དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་བོད་ལྗོངས་སློབ་ཆེན་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

སྤེལ་དུས 2020-02-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          “ཁྱེད་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ལག་རྩལ་བྱང་ཆུབ་པ་ཞིག་སྦྱངས་ཏེ། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་གལ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་བྱམས་སེམས་ལ་བརྟེན་ཏེ་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ཡོད།”  ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་ཧྲའོ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2015ལོའི་ནད་ཐོག་གསོ་རིག་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་མ་17ལ་སྤྲིངས་གནང་བའི་འཕྲིན་ལན་བོད་ལྗོངས་སློབ་ཆེན་དུ་འབྱོར་བ་རེད། གཏམ་བཟང་འདི་འབྱོར་རྗེས། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་རང་ཉིད་ཀྱི་སློབ་སྦྱོང་དང་ལག་ལེན། དེ་བཞིན་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ནས། རང་སོ་སོའི་ལས་གནས་སུ་ཕུལ་བྱུང་གི་གྲུབ་འབྲས་བརྩོན་ལེན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་བཅས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

པེ་ཅིང་སློབ་ཆེན་ཧྲའོ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་སློབ་མའི་འཐུས་མི་རྟ་མགྲིན་དབང་འདུས།
          “ང་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་སྐབས་སེམས་ལ་དགའ་ཚོར་དང་། ངར་སེམས། བདེ་སྐྱིད་བཅས་ཀྱི་མྱོང་ཚོར་ཆེན་པོ་བྱུང”ཞེས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྐུར་མཁན་སློབ་མ་17གྱི་གྲས་རྟ་མགྲིན་དབང་འདུས་ལ་སེམས་འགུལ་ཚད་མེད་ཐེབས་བཞིན་བརྗོད་པ་དང་། ཁོ་པས “རྒྱལ་ཡོངས་ས་གནས་ཁག་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པར་གཞོལ་བའི་དམིགས་བསལ་གྱི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅིས་མཛད་བྲེལ་ཆེ་ཡང་ཁོམ་པ་བཙལ་ཏེ་ང་ཚོར་འཕྲིན་ལན་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་བོད་རིགས་སྤུན་ཟླར་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དང་། ང་ཚོ་བོད་ལྗོངས་སློབ་ཆེན་གྱི་སློབ་མར་དམིགས་བསལ་གཟིགས་སྐྱོང་གནང་ལུགས་མཚོན་གྱི་ཡོད་ལ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣར་རྒྱབ་སྐྱོར་དང་ཁས་ལེན་གནང་བ་ཡང་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ལས། ང་ཚོའི་གསོ་རིག་སྦྱོང་བའི་ཐོག་མའི་བསམ་འདུན་དང་སྨན་པའི་འགན་འཁྲི་འཁུར་སེམས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བཤད།
          རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2017ལོའི་ཞིབ་འཇུག་སློབ་མ་ཀྲང་ཙེ་ཤིན་གྱིས་གསོ་རིག་སློབ་གླིང་གི་ཏང་ཨུད་ལ་དམག་འཐབ་ཞུ་ཡིག་ཕུལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྐྱོད་འདོད་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་དང་ཡོངས་སུ་མཐུན་ཡོད། ཀྲང་ཙེ་ཤིན་གྱིས“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་གནང་ཡོད། སྨན་དོན་མི་སྣ་ཞིག་གི་ངོས་ནས་གསོ་རིག་གི་དམ་བཅའ་ནན་པོ་སྲུང་བ་དང་། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་གསར་འགོད་པར་བཤད།

བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་རྨང་གཞིའི་གསོ་རིག་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཟླ་བ་སྒྲོལ་མས་གཏམ་བཤད་སྤེལ་བཞིན་པ།
          བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་རྨང་གཞིའི་གསོ་རིག་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཟླ་བ་སྒྲོལ་མར་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོ་མོས“གྲུབ་འབྲས་འདི་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལ་བརྟེན་ནས་ཐོབ་པ་ཞིག་རེད”ཅེས་བཤད། 
          “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་ཡིག་འབྲུ་ཚང་མའི་ནང་སྨན་དོན་མི་སྣར་བྱམས་བརྩེའི་ཐུགས་ཁུར་དང་གསོ་རིག་སློབ་གསོར་མཐོང་ཆེན་གནང་ལུགས་མཚོན་གྱི་ཡོད་ཅིང་། ང་ཚོ་གསོ་རིག་སློབ་གླིང་གི་སློབ་མར་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ཆེན་པོ་གནང་ཡོད་པས། ང་ཚོར་དུས་རབས་གསར་པའི་བོད་ཀྱི་གསོ་རིག་མཐོ་སློབ་སློབ་གསོ་ཡག་པོ་གཉེར་བ་དང་བྱང་ཚད་མཐོ་བའི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད”ཅེས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དགྲ་འདུལ་གྱིས་བཤད།