དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཞུགས་མོལ་གནང་བ།

སྤེལ་དུས 2020-01-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་རྣམ་པ་དང་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ།
           དཔྱིད་གསར་དུས་ཆེན་དང་བོད་ལྕགས་བྱི་ལོའི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ“མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རག་སྡིས་ལ་གཟིགས་པར་ཕེབས་ནས། ཁོང་རྣམ་པར་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་སྦྲགས། ཚང་མའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་རྣམ་པ་དང་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་མ་ཟད། ཁོང་རྣམ་པ་འཚོ་བ་བདེ་ཞིང་སྐྱིད་པ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ལིའུ་ཅང་བཅས་ཕེབས་པ་རེད།
           རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས། བུ་ཆུང་། ཐུབ་བསྟན་ཚེ་དབང་། ཚུལ་ཁྲིམས། བསོད་ནམས་དར་རྒྱས། རྒྱ་མཚོ། སུན་ཆི་ཝུན། ཆོས་རྒྱལ། བྱམས་པ་དཀར་ལྡན། བློ་བཟང་དོན་གྲུབ། པད་གྲགས། རྡོ་རྗེ། མཱ་ཙེ་པི། ཉི་མ་དགྲ་འདུལ། ཀྲའོ་ལན། ཉི་མ་ཚེ་རིང་། ཚེ་རིང་། མཱ་རུའུ་ལུང་། སྐར་མ། ཀྲའོ་ཧོ། སྐལ་བཟང་ཚེ་རིང་། ཚེ་བརྟན་སྒྲོལ་མ། ཤང་དབྱང་། བསམ་གྲུབ། བདེ་སྐྱིད་མཚོ་མོ། པ་སངས་དོན་གྲུབ། ཆའོ་ཡོན་ཀྲུང་། དོན་གྲུབ། ཚེ་རིང་སྒྲོལ་དཀར། ཆོས་རྒྱལ། རྒྱལ་པོ། ཕུན་ཚོགས། ཡེ་ཤེས་བསྟན་འཛིན། དགྲ་སྨོན་འཕྲིན་ལས་དབང་རྒྱལ། བསོད་ནམས་སྒྲོལ་མ། དབྱངས་ཅན། བློ་བཟང་རྡོ་རྗེ། མཚམས་ཆུང་། པད་མ་རྣམ་རྒྱལ། ཚེ་དབང་སྟོབས་རྒྱལ་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
           ཝུའུ་དབྱིང་ཅེས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མ་ཟད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་བཅངས་གནང་སྟེ། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་འཆར་གཞི་འགོད་གནང་བ་དང་ཁ་ཕྱོགས་སྟངས་འཛིན་གནང་ཐོག མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། གཙོ་གནད་རྣམ་གྲངས་འབོར་ཆེན་གཏན་འཁེལ་གནང་བ་བཅས་ཀྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་བསྟན་གནང་ཡོད་པས། བོད་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་མ་ཤུགས་ཆེན་ཐེབས་ལ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་ཆེན་པོ་བྱུང་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དང་འཆར་གཞི་བཀོད་གནང་བའི་གྲུབ་འབྲས་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་འཁུར་གནང་བའི་གྲུབ་འབྲས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གྱི་གྲུབ་འབྲས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་འཐབ་ཇུས་ལྟར་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་བཅས་རེད་ལ། སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་ཀྱི་ཚན་ཁག་དང་འགོ་ཁྲིད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་ཁྲག་དང་རྔུལ་ཆུ་གཅིག་ཏུའང་འདུས་ཡོད།
           ཝུའུ་དབྱིང་ཅེས་བསྟན་དོན། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོ་ནི་བོད་ཀྱི་གསར་བརྗེའི་བྱ་གཞག་ལ་ཞུགས་མཁན་དང་དཔང་པོ་རེད་ལ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཏོད་མཁན་དང་རྒྱུན་འཛིན་པའང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་རྒན་བཀུར་མཁས་བརྩི་དང་ལས་བྱེད་པ་དང་བློ་མཐུན་རྒན་གྲས་ལ་བརྩི་བཀུར་ཞུ་བ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་གཏོད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལས་བྱེད་པ་དང་བློ་མཐུན་རྒན་གྲས་ཀྱི་ཆབ་སྲིད་དང་འཚོ་བའི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྲོ་སེམས་འཁོལ་པོ་དང་ལྷག་བསམ་དག་པོས་ལས་བྱེད་པ་དང་བློ་མཐུན་རྒན་གྲས་ལ་ཞབས་འདེགས་ཞུ་བ། ལས་བྱེད་པ་དང་བློ་མཐུན་རྒན་གྲས་ལ་བྱ་བཟང་དང་བྱ་བ་དངོས་བསྒྲུབས་ཤིང་དཀའ་ངལ་བསལ་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལས་བྱེད་པ་དང་བློ་མཐུན་རྒན་གྲས་ཀྱི་སེམས་དབུས་སུ་ཏན་ཏིག་ཟུག་པར་བྱས་ཐོག ལས་བྱེད་པ་དང་བློ་མཐུན་རྒན་གྲས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཏན་ཏིག་བཏང་ནས། ལས་བྱེད་པ་དང་བློ་མཐུན་རྒན་གྲས་ཚེ་མཇུག་སྤྲོ་པོ་ཡོང་བར་བྱེད་དགོས།
           རྒྱལ་མཚན་ནོར་བུ་དང་། ཐུབ་བསྟན་ཚེ་དབང་། རྒྱ་མཚོ། མཱ་རུའུ་ལུང་། ཆའོ་ཡོན་ཀྲུང་སོགས་བློ་མཐུན་རྒན་གྲས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཉེ་བའི་ལོ་ཤས་རིང་དུ་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ལས་སྙིང་སྟོབས་རབ་ཏུ་འཕེལ་སོང་བས། རང་ངོས་ཀྱི་ལེགས་ཆ་དང་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གང་ནུས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།