དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་ལ་སྐྱོད་མཁན་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣར་ཕེབས་སྐྱེལ་ཞུས་པ།

སྤེལ་དུས 2020-02-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་2ཚེས་16ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་འཐབ་ས་དང་པོར་སྐྱོད་མཁན་ཚོར་ཕེབས་སྐྱེལ་ཞུས་པ་དང་ཚང་མར་མཇལ་དར་གཡོག་སྟེ་སྨོན་འདུན་ཞུ་བཞིན་པ།
         རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་ཆེད། ཚེས་17ཉིན། རང་ལྗོངས་ཀྱིས་འཕྲལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་3ཧུའུ་པེར་རིམས་ནད་རིག་པར་བརྟག་དཔྱད་དང་གྲལ་བཤེར་གྱི་ལས་དོན་སྤེལ་བར་མངགས་པ་རེད། ཚེས་16ཉིན་གྱི་མཚན་མོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་འཐབ་ས་དང་པོར་སྐྱོད་མཁན་ཚོར་ཕེབས་སྐྱེལ་ཞུས་པ་དང་ཚང་མར་མཇལ་དར་གཡོག་སྟེ་བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་སྔ་སྣུར་དུ་ཞུས་ཤིང་། ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཡག་པོ་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
         ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།
         ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་བཀོད་འདོམས་གནང་སྟེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ་ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ལ་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས་པས་ཧུའུ་པེའི་མི་དམངས་ལ་དཀའ་ངལ་འཕྲད་དུས་བོད་ཀྱི་མི་དམངས་ཀྱིས་ངེས་པར་དུ་རོགས་སྐྱོར་བྱེད་དགོས་པ་ནི་སྨོས་མེད་རེད། ཁྱེད་ཚོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་340ཙམ་དང་། བོད་ཀྱི་གུང་ཁྲན་ཏང་ཡོན་ཁྲི་ཚོ་39ཡི་ཚབ་ཞུས་ཏེ་ཧུའུ་པེའི་འཐབ་ས་དང་པོར་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ནང་ཞུགས་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་དེ་ནི་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་རེད། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དཔའ་ངར་ཆེར་སྐྱེད་ཀྱིས་ཕྱིར་ཐོན་པ། དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱེད་པ་བཅས་བྱས་ནས་བོད་ཀྱི་ཏང་ཡོན་དང་ལས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཧུའུ་པེ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་དྲིན་ལན་འཇལ་དགོས་པ་དང་། ཁྱེད་ཚོས་བཀོད་འདོམས་ལ་ཉན་པ་དང་། འགོ་ཁྲིད་ཀྱི་བཀའ་ལ་ཉན་པ། གོ་རིམ་ནན་པོ་སྲུང་བ། ལས་ཀ་ནན་ཏན་བྱེད་པ། ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་བ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ལས་ཀའི་ཉམས་འགྱུར་མངོན་པར་བྱེད་པ་དང་། ལས་དོན་ཏན་ཏིག་བསྒྲུབས་ནས་མི་རིགས་བར་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ། ཁྱེད་ཚོས་རང་ཉིད་ཀྱི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལས་དོན་ཁག་བདེ་བླག་ངང་ལེགས་པར་བསྒྲུབས་ཏེ་བདེ་མ་ཐང་མ་དང་རྒྱལ་ཁའི་ངང་ཁྱིམ་དུ་ལོག་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཡག་པོ་བྱས་ཏེ་ཞབས་ཞུའི་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། དམག་འཐབ་ནང་ཞུགས་མཁན་བློ་མཐུན་ཚང་མའི་གཟུགས་གཞི་དང་འཚོ་བར་ཚད་མཐོའི་མཐོང་ཆེན་བྱེད་པ། སེམས་རྩ་འཁོལ་པོས་བློ་མཐུན་ཚོའི་ནང་མིར་ལྟ་རྟོག་བྱེད་པ། དཀའ་ངལ་དངོས་དང་ཕུགས་ཀྱི་སེམས་ཁྲལ་ཏན་ཏིག་བསལ་ནས་ཚང་མ་བློ་བདེ་སེམས་སྐྱིད་དང་བློ་གཅིག་སེམས་གཅིག་ངང་དམག་འཐབ་ནང་ཞུགས་དགོས་པའི་བླང་བྱ་བཏོན་ཡོད།
         ཧུའུ་པེར་རོགས་སྐྱོར་བྱེད་པར་སྐྱོད་མཁན་རིམས་ནད་སྔོན་འགོག་ཚོད་འཛིན་པ་ཀུའོ་ལིན་ཧའེ་དང་། པད་མ་འཕྲིན་ལས། སུང་ཆི་ཧྥེ་བཅས་ཀྱིས་ནུས་ཤུགས་དང་འཇོན་ཐང་ཡོད་རྒུ་བཏོན་ཏེ་རོགས་སྐྱོབ་ཀྱི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་ཕ་ཡུལ་གྱི་ཡུལ་མི་རྣམས་དང་ཧུའུ་པེའི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།