དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འགོག་སྲུང་འཛིང་རགས”བརྟན་པོ་སྐྲུན་པ།

སྤེལ་དུས 2020-02-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           དགུ་ཐུག་གི་དགོང་མོར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་ཅིང་། འདི་ནི་ལས་ཀའི་ཞོར་ལ་སྨན་དོན་པས་དགུ་ཐུག་འཐུང་བཞིན་ཕན་ཚུན་ལོ་གསར་ལ་སྨོན་འདུན་ཞུ་བཞིན་པ།
           ཉིན་ཤས་རིང་། རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་བརྟན་ལ་གོ་རིམ་ལྡན་པའི་ངང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཞིང་། འདི་ནི་བོད་ལྗོངས་ཧུའེ་ཆོན་དངོས་ལས་ཚད་ཡོད་ཀུང་སིའི་བཟོ་པས་འཐུང་ཆུ་ཐོན་སྐྱེད་བྱེད་བཞིན་པ།
           ཉིན་ཤས་གོང་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རྒྱུན་མཐུད་དམག་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། འགན་འཁྲི་རང་འགུལ་ངང་འཁུར་བ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་འགོག་མཉམ་བཅོས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
           “གཏིང་ཟབ”ཐད་ཤུགས་སྣོན་བརྒྱབ་སྟེ་ཕྱི་ནས་འགོ་བའི་ལམ་བུ་བཀག་པ། ཆབ་མདོ་གྲོང་ཁྱེར་གྱིས་སྤང་མདའ་གནམ་ཐང་དུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད།
           “ཏན་ཏིག”ཐད་ཤུགས་བརྒྱབ་སྟེ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“གཅིག་རེ་དྲུག”གི་ལས་ཀའི་ལམ་སྲོལ(“རྩིས་སྤྲོད་རྩིས་ལེན་གྱི་ཤོག་བྱང་གཅིག”ལ་བརྟེན་ནས་འགན་འཁྲི་ཁ་གསལ་བཟོས་པ་དང་། “ཁས་ལེན་ཡི་གེ་གཅིག”གིས་དོན་གནད་གསལ་བཤད་བྱེད་པ། “ལྟ་འདོམས་པ་གཅིག”གིས་རྗེས་སྙེགས་ཞབས་འདེགས་ཞུ་བ། “དྲན་སྐུལ་ཤོག་བྱང་གཅིག”གིས་ཐོབ་ཐང་གསལ་སྟོན་བྱེད་པ། “ཉིན་རེར་ལྟ་ཞིབ་ཚད་ལེན་གཅིག”གིས་འགྱུར་ལྡོག་ཁོང་དུ་ཆུད་པ། “ཉིན་རེར་འདྲི་རྩད་ཐེངས་རེས”དཀའ་ངལ་ཐག་གཅོད་བྱེད་པ)ལག་བསྟར་ནན་པོ་བྱས་ནས། ཏང་ཡོན་གྱི“འབྲེལ་གཏུག་ཚབ་སྒྲུབ”དང“ཁྱེད་ཀྱིས་མངགས་ཐོ་སྤྲད་ན་ངས་རྩིས་ལེན་བྱེད་པའི”ཞབས་ཞུ་སྒྲུབ་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་།
           ཏང་ཡོན་སྒྲིག་འཛུགས་བྱས་ནས་ལོགས་སུ་བཞག་པའི་མང་ཚོགས་ལ“རྗེས་སྙེགས་ལས་སྒྲུབ”ཀྱིས་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ་ཕྱི་ནས་ཡོང་མཁན་ལོགས་སུ་འཇོག་པ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་ཏང་ཡོན1824སྒྲིག་འཛུགས་སྐུལ་སློང་བྱས་ནས“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”71བཙུགས་ཏེ་གཙོ་གནད་ས་ཆར་ཞིབ་བཤེར་དང་། སྐོར་གཡེང་ལས་རེས། འཕྲོད་བསྟེན་དུག་སེལ་སོགས་ཀྱི་ལས་དོན་བསྒྲུབས་ཡོད།
           “གསོན་ཉམས”ཐད་ཤུགས་བརྒྱབ་སྟེ་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ནན་པོ་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་གྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་317སྲིད་འཛིན་གྲོང་ཚོ་14རུ་ལས་རེས་སྐོར་གཡེང་ལ་བསྐྱོད་རྒྱུར་སྒྲིག་འཛུགས་བྱེད་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་བྱང་བུ་སྤྲད་དེ་མང་ཚོགས་སྐུལ་སློང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མཉམ་དུ་བསྒྲུབས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།