2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ“ཞེས་པའི་དྲ་ལམ་གྱི་འགྲེམས་པར་ཅིང་ཏུང་སྟེང་མངོན་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས། བཀྲ་ཤིས་ལྷུན་པོ་དགོན་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ“ཞེས་པའི་འགྲེམས་སྟོན་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེས་པ་རེད། འགྲེམས་སྟོན་དེ“རི་རབ་ཚེ་གཡང་ནས་གོང་མའི་ཕོ་བྲང”དང་། “བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཡོང་བའི་སྒྱུ་རྩལ”“པཎ་ཆེན་སྐུ་ཕྲེང་དྲུག་པའི་ཤུལ་དངོས་རྩ་ཆེན”སོགས་རིག་དངོས་གསུམ་གྱི་ཆེད་དོན་འགྲེམས་སྟོན་དང་། “བཀྲ་ཤིས་ཞི་མཐུན”གྱི་རིག་གནས་གསར་གཏོད་འགྲེམས་ཁུལ་བཅས་སུ་བགར་ཡོད་པ་རེད། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་བཀྲ་ཤིས་ལྷུན་པོ་དགོན་པའི་རིག་གནས་གསར་གཏོད་ཚོང་རྟགས་གྲགས་ཅན“བཀྲ་ཤིས་དར་ཚོན” གཉིས་ཀྱིས་ཐུན་མོང་ཐོག་གསར་གཏོད་བྱས་པའི“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་ཐོན་རྫས་རབ་དང་རིམ་པ་གནས་འདིར་མངོན་ཏེ།  འགྲེམས་སྟོན་ནང་ཞུགས་མཁན་གྱི་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས་ཤིང་། དུས་མཚུངས་སུ་གནའ་བོའི་ཕོ་བྲང་རིག་དངོས་གསར་གཏོད་ལྟེ་གནས་ཚོང་ཁང་གིས་ད་རུང་ཅིང་ཏུང་དྲ་འཚོང་སྟེགས་བུ་དང་མཉམ་འབྲེལ་བྱས་ཏེ“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་དྲ་ལམ་གྱི་འགྲེམས་སྟོན་སྤེལ་ནས། འབྲེལ་ཡོད་ཀྱི་ཐོན་རྫས་ཁག་ཅིང་ཏུང་ཚོང་ར་ནས་ཐོག་མར་འགྲེམས་ཚོང་བྱས། 

འདི་ནི་རིག་གནས་གསར་གཏོད་ལྟེ་གནས་ཚོང་ཁང་དང་ཅིང་ཏུང་གཉིས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི”བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་དྲ་ལམ་གྱི་འགྲེམས་སྟོན་རེད།

འདི་ནི་རིག་གནས་གསར་གཏོད་ལྟེ་གནས་ཚོང་ཁང་དང་ཅིང་ཏུང་གཉིས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི”བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་དྲ་ལམ་གྱི་འགྲེམས་སྟོན་དུ་བཀྲམས་པའི་རིག་དངོས་གསར་གཏོད་ཀྱི་ཐོན་རྫས་རེད།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀས་ཐུན་མོང་ཐོག་སྤེལ་བའི“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་རིག་གནས་གསར་གཏོད་ཐོན་རྫས་ཁག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་། རྡོ་རྗེ། བཀྲ་ཤིས་གླང་ཆེན་སོགས་ཀྱི་རིག་དངོས་གསར་གཏོད་ཀྱི་ཕྱི་འགྱུར་ཐོན་རྫས་རབ་དང་རིམ་པ་མང་པོ་ཡོད་ཅིང་། དེ་དག་ཚང་མ་གནའ་བོའི་ཕོ་བྲང་འགྲེམས་སྟོན་གྱི་ཡུལ་དངོས་སུ་འགྲེམས་སྟོན་བྱས་འདུག་པ་དང་། རིག་དངོས་གསར་གཏོད་ཐོན་རྫས་འདི་དག་གི་ཕྱི་དབྱིབས་མཛེས་ཤིང་རྣམ་པ་མི་འདྲ་བས་འཚོ་བར་བཅངས་པའི་རེ་སྨོན་བཟང་པོས་ཁེངས་ཏེ་འཛད་སྤྱོད་མཁན་མང་པོའི་ཡིད་དབང་བཀུག་ཡོད། 
ཐེངས་འདིའི་གནའ་བོའི་ཕོ་བྲང་འགྲེམས་སྟོན་གྱི་ཡུལ་དངོས་སུ་བཀྲམས་པའི“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་རིག་དངོས་གསར་གཏོད་ཐོན་རྫས་ཁག་ཚང་མར་གློག་རྡུལ་གྱི་རིན་གོང་བཀོད་ཡོད་པས། འཛད་སྤྱོད་པ་འགྲེམས་སྟོན་ནང་མྱུལ་སྐབས་རང་ཉིད་ཀྱིས་བློར་འབབ་པའི་ཐོན་རྫས་མཐོང་དུས་ཐད་ཀར་དུ་ཨང་གཉིས་རྩ་བཤེར་བརྒྱུད་ནས་གློག་རྡུལ་ཚོང་རའི་ལས་སྟེགས་སུ་ཉོ་སྒྲུབ་བྱས་ཆོག་པ་དང་། ཉོས་རྗེས་ཐོན་རྫས་ཁྱིམ་དུ་སྐྱེལ་བ་ཡིན་པས་ཧ་ཅང་མྱུར་ཞིང་སྟབས་བདེ་ཡིན། 
          དུས་མཚུངས་སུ་གནའ་བོའི་ཕོ་བྲང་རིག་དངོས་གསར་གཏོད་ཚོང་ཁང་དང་ཅིང་ཏུང་གཉིས་ཀྱིས་མཉམ་འབྲེལ་སྒོས་བཟོས་པའི་དྲ་ལམ་འགྲེམས་སྟོན་གྱིས་དུས་མཉམ་སྒོས་འགྲེམས་སྟོན་ཁྲོད་ཀྱི་རིག་དངོས་གསར་གཏོད་ཐོན་རྫས་སྤེལ་བར་མ་ཟད། ཡུལ་དངོས་སུ་འགྲོ་མི་ཐུབ་པའི་འཛད་སྤྱོད་པར་ཡང་འགྲེམས་སྟོན་དུ་མྱུལ་བའི་སྤྲོ་བ་མྱོང་དུ་འཇུག་པ་དང་། ད་རུང་གཟིགས་སྐྱོང་མང་པོར་བརྟེན་ནས་ཕན་བདེའི་བྱ་དགའ་མང་པོ་འཐོབ་རྒྱུ་ཡོད་པ་རེད། 
          ཐེངས་འདིར་འགྲེམས་སྟོན་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པའི་རིག་གནས་གསར་གཏོད་ཚོང་རྟགས་གྲགས་ཅན་ཐོན་རྫས་ཀྱི་རྗེས་སུ་ད་རུང་དྲ་ཐོག་ནས་བཀྲ་ཤིས་ལྷུན་པོ་དགོན་པ་ཚོང་ཁང་གི་དྲ་ལམ་དང་སྦྲེལ་ནས་ཕྱིར་འཚོང་བྱེད་མགོ་བརྩམ་རྒྱུ་ཡིན་ཞིང་། འདིའང་བཀྲ་ཤིས་ལྷུན་པོ་དགོན་པས་རིག་དངོས་གསར་གཏོད་ཚོང་རྟགས་གྲགས་ཅན་གྱི་གློག་རྡུལ་ལས་སྟེགས་དང་ཐོག་མར་མཉམ་འབྲེལ་བྱས་ནས་སྤེལ་བ་ཡིན་ཞིང་། མི་དེ་བས་མང་པོར་བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུས་ལོན་བྱེད་དུ་བཅུག་ནས་བོད་ལྗོངས་ཀྱི་རིག་དངོས་གསར་གཏོད་ཀྱི་ཐོན་རྫས་དེ་བས་ལེགས་པའི་སྒོ་ནས་ཁྲོམ་རར་ཕྱོགས་པར་རམ་འདེགས་བྱས་འདུག 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།