དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-03-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཚོགས་ཡུལ་དུ་ཝུའུ་དབྱིང་ཅེས་ལས་ཀ་འཚོལ་བར་ཡོང་མཁན་སློབ་ཆེན་སློབ་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ།
         ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་ཕེབས་ཏེ། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
         རིམས་ནད་ཐོན་ཚུན། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གང་འདྲ་སྤེལ་མིན་ལ་ཝུའུ་དབྱིང་ཅེས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་སུ་ཕེབས་ཏེ། ལས་ཞུགས་ཞབས་ཞུའི་ཚོམས་ཆེན་གྱི་འཆར་ཤེལ་ལ་གཟིགས་ནས་དྲ་ཐོག་ཀྱི་ལས་མི་བསྡུ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལས་ཞུགས་ཞབས་ཞུའི་ཚོམས་ཆེན་དུ་ཁེ་ལས་20ལྷག་ཙམ་གྱིས་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་ལས་མི་བསྡུ་བའི་འདུ་ཚོགས་འཚོག་བཞིན་པ་དང་། ཝུའུ་དབྱིང་ཅེས་འགྲེམས་ཁུལ་རེ་རེར་ཕེབས་ཏེ་ལས་མི་བསྡུ་བའི་འདུ་ཚོགས་ལ་ཞུགས་མཁན་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་ནས་ལས་མི་བསྡུ་བའི་དགོས་མཁོ་དང་། ལས་མིའི་ཐོབ་ཆ། སྤྱི་ཚོགས་འགན་བཅོལ་དངུལ་འཇལ་སྤྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ད་དུང་བརྙན་ལམ་བརྒྱུད་ལས་ཀ་འཚོལ་མཁན་སློབ་ཆེན་སློབ་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ཁོང་ཚོའི་ཆེད་ལས་དང་ལས་ཀ་འཚོལ་བའི་འདོད་འདུན་མཁྱེན་རྟོགས་གནང་བ། ཁོང་ཚོར་གསར་གཏོད་ལས་གཏོད་ལ་ལྕག་སྐུལ་གྱི་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ངོ་སྤྲོད་གནང་བ། རྒྱལ་ནང་གི་ལས་གཏོད་ལ་གྲུབ་འབྲས་ཐོབ་མཁན་གྱི་ཉམས་མྱོང་མཉམ་སྤྱོད་གནང་བ། རང་ལྗོངས་ཀྱི་ཁྲོམ་རའི་དགོས་མཁོར་དབྱེ་ཞིབ་གནང་བ་མ་ཟད། ད་དུང་ཁོང་ཚོར་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ་བྱས་ཏེ། བློ་གཤོགས་ཆེན་པོས་ཁྲོམ་རར་བསྐྱོད་དེ་རང་བརྟེན་ལས་གཏོད་ནས་མི་ཚེའི་རིན་ཐང་མངོན་པའི་ལྕག་སྐུལ་ཡང་གནང་བ་རེད།

རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཀྱི་གྲངས་གཞི།
         “གཞུང་དོན་ལས་སྒྲུབ་ཀྱི་ཡིག་རྒྱུགས་ལ་ཞུགས་པ་ནི་གདམ་ག་ཞིག་ཡིན་མོད། འོན་ཀྱང་ལས་གནས་ལ་ཚད་བཀག་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་འདྲ་ཐོབ་པར་བྱང་ཚད་མཐོ་བའི་ཤེས་ལྡན་པ་ཁྲོམ་རའི་བྱེད་པོར་འགྱུར་བར་བྱས་ནས། རང་ལྗོངས་ཀྱི་ཁྲོམ་རའི་དཔལ་འབྱོར་དེ་བས་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་གཏོང་དགོས” ཝུའུ་དབྱིང་ཅེས། རྟ་ཕོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད། ཚང་མས་ཕ་ཡུལ་ལ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ཏེ། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཐད་བློ་གྲོས་དང་འཇོན་ཐང་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་བརྟག་ཞིབ་གནང་སྐབས། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་ལས་ཞུགས་བརྟན་པོའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་ཡག་པོ་བསྟར་དགོས་ཞེས་ནན་བཤད་གནང་ཡོད། དེས་ན། ང་ཚོས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་ཀའི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ནུས་ལྡན་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་འཐུས་སྒོ་ཚང་ལ་སྤུས་ཀ་ལེགས་པའི་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་པ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྔ་ཙམ་ཞིབ་འཇུག་དང་སྔ་ཙམ་ལས་དོན་སྤེལ་བ། ལག་རྩལ་སློབ་གླིང་ལས་སྟེགས་སུ་བྱེད་པ། ཁྲོན་བོད་ལྕགས་ལམ་དང་ཀྲུང་ནེ་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས་འབྲེལ་ཡོད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མུ་མཐུད་སློབ་མ་དང་ཁྱིམ་བདག་ལ་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་ཁྲིད་སྟོན་བྱས་ཏེ། ཐབས་ལམ་མང་པོའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞུང་ལས་པའི་ལས་གནས་སུ་ལས་ཞུགས། ནང་སར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་བརྟེན་ལས་གཏོད་ཀྱི“ཕྱོགས་མང་གཞི་གཅིག”བཅས་ཀྱི་ལས་ཞུགས་ཀྱི་རྣམ་པ་ཞིག་ཏན་ཏིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་བརྙན་ལམ་བརྒྱུད་ལས་ཀ་འཚོལ་མཁན་སློབ་ཆེན་སློབ་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། ཁོ་ཚོའི་ཆེད་ལས་དང་ལས་འཚོལ་འདོད་འདུན་མཁྱེན་རྟོགས་གནང་བ།
རྩོམ་སྒྲིག་པ།སྣང་རྡོར།