དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་ལ་གཟེངས་བསྟོད་བྱས་འདུག

སྤེལ་དུས 2020-01-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
        ཉེ་ཆར། ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་འདུག 

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་གནང་བ།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཞུགས་པ་རེད། 
        ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་དུས་བདེ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་ཡང་ཧ་ཅང་ལྕི་བས། རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཁ་ཕྱོགས་ཡང་དག་འགན་ལེན་བྱས་ཏེ། ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ལེགས་ཆ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ལ་ཧུར་ཐག་སྒྱུར་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འགོག་མཉམ་བཅོས་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དུས་བདེ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས། སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དང་སྤྱི་ཚོགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་རང་བཞིན་དང་། མཉམ་རུབ་ཀྱི་རང་བཞིན། གནད་སྨིན་གྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་གསར་གཏོད་ཕན་ཚུན་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་། ཚོད་ལྟ་སྔོན་ལ་ལག་བསྟར་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། འབྱུང་རྩ་བཅོས་སྐྱོང་གི་འདུ་ཤེས་བཅངས་ཏེ་འབྱུང་རྩ་ནས་སྔོན་འགོག་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་འགལ་ཟླ་འགོག་ཟོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་དགོན་སྡེ་དང་སྤྱི་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། སྔོན་ཐོན་གྱིས་སྐུལ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་དང་། བརྟན་ལྷིང་གི་རྨང་གཞི། ནུས་པ་འཛུགས་སྐྱོང་བཅས་ཆེ་རུ་བཏང་སྟེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་མཐའ་འཁྱོངས་ཀྱིས་ནག་སེལ་གཤེད་འཇོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། གནད་སྨིན་དོན་འཁྱོལ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་དམིགས་ཚད་ལས་འགན་དོན་འཁྱོལ་གྱིས་བཀོད་སྒྲིག་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། 
        དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཕུལ་བྱུང་གྲོང་ཁྱེར་དང་ས་ཁུལ་གྱི་འཐུས་མི་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་འཐུས་མིས་ཚོགས་ཆེན་ལ་སྤེལ་རེས་དང་གཏམ་བཤད་བྱས་པ་རེད།