ས་ཁུལ་དེ་གའི་དམག་འབྲེལ་ལས་གཞི་དང་། ལྕགས་ལམ་གྱི་ལས་གཞི། འགྲིམ་འགྲུལ་དང་གཞུང་ལམ་གྱི་ལས་གཞི། སྡོད་ཁང་འཛུགས་སྐྲུན་བྱེད་པའི་གྲོང་ཁྱེར་དོ་དམ་གྱི་ལས་དོན་ལས་གཞི། གློག་ཤུགས་དང་གློག་དྲའི་ལས་གཞི་སོགས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱུང་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཕན་ཚུན་ལ་འབྲེལ་འདྲིས་དང་བྱ་བ་ལམ་ལྷོང་ཡོང་བའི་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཁག་དང་སྙོམ་སྒྲིག་གང་ལེགས་བྱས་ཏེ།   གནས་བབ་སྟངས་འཛིན་དང་ཆད་དངུལ་གཙང་འཇལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། ཟླ་12པའི་ཟླ་མཇུག་གི་སྔོན་ལ་སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གྲྭའི་ལས་གཞིའི་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ།  ལྟ་སྐུལ་དག་ཐེར་གྱི་གསལ་ཐོ་བཟོས་ནས་ཞིབ་ཕྲའི་ཐག་གཅོད་དུས་བཀག་དང་། འགན་འཁྲི་འཁུར་མཁན། བྱེ་བྲག་གི་བྱེད་ཐབས་བཅས་གསལ་ཁ་གཏོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་དཔྱད་ཞིབ་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་ནས་དཔྱད་ཞིབ་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབ་རྒྱུ་རེད། 
         ཁེ་ལས་ཀྱི་ཁྲིམས་འགལ་མ་གནས་མཐོ་རུ་གཏོང་བ། 
         ཁྲིམས་འགལ་བར་བཙན་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། 
         ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཉེས་ཆད་གཅོད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁྲིམས་ལྟར་གླ་ཆ་འགྱངས་ཆད་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ།  ཁེ་ལས་ཀྱི་ཁྲིམས་འགལ་མ་གནས་མཐོ་རུ་བཏང་ནས་ཁྲིམས་འགལ་བར་བཙན་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ལྟ་སྐུལ་སློབ་སྟོན་དང་དཔྱད་ཞིབ་ནན་པོ་བྱས་ཏེ་རྒྱལ་ཁབ་ཀྱི་དཔྱད་ཞིབ་དམིགས་ཚད་རེ་རེར་དམིགས་ཏེ་རེ་རེ་བཞིན་རང་བཤེར་དང་གྲལ་བཤེར་བྱས་ནས་མགྱོགས་མྱུར་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། དགུན་དུས་ཀྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བ། ཞིང་པ་ལས་མི་ཅུང་མང་བའི་ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་དང་ངལ་རྩོལ་གཅིག་བསྡུས་ཀྱི་ལས་རིགས་རྣམས་གཙོ་གནད་དུ་བཟུང་བ་དང་།  སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གྲྭའི་ལས་གཞི་དང་རྒྱལ་ཁབ་ཀྱི་ཁེ་ལས་ལས་གཞི། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ཁེ་ལས་གཞན་དག་འབུར་དུ་བཏོན་ནས་གླ་མཁན་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་དུས་ལྟར་འདང་ངེས་སྤྲོད་ཀྱིན་ཡོད་མེད་སྐོར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་རེད།  སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གྲྭའི་ལས་གཞི་དང་ལས་གཞིའི་ཞིབ་མཆན་ལྟ་སྐུལ་དོ་དམ། མ་དངུལ་དོན་འཁྱོལ། ལས་གྲྭའི་དངུལ་དུས་བཀག་ལྟར་རྩིས་སྤྲོད་པ་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ལས་གྲྭའི་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་དང་། ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་ཐོ་ཁོངས། ཁྱོན་ཡོངས་འགན་གཙང་ལེན་བྱེད་པའི་ཁེ་ལས་ཀྱི་ཚབ་སྤྲོད་གླ་ཕོགས། གླ་ཕོགས་ཁག་ཐེག་བྱེད་དངུལ་སོགས་གླ་ཕོགས་གཏོང་སྤྲོད་འགན་ལེན་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་པ་བཅས་བསྒྲུབ་ནས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་། ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཉེས་གསོག་གི་གནས་ཚུལ་ལ་རྡུང་རྡེག་ཚ་ནན་གཏོང་བ། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཡིད་རྟོན་ཆད་གཅོད་བསླབ་འདོམས་ཀྱི་གནས་ཚུལ་སྤེལ་བ་སོགས་བསྒྲུབ་རྒྱུ་རེད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱས་ནས་“ཆད་འགྱངས་མེད་པ་”དང་། “ཆད་འགྱངས་ཡོད་ན་རིམ་བརྒལ་ཞུ་གཏུག་མེད་པ། ” “ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་མེད་པ། ” “གླ་ཕོགས་འདེད་ལེན་གྱི་རྩིང་སྤྱོད་མེད་པ”བཅས་“མེད་པ་བཞིའི”དམིགས་ཚད་མངོན་འགྱུར་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པ་ལས་མིས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་ཁོང་ཚོར་ཁྲིམས་ལྟར་རང་གཅུན་དང་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དུས་མཚུངས་སུ་ངན་སེམས་བཅངས་ནས་གླ་ཕོགས་ཆད་པའི་ཁྲིམས་འགལ་ཁེ་ལས་ཁག་ཅིག་དུས་ཐོག་ཏུ་དམར་རྗེན་དུ་བཏོན་ནས་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་དེའི་ཟིལ་ཤུགས་ཀྱིས་འཇོམས་པའི་ནུས་པར་ཤུགས་སྣོན་རྒྱག་དགོས།  
         ད་ལོའི་ཟླ་1པོ་ནས་11པའི་བར། 
         ངལ་རྩོལ་པའི་གླ་ཕོགས་འདེད་ལེན་བྱས་པ་སྒོར་དུང་ཕྱུར་2ཟིན། 
         གསར་འགོད་པས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་1པོནས་11པར། ལྗོངས་ཡོངས་ཀྱིས་རང་འགུལ་ངང་མི་བཀོལ་ཚན་པ་10128ལ་ཞིབ་བཤེར་བྱས་པ་དང་། ངལ་རྩོལ་གན་རྒྱ་མི་ཁྲི་2.85ལ་ཁ་གསབ་བྱས་ཤིང་། ཐེར་འདོན་ཞུ་གཏུག་གྱོད་གཞི་1449བདག་སྤྲོད་དང་ཐག་གཅོད་བྱས་པ། རིམ་རྩིས་བྱས་ན་བདའ་འདེད་བྱེད་རྒྱུའི་ངལ་རྩོལ་པར་ཕོགས་ཐོབ་འཚོ་སྐྱོང་སྒོར་དུང་ཕྱུར་1.9ཟིན་པ་དེ་ངལ་རྩོལ་པ་ཁྲི་1.1དང་འབྲེལ་བ་ཡོད་པ་རེད། ལྗོངས་ཡོངས་སུ་ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་ཐོ་ཁོངས་830བཙུགས་པ་དང་། གླ་ཕོགས་གཱ་ཁྲི་5.39སྤྲད་ཅིང་། གླ་ཕོགས་སྒོར་དུང་ཕྱུར་14.53ཚབ་སྤྲོད་བྱས་ཡོད། བཅོལ་གསོག་བྱེད་པའི་ཁག་ཐེག་དངུལ་བཅོལ་ཁེ་ལས་2637ཡོད་པ་དང་། བཅོལ་གསོག་དངུལ་འབོར་སྒོར་དུང་ཕྱུར་6.95ཟིན་ཞིང་། ཁག་ཐེག་ཡི་གེའི་རྣམ་པའི་ཐོག་ནས་ཞིང་པ་ལས་མིའི་གླ་ཕོགས་ཁག་ཐེག་དངུལ་སྒོར་དུང་ཕྱུར་5.1སྤྲོད་རྒྱུ་བྱས་འདུག་པར་མ་ཟད། གླ་ཕོགས་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་6.2བཙུགས་ཡོད་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་“ཡིད་རྟོན་བོད་ལྗོངས”ལ་2019ལོའི་ངལ་རྩོལ་འགན་ལེན་གྱི་ཁྲིམས་འགལ་བྱ་སྤྱོད་གལ་ཆེན་གྱི་མིང་ཐོ་9(མི་སྒེར་ཚུད་པ)དང་། ཁེ་ལས་ཀྱིས་གླ་ཆ་འགྱངས་ཆད་བྱས་པའི་“མིང་ཐོ་ནག་པོ་”8བཅས་མངག་གཏོང་བྱས་ཤིང་། ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་གསོག་གྱོད་གཞི་15སྐྱེལ་སྤྲོད་བྱས་པ་རེད།   
         རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཧྥུའུ་ཤན་ཁྲེང་གིས་བསྟན་དོན། 2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་དཔྱད་ཞིབ་དང་གླ་ཆ་འགྱངས་ཆད་ཀྱི་དགུན་དུས་འགག་སྒྲོལ་ལས་འགུལ་གྱི་འབྲེལ་ཡོད་ལས་དོན་ལ་བསུ་བ་ཞུ་ཆེད། བོད་ལྗོངས་ཀྱིས་སྒྲིག་འཛུགས་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་གྲོང་ཁྱེར་དང་ས་ཁུལ།  ལས་རིགས་གཙོ་གཉེར་སྡེ་ཚན་ཁག་ལ་འགན་འཁྲི་དོན་འཁྱོལ་བྱས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དེ་རེད།  “སླད་ཕྱིན་ང་ཚོས་ཚོགས་འདུ་འདིའི་བཀོད་སྒྲིག་གཞིར་བཟུང་སྟེ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་། རྩིས་ཁྲ་འཛུགས་པ། གྱོད་གཞི་རེ་རེ་བཞིན་མེད་པར་བཟོ་བ། གླ་ཆ་འགྱངས་ཆད་ཀྱི་དགུན་དུས་འགག་སྒྲོལ་ལས་འགུལ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱ་རྒྱུ་ཡིན”ཞེས་ཧྥུའུ་ཤན་ཁྲེང་གིས་དེ་ལྟར་གསུངས།