དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞིང་བྲན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བར་གྱི་འགྱུར་བ།

སྤེལ་དུས 2020-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

          དཔྱིད་ཀྱི་དྲོད་རླུང་ས་གཞི་ཆེན་མོར་ལྡང་ཞིང་། མྱང་ཆུ་གཙང་པོའི་ངོགས་གཉིས་སུ་སླར་ཡང་གསོན་ཤུགས་རྒྱས་པ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ཡར་ལངས་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པའི་ནས་ལོ་ངོ་61འཁོར་བའི་དྲན་གསོ་ཉིན་མོ་བསུ་བའི་རེ་སྒུག་བྱེད་བཞིན་ཡོད།

ཟླ་བ་ཕན་ཐོགས་ཀྱིས་ཐོག་ཁར་རྒྱལ་དར་བཙུགས་བཞིན་པ།
          ང་ཚོའི་གུང་ཁྲན་ཏང་དང་། གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་དམག་སྡེ་བརྒྱད་པ་དང་། དམག་སྡེ་གསར་པ་བཞི་པ་ནི་གསར་བརྗེའི་དཔུང་སྡེ་ཞིག་ཡིན། ང་ཚོའི་དཔུང་སྡེ་འདི་ནི་མི་དམངས་བཅིང་འགྲོལ་གཏོང་བའི་ཆེད་དུ་ཡིན་པ་དང་། མི་དམངས་ཀྱི་ཁེ་ཕན་ཆེད་ལས་ཀ་མཐར་ཕྱིན་པ་བྱེད་མཁན་ཞིག་ཡིན་ཞེས་རྒན་རྒོན་ཟླ་བ་ཕན་ཐོགས་ཀྱིས་གསར་བརྗེའི་གླུ་དབྱངས་ལེན་བཞིན་ད་ལྟའི་བདེ་ཞིང་སྐྱིད་པའི་འཚོ་བ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་སེམས་པ་བརྟན་པོར་ངེས་ཡོད། 
          བོད་ལྗོངས་རྒྱལ་རྩེ་རྫོང་ཕྲ་རིང་ཤང་དུ་གནས་པའི་བོད་བཟོའི་སྡོད་ཁང་ནང་རྒན་རྒོན་ཟླབ་ཕན་ཐོགས་ཀྱིས་ལུས་ལ་ཕྱུ་པ་གྱོན་པ་དང་། བྲང་ལ་ཏང་རྟགས་བཏགས་ནས་ངོ་གདོང་ལས་གསོན་ཤུགས་ཀྱི་དམར་མདངས་འཕྲོ་ཞིང་། དགུང་ལོ་74ལ་ཕེབས་པའི་སྣང་བ་ཞིག་མེད།
          ཟླ་བ་ཕན་ཐོགས་ནི་ཕྲ་རིང་གཞིས་ཀའི་བྲན་གཡོག་ཅིག་ཡིན་པ་དང་། རང་ལོ་11ལ་མ་སླེབས་བར་ཁྲལ་འུ་ལག་རྒྱུག་པ་དང་། རྟ་ལྕག་གཟེད་བ། བཀྲེས་ལྟོགས་ཀྱིས་མནར་བ་བཅས་ཀྱི་འཚོ་བ་བསྐྱལ་ཡོད།

གྱང་སྟེང་དུ་བཀལ་བའི་གཟི་བརྗིད་བྱ་དགའ།
          1959ལོར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཟླ་བ་ཕན་ཐོགས་ཀྱི་ཁྱིམ་ལ་ས་ཞིང་མུའུ་བཅུ་དང་། བཞོན་མ་གཅིག གླང་གཅིག ལུག་ཉི་ཤུ་ལྷག་ཙམ་བཅས་བགོ་བཤའ་ཐོབ་ཡོད།
          བཅིངས་འགྲོལ་ཐོབ་པའི་ཟླ་བ་ཕན་ཐོགས་ནི་བྲན་གཡོག་དང་ཁྲལ་པའི་ལས་དབང་ལས་ཐར་ཏེ་སྔ་རྗེས་སུ་རྒྱལ་རྩེ་ནས་སྣ་དཀར་རྩེ་རྫོང་དང་། རྒྱལ་རྩེ་ནས་རིན་སྤུངས་རྫོང་། ཀྲུང་ནེ་གཞུང་ལམ་བཅས་ཀྱི་ལམ་བཟོ་རུ་ཁག་ནང་ཞུགས་ནས་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ནང་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད། 
          1972ལོར་ཟླ་བ་ཕན་ཐོགས་ཀྲུང་གོའི་གུང་ཁྲན་ཏང་ཡོན་ནང་ཞུགས་ཡོད།
          1988ལོར་ཟླ་བ་ཕན་ཐོགས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་ཡོད། ཁོང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུར་ཞུགས་སྐབས་རང་ཉིད་དེ་སྔ་ཞིང་བྲན་གྱི་ཕྲུ་གུ་ཡིན་པ་དང་། ད་ཆ་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མི་དང་མཉམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་གྲོས་བསྡུར་བྱེད་རྒྱུ་བྱུང་བ་ནི་གུང་ཁྲན་ཏང་བཀའ་དྲིན་ཡིན་པ་བསམ་བྱུང་ཞེས་དང་། ཁོང་གིས། ངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་སྐབས་དམངས་བཙུགས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་ཡིན། ངས་བཏོན་པའི་གྲོས་གཞི་དེ་ད་དུང་གྲོང་ཚོའི་ནང་རླུང་འཕྲིན་བཏང་མྱོང་བས་་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ཅེས་གསུངས་འདུག

ཕྲ་རིང་གཞིས་ཀའི་རྗེས་ཤུལ།
          ད་ཆ་ཟླ་བ་ཕན་ཐོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། བུ་ཕྲུག་དྲུག་པོ་ཚང་མ་ཁྱིམ་ཚང་ཟིན་ནས་རང་རང་གི་འཚོ་བར་རོལ་བཞིན་ཡོད་པ་དང་། 2010ལོར་བདེ་སྡོད་ལས་གྲྭའི་སྲིད་ཇུས་བཟང་པོའི་འོག ཟླ་བ་ཕན་ཐོགས་ཀྱིས་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གསར་པ་བརྒྱབ་ཡོད།
          ཁང་པ་དེ་རྒྱག་སྐབས་སྲིད་གཞུང་གིས་སྒོར་15000ཁ་གསབ་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད། སྤྱི་ཚོགས་རྙིང་པར་བྱ་བ་བཟང་པོ་དེ་འདྲ་བསམ་ཡུལ་དུ་ཡང་འཁོར་སྲིད་ཀྱི་མ་རེད་ཅེས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་རྒན་རྒོན་ཟླ་བ་ཕན་ཐོགས་ཀྱིས་བཤད་ཡོད།