2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་བྱང་ཐང་ས་མཐོའི་མཉམ་ལས་རྩ་འཛུགས་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་བ།

སྤེལ་དུས 2019-12-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པར་བོད་བྱང་ཐང་དུ་ཉི་མ་ཤར་ཡང་དྲོད་ཚད་ནི་ཀླད་ཀོར་མན་གྱི་ཏུའུ་ཁ་ཤས་སམ་ཐ་ན་ཀླད་ཀོར་མན་གྱི་ཏུའུ་བཅུ་གྲངས་ལ་སླེབས་ཐུབ། མཚོ་ངོས་ལས་མཐོ་ཚད་སྨི་4500ཡིན་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཟོག་འདྲེན་གླིང་ཞིང་ལས་ཚོང་རར་གནམ་གཤིས་གྲང་ངར་ཆེ་རུང་མི་རྣམས་ཀྱི་འགྲོ་འོང་ལ་འགོག་རྐྱེན་ཅི་ཡང་མེད་པར་མི་ཚོགས་ཀྱིས་ཁེངས་ནས་ཡོད།
            ཟླ་12པའི་ཚེས་10ཉིན། ཉིན་5རིང་གི་ནག་ཆུ་གྲོང་ཁྱེར་སྐབས་བཅུ་གསུམ་པའི་ཕྱུགས་ལས་ཐོན་རྫས་འགྲེམས་འཚོང་སྤེལ་འགོ་ཚུགས་པ་རེད། ནག་ཆུ་གྲོང་ཁྱེར་གྱི་རྫོང་ཁག་(ཆུས)11དང་ཤང་གྲོང་རྡལ་78ཡི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་300ལ་ཉེ་བ་དང་།  ཞིང་འབྲོག་དང་བོད་སྨན་གྱི་ཁེ་ལས་23གྱིས་སྐམ་ཤ་དང་ལུག་ཤ  མར་དང་ལག་ཤེས་བཟོ་ལས་ཐོན་རྫས་སོགས་སྤུས་དག་ལས་སྣོན་ཕྱུགས་ལས་ཐོན་རྫས་དང་ཞིང་ལས་ཐོན་རྫས། ལག་ཤེས་བཟོ་ལས་ཐོན་རྫས་བཅས་སྣ་ཁ་40ལྷག་ཁྱེར་ནས་འགྲེམས་འཚོང་ནང་ཞུགས་ཡོད། 
ནག་ཆུ་གྲོང་ཁྱེར་སྐབས་བཅུ་གསུམ་པའི་ཕྱུགས་ལས་ཐོན་རྫས་འགྲེམས་འཚོང་གི་ཡུལ་དངོས་སུ་འགྲེམས་འཚོང་བྱེད་བཞིན་པའི་སྐམ་ཤ་དང་ལུག་ཤ
ནག་ཆུ་གྲོང་ཁྱེར་སྐབས་བཅུ་གསུམ་པའི་ཕྱུགས་ལས་ཐོན་རྫས་འགྲེམས་འཚོང་གི་ཡུལ་དངོས་སུ་འགྲེམས་འཚོང་བྱེད་བཞིན་པའི་སྐམ་ཤ་དང་ལུག་ཤ
            ནག་ཆུ་ནི་བོད་ལྗོངས་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་ཅིང་ས་རྒྱ་ཆེ་བས་ནག་ཆུ་ལ་བྱང་ཐང་ཞེས་འབོད།  དེ་ནི་བྱང་ཕྱོགས་ཀྱི་འབྲོག་སྟོང་ཞེས་པའི་དོན་ཏེ་བོད་བྱང་ཐང་ཡང་ཟེར། ནག་ཆུ་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔ་ཡི་གྲས་གཅིག་ཡིན་ལ།  ས་བབ་མཐོ་ལ་གྲང་ངར་ཆེ་བའི་རྩྭ་ཐང་ཕྱུགས་ལས་ནི་ས་འདིའི་ཐོན་ལས་གཙོ་བོ་ཡིན་པ་མ་ཟད། ས་གནས་འདི་གའི་ཞིང་འབྲོག་མང་ཚོགས་འཚོ་གནས་བྱེད་པར་མེད་དུ་མི་རུང་བའི་སྲོལ་རྒྱུན་གྱི་ཐོན་ལས་ཤིག་ཀྱང་རེད། 
            འགྲེམས་ཚོང་མ་སྤེལ་གོང་གི་ཉིན་དང་པོར་མཚེའུ་གཉིས་རྫོང་བར་གླིང་ཤང་གི་སྐེ་ལ་སྔོ་གདོང་གྲོང་ཚོའི་འབྲོག་པ་ནོར་ཆུང་དང་ཁོང་གི་རོགས་པ་ཚོ་རླངས་འཁོར་ནང་བསྡད་ནས་སྤྱི་ལེ་300ལྷག་ཙམ་བསྐྱོད་དེ་གསེར་རྙེད་ཆུས་སུ་བསྐྱོད་པ་རེད། མཚེའུ་གཉིས་རྫོང་བར་གླིང་ཤང་གི་དབང་སེར་ཟླ་བ་ཡིས་གསར་འགོད་པར་བརྗོད་དོན། ད་ཐེངས་བར་གླིང་ཤང་གིས་དོས་སྐྱེལ་རླངས་འཁོར་ཆེ་གྲས་4དང་། ཞིང་སྤྱོད་རླངས་འཁོར་2དང་ལྗིད་ཐེག་རླངས་འཁོར་1བཅས་བཀོད་སྒྲིག་བྱས་ནས་རིན་གོང་སྒོར་ཁྲི་40ལྷག་ཙམ་ཟིན་པའི་སྐམ་ཤ་དང་ལུག་ཤ་སྐྱེལ་ནས་འགྲེམས་འཚོང་ནང་ཞུགས་ཡོད་ཅེས་ཟེར།
            “སྔོན་ཆད་བར་གླིང་ཤང་གི་འབྲོག་པས་དགུན་དུས་བཤས་པའི་སྐམ་ཤ་དང་ལུག་ཤ་མང་ཆེ་བ་རང་མཁོ་རང་སྤྲོད་ཡིན་པས་ཕལ་ཆེར་ཕྱིར་ཚོང་བྱེད་ཀྱིན་མེད། ད་ཆ་ཚང་མའི་འདུ་ཤེས་འགྱུར་ནས།  གྲོང་ཚོ་སོ་སོས་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ཏེ། མཉམ་ལས་རྩ་འཛུགས་ཀྱིས་གཅིག་གྱུར་ཐོག་ནོར་ལུག་བཤའ་བ་དང་གཅིག་གྱུར་ཐོག་ཕྱིར་ཚོང་བྱས་པས། སྐམ་ཤ་དང་ལུག་ཤ་ཕྱིར་འཚོང་ཚད་མང་དུ་ཕྱིན་ནས་ཚང་མའི་སྒོར་ཁུག་ཡང་སྔར་ལས་ཆེ་རུ་གྱུར་ཡོད།”དབང་སེར་ཟླ་བས་གསར་འགོད་པར་དེ་ལྟར་བརྗོད་པ་རེད། ཁོང་གིས་ད་དུང་བརྗོད་དོན། 2018ལོར་མཉམ་ལས་རྩ་འཛུགས་ལ་བརྟེན་ནས་སྐམ་ཤ་དང་ལུག་ཤ མར་སོགས་ཀྱི་ཐོན་རྫས་དང་དེ་བཞིན་ཁྱད་ལྡན་ཐོན་ལས་གཞན་དག་བརྒྱུད་ཚོང་བྱས་པས། བར་གླིང་ཤང་གི་མི་རེའི་ཡོང་འབབ་སྒོར་ཁྲི་1.3ཟིན་ཡོད་ཅེས་བཤད། 
དེ་ལྟར་སྐད་ཆ་ཤོད་པའི་སྐབས་སུ། མི་ཞིག་གིས་བར་གླིང་ཤང་གི་འགྲེམས་གནས་སུ་ལུག་ཤའི་རིན་གོང་དྲིས་པ་དང་ནོར་ཆུང་གིས་འཕྲལ་དུ་ལན་བཏབ། སྐམ་ཤ་དང་ལུག་ཤ་བཙོངས་ཚར་རྗེས་ཚང་མར་ད་དུང་ལས་འགན་འཕར་མ་ཞིག་ཡོད་པ་ནི་གྲོང་མི་ཚོར་འབྲུ་རིགས་དང་གྱོན་ཆས་སོགས་ཀྱི་དངོས་ཟོག་མཁོ་འདོན་བྱ་རྒྱུ་དེ་རེད། 
འགྲེམས་འཚོང་ལ་ཉུལ་བའི་མང་ཚོགས་ཀྱིས་སྐམ་ཤ་ཁུར་ནས་ཕྱིར་ལོག་པ།
འགྲེམས་འཚོང་ལ་ཉུལ་བའི་མང་ཚོགས་ཀྱིས་སྐམ་ཤ་དང་ལུག་ཤ་ཉོ་བ།
འགྲེམས་འཚོང་ལ་ཉུལ་བའི་མང་ཚོགས་ཀྱིས་མར་སོགས་འོ་མའི་ཐོན་རྫས་ཀྱི་སྐོར་ཉོ་བ།
            རྒྱལ་ཁའི་ངང་སྐབས་བཅུ་གཉིས་སྤེལ་ཟིན་པའི་ནག་ཆུའི་ཕྱུགས་ལས་ཐོན་རྫས་འགྲེམས་འཚོང་ནི་ས་གནས་དེ་གའི་འབྲོག་ལས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཕྱུགས་རིགས་ཕྱིར་ཚོང་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་རེད། ནག་ཆུ་གྲོང་ཁྱེར་གྱི་ཕྱུགས་ལས་ཐོན་རྫས་འགྲེམས་ཚོང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་འགྲེམས་ཚོང་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་རྒྱ་ཆེ་རུ་ཕྱིན་པ་དང་། འགྲེམས་ཞུགས་ཚོང་ཟོག་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། འགྲེམས་ཚོང་ཉིན་དང་པོར་འགྲེམས་འཚོང་ནང་ཞུགས་པའི་རླངས་འཁོར་700ལྷག་ཙམ་དང་ཞུགས་མཁན་ཞིང་འབྲོག་མང་ཚོགས་7000ལྷག་ཙམ་ཡོད་པ་དང་།  སྔོན་དཔག་ལྟར་ན་ད་ལོ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.5ལས་བརྒལ་སྲིད་པ་རེད། 
            གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། ནོར་ལུག་གི་ཤ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེ་ཆུང་ཚང་མར་གནས་སྐབས་སུ་བརྒྱབ་པའི་ཁྲོམ་ར་ཕུད། ད་དུང་ཞིང་ལས་ཐོན་རྫས་དང་འོ་མའི་ཐོན་རྫས་སོགས་ཀྱི་ཁང་པའི་ནང་གི་ཁྲོམ་ར་ཞིག་ཀྱང་ཡོད།
            འབྲི་རུ་རྫོང་ཆགས་རྩེ་ཤང་ཆུ་རོང་མདོ་གྲོང་ཚོའི་གྲོང་མི་ཚེ་ཐར་ཕུན་ཚོགས་ཀྱིས་རང་ཉིད་ཀྱིས་སྣེ་ཁྲིད་དེ་བཙུགས་པའི་ཆགས་རྩེ་ཤང་ཆུ་འཐག་རྩམ་པ་མཉམ་ལས་ཁང་གི་ཐོན་སྐྱེད་བྱས་པའི་རྩམ་པ་དང་བོད་ལུགས་ལག་བཟོའི་ཁུག་མ་སོགས་འཁྱེར་ནས་འགྲེམས་འཚོང་ནང་ཞུགས་པ་རེད། ཚེ་ཐར་ཕུན་ཚོགས་ཀྱིས་བརྗོད་དོན། མིག་སྔར་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་མཁན་ཁྱིམ་ཚང་115དང་མི་གྲངས་565ཡོད། 2018ལོར་བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་ཚོང་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱིར་ཚོང་སོགས་ཀྱི་ལས་སྟེགས་བརྒྱུད་མཉམ་ལས་ཁང་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་47བྱུང་ནས།  ས་གནས་དེ་གའི་གྲོང་མིའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།
            ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་འབྲོག་པའི་ཡོང་འབབ་འཕར་སྣོན་དང་། འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། འབྲོག་ཁུལ་གྱི་རྣམ་པ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཡོད། 
            མཉམ་ལས་རྩ་འཛུགས་1540ཡིས་མང་ཚོགས་ཁྱིམ་ཚང་ཁྲི་7.35དང་མི་ཁྲི་32.29 སྐུལ་ཁྲིད་བྱས་ཡོད་ལ། མ་རྐང་ནང་ཞུགས་པའི་ཕྱུགས་རིགས་ཁ་གྲངས་ཁྲི་79.67ཡོད་པ་དང་། མ་རྐང་ནང་ཞུགས་པའི་རྩྭ་ར་ཧ་ལམ་ས་མུའུ་དུང་ཕྱུར་1.49ཡོད་པས། ཤང་གྲོང་དང་སྲིད་འཛིན་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་ཚང་མར་ཁྱབ་པ་མངོན་འགྱུར་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཚང་མར་ཁྱབ་ཡོད་སྟབས། འབྲོག་ཁུལ་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བར་སྐུལ་འདེད་བཟང་པོ་ཐེབས་པ་རེད།