དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཕྱི་ནང་ཟུང་འབྲེལ”གྱིས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རམ་འདེགས་བྱས་པ།

སྤེལ་དུས 2020-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་ལས་ཁུངས་སོ་སོས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་དུས་མཚུངས་སུ་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཉིས་ཀ་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ལེན་བྱས་པ་རེད། 
          ཁེ་ལས་ཀྱིས་ཐོན་སྐྱེད་དང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགོ་ཚུགས་པའི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱ་ཆེད། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་“ཕྱི་ནང་ཟུང་འབྲེལ”གྱི་ཐབས་ཇུས་བེད་སྤྱད་ནས་ལྗོངས་ནང་ཁུལ་གྱི་ཞིང་འབྲོག་པས་ཐག་ཉེ་ས་ནས་ལས་ཞུགས་གཞན་སྒྱུར་བྱ་བར་རྩ་འཛུགས་བྱེད་པའི་དུས་མཚུངས་སུ། གོ་རིམ་ལྡན་པའི་ངང་ལྗོངས་ཕྱིའི་ལས་མི་བོད་ལྗོངས་སུ་ཕྱིར་ལོག་བྱ་རྒྱུའི་རྩ་འཛུགས་བྱས་པ་རེད། 
          ཉིན་ཤས་གོང་། གཞིས་རྩེའི་རྒྱལ་རྩེ་རྫོང་གིས་རང་འགུལ་ངང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་དང་འབྲེལ་མཐུད་བྱས་ཏེ་གྲོང་ཚོ་ཚན་པ་བྱས་ནས་ཞིང་འབྲོག་པ་ཕྱིར་ཞོར་ལས་སུ་འགྲོ་བར་སྐུལ་སློང་བྱས་ཏེ། ཞིང་འབྲོག་པ་300ལྷག་ཙམ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་། ལྷ་ས་གྲོང་ཁྱེར་གྱིས་“བྲག་གསུམ”ཡུག་ཁུལ་གྱི་གྲོང་ཁྱེར་ལས་བརྒལ་བའི་གནས་སྤོའི་མི་སྣ་ཡོངས་ལ་ལས་ཞུགས་ལས་གནས་ཀྱི་མི770བརྟན་འཇགས་ངང་དོན་འཁྱོལ་ཡོང་བ་བྱས། 
          མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་5.8ལས་ཞུགས་གཞན་སྒྱུར་བྱས་ཤིང་། དེ་དུས་མཚུངས་ལས་6.3%འཕར་བ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.3ཟིན་པ་དེ་དུས་མཚུངས་ལས་14.5%འཕར་ཡོད། 
          “ང་ཚོས་ཞིང་འབྲོག་པ་རྣམས་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། གྲོང་ཁྱེར་དོ་དམ་གྱི་ལས་དོན། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་400མན་གྱི་མ་རྩ་བཏང་བའི་རྣམ་གྲངས་ཞིང་འབྲོག་པའི་ཨར་ལས་ཁེ་ལས(ཨར་ལས་རུ་ཁག)འཛུགས་སྐྲུན་ལ་རྩིས་སྤྲད་དེ། ཞིང་འབྲོག་པའི་ལས་མི་བསྡུ་ཚད་དེ་སྤྱི་འབོར་གྱི་80%ཡན་ཟིན་པ་བྱས་ནས་ཞིང་འབྲོག་པས་ལས་ཞུགས་གཞན་སྒྱུར་ལ་བརྟེན་ནས།   ལྗོངས་ནང་ཁུལ་གྱི་ལས་མི་སྤྱོད་པའི་གནོན་ཤུགས་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས། 
          དུས་མཚུངས་སུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་བདེ་ཐང་། ལྕགས་ལམ་སོགས་ཀྱི་ལས་ཁུངས་ནང་ཞུགས་པའི་ལྗོངས་ཕྱིའི་བོད་ལྗོངས་སུ་ཕྱིར་ལོག་པའི་ལས་གཉེར་མི་སྣའི་“གནས་དང་གནས་རེའི”ཞབས་ཞུའི་མཉམ་ལས་ལམ་སྲོལ་བཙུགས་ཏེ། སི་ཁྲོན་དང་། མཚོ་སྔོན། ཧོ་ནན་སོགས་ཀྱི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དབར་ངལ་ནུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡི་གེ་བསྐུར་ནས་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཀྱིས་བོད་ལྗོངས་སུ་ཡོང་བའི་དུས་ཚོད་གཅིག་མཐུན་དང་། བལྟོས་བཅས་ཀྱིས་མི་སྣ་གཅིག་སྡུད་ཡིན་རིགས་གཅིག་གྱུར་གྱིས་སྒྲིག་འཛུགས་དང་གཅིག་གྱུར་ངང་བོད་ལྗོངས་སུ་ཡོང་བར་མཛུབ་ཁྲིབ་བྱེད་དགོས། བཀོད་གཏོང་བྱས་པ་བརྒྱུད་ས་ཁུལ་དང་གྲོང་ཁྱེར་སོ་སོས་“གནས་དང་གནས་རེས”ལྗོངས་ཕྱི་ནས་བོད་ལྗོངས་སུ་ཕྱིར་ལོག་པའི་ལས་མི་ཁྲི་2.8སྣེ་ལེན་བྱས་པ་རེད། 
          “ལས་གནས་སུ་གཅིག་སྡུད་དང་གཅིག་གྱུར་གྱིས་ཕྱིར་ལོག་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ཆུང་དུ་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་དང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་མི་སྤྱོད་པའི་དགོས་མཁོར་འགན་ལེན་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། གོམ་སྟབས་རྗེས་མར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མུ་མཐུད་དུ་དགེ་མཚན་ལྡན་པའི་ངང་ལས་ཞུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བ་དམ་འཛིན་ཡག་པོ་བྱས་ནས་གཙོ་གནད་རྣམ་གྲངས་དང་། གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་གཙོ་གནད་ཐོག་འགན་ལེན་བྱས་ཏེ། “སྔོན་ལ་ལས་བཟོ་བ་བསྡུ་བ་དང་། རྗེས་སུ་གསོ་སྦྱོང་བྱེད་པ། དེ་ནས་ལས་གནས་སུ་ཞུགས་པ”བཅས་ཀྱི་ལས་དོན་སྤེལ་བར་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་ཏུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་རྩོམ་པ་དང་བརྟན་པོའི་ངང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།