“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལས་གཏོད་ལམ་ལྷོངས་བྱུང་བ་དངུལ་རྩའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།

—— ཞིང་ལས་དངུལ་ཁང་ལྷ་རྩེ་རྫོང་ཉིང་ལག་དངུལ་ཁང་གིས་དགྲ་འདུལ་གྱི་ལས་གཏོད་ལ་རམ་འདེགས་བྱས་པའི་སྐོར།

སྤེལ་དུས 2019-12-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ལྷ་རྩེ་རྫོང་འདི་ཉིད་གཞིས་རྩེའི་ནུབ་རྒྱུད་དུ་གནས་པ་དང་གཞིས་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་150ལྷག་ཙམ་ཡོད་པས་གཞིས་རྩེའི་ནུབ་རྒྱུད་ཀྱི་དཔལ་འབྱོར་དང་། འགྲིམ་འགྲུལ། རིག་གནས་བཅས་ཀྱི་ལྟེ་བ་ཡིན། རྫོང་གྲོང་གི་ཀྲུང་ནེ་གཞུང་ལམ་གྱི་བྱང་རྒྱུད་དང་བར་ཐག་སྤྱི་ལེ་1ཆོད་པའི་སར་ཆུ་ཤར་གྲོང་རྡལ་དུ་གླིང་གྲོང་ཚོ་གནས་་ཡོད་པ་དང་། དེར་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡོད། ཁོང་ནི་ལྷ་རྩེ་རྫོང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཞིང་པའི་གསོ་ཚགས་ཆེད་ལས་དུད་ཚང་གི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐུས་མི་དགྲ་འདུལ་ཡིན།
            དགྲ་འདུལ་ནི་ལྷ་རྩེ་རྫོང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ཅན་ཞིག་ཡིན་ཞིང་། ལོ་ན་གཞོན་པའི་སྐབས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། དབུལ་པོ་ལས་སྔ་ཙམ་སྒྲོལ་ཐུབ་ཕྱིར། ཁོང་གིས་འཁང་ར་སྤུ་ཙམ་ཡང་མེད་པར་བཟའ་ཟླ་དང་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་བྱས།
            ཞིང་ལས་དངུལ་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་དགྲ་འདུལ་གྱིས་ཁྲོམ་རའི་གོ་སྐབས་རེ་རེ་བཞིན་དམ་འཛིན་བྱས་ནས་ད་བར་དེའི་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མདུན་སྐྱོད་བྱེད་བཞིན་ཡོད།
            ད་ཆ་ཁོང་གིས་གཞི་ཁྱོན་ཅུང་ཆེ་བའི་བ་གསོ་ར་བ་དང་བྱ་གསོ་ར་བ་ཞིག་གཉེར་སྐྱོང་བྱས་ཡོད། དགྲ་འདུལ་དབུལ་སྒྲོལ་བྱུང་བ་དེ་ལྷ་རྩེའི་ཞིང་ལས་དངུལ་ཁང་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
            2003ལོའི་ལོ་འགོར་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། སྐབས་དེ་དུས་ཞིང་ལས་དངུལ་ཁང་གི་ཟངས་བྱང་གི་དངུལ་བུན་གཡར་བའི་ཐོབ་ཐང་ཐོག་ནས་དགྲ་འདུལ་གྱིས་ཞིང་ལས་དངུལ་ཁང་ལྷ་རྩེ་ཆུ་ཤར་ལས་གཉེར་ཁང་ནས་དབུལ་སྐྱོར་དངུལ་བུན་སྒོར་3000གཡར་ཏེ་གྲོང་ཚོའི་ནང་ཚོང་ཁང་དང་པོ་དེ་བཙུགས་པ་རེད། ལོ་གཉིས་ལྷག་ཙམ་དཀའ་ལས་བརྒྱབ་པ་བརྒྱུད། 2005ལོར་ཁོང་གིས་གཡར་བའི་དངུལ་བུན་གྱི་མ་སྐྱེད་འཇལ་བ་མ་ཟད། ད་དུང་ཚོང་གི་ཉམས་མྱོང་ཡང་ངེས་ཅན་ཞིག་བསགས་ལ་མི་ཚེའི་ཡོང་འབབ་དང་པོ་དེའང་བྱུང་བ་རེད།
            2006ལོར། ཞིང་ལས་དངུལ་ཁང་ལྷ་རྩེ་ཆུ་ཤར་ལས་གཉེར་ཁང་གིས་དགྲ་འདུལ་གྱི་ལས་བརྩོན་ཕྱུག་འགྱུར་གྱི་རེ་འདུན་དང་། དེ་བཞིན་དེ་གོང་གི་དངུལ་བུན་གཡར་བར་འབྲས་བུ་ཐོབ་པ་མཐོང་རྗེས། དགྲ་འདུལ་ཁྱིམ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཟངས་བྱང་དེ་གསེར་བྱང་ལ་སྤར་བ་རེད། རིམ་སྤོར་བྱས་རྗེས་དགྲ་འདུལ་གྱིས་སྒོར་ཁྲི་6གི་དངུལ་བུན་གཡར་ནས་སྤུས་ལེགས་ཀྱི་བཞོན་མ་8ཉོས་ཏེ་ཆུ་ཤར་གྲོང་རྡལ་དུ་བ་གསོ་ར་བ་དང་པོ་དེ་བསྐྲུན་པ་རེད།
            གསོ་ཚགས་ར་བའི་གཟན་རྩྭའི་དགོས་མཁོ་ཐག་གཅོད་བྱ་ཆེད། དགྲ་འདུལ་གྱིས་གྲོང་ཚོའི་བེད་མེད་ས་ཆ་རྨོ་ཞིང་བཟོས་ནས་རྨོ་ཞིང་གི་རྒྱ་ཁྱོན་མུའུ་37ནས་120བར་མང་དུ་བཏང་བས་འབྲུ་རིགས་ཀྱི་ཐོན་འབབ་མང་དུ་ཕྱིན་ཡོད་ལ་གསོ་ཚགས་ར་བའི་གཟན་རྩྭའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།
            2013ལོར། ཞིང་ལས་དངུལ་ཁང་ལྷ་རྩེ་ཆུ་ཤར་ལས་གཉེར་ཁང་གིས་དགྲ་འདུལ་གྱི་མ་དངུལ་དགོས་མཁོ་དང་དེ་བཞིན་ཁྲོམ་རའི་གནས་ཚུལ་ལ་གཞིགས་ཏེ་ཁོང་ལ་བསྐྱར་དུ་སྒོར་ཁྲི་20ཡི་དངུལ་བུན་བཏང་ནས་བོད་བྱའི་གསོ་ཚགས་ར་བ་ཞིག་གཉེར་རོགས་བྱས་པ་རེད།
            ད་ཆ་དགྲ་འདུལ་གྱིས་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་ཞིག་བརྒྱབ་ཡོད་ལ་ཁོང་གིས་ཏང་གི་དམངས་ཕྱུག་སྲིད་ཇུས་ལ་དྲིན་ལན་འཇལ་ཆེད། རང་ཁྱིམ་གྱི་བེའུ་10གྲོང་ཚོའི་དུད་ཚང་དབུལ་པོར་སྟེར་ནས་ཁོང་ཚོ་དང་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།
            རྒྱུན་དུ་དགྲ་འདུལ་གྱིས་དགའ་ཉེ་སྤུན་མཆེད་ལ“ང་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་དེ་ཞིང་ལས་དངུལ་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཞིང་ལས་དངུལ་ཁང་གི་རྒྱབ་སྐྱོར་མེད་ན་དེ་རིང་གི་ཡོད་ཚད་ཐོབ་མི་སྲིད་པས་ངས་སེམས་གཏིང་ནས་ཏང་དང་ཞིང་ལས་དངུལ་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་ཀྱི་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།