དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དོན་གྲུབ་དང་རྒྱལ་དར་170ཡི་གཏམ་རྒྱུད།

སྤེལ་དུས 2020-03-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
སྐར་ལྔའི་དར་དམར་ནམ་ཡང་ངའི་སེམས་དབུས་སུ་གནས།
དོན་གྲུབ་དང་རྒྱལ་དར་170ཡི་གཏམ་རྒྱུད།


       དོན་གྲུབ་ཀྱིས་རང་གིས་བཙེམས་པའི་རྒྱལ་དར་ངོམ་སྟོན་བྱེད་པ།
       ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་ཏང་ཡོན་རྒན་གྲས་དོན་གྲུབ་ཀྱིས“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། གུང་ཁྲན་ཏང་གིས་ང་ཚོར་ཡར་ལངས་བཅིངས་འགྲོལ་བཏང་ནས་རང་ཁྱིམ་རང་བདག་ཐོབ་བྱུང་། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད། རྒྱལ་དར་མཐོང་དུས་ངས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་གྱི་འདུག བྱས་ཙང་། ངས་མུ་མཐུད་ནས་རྒྱལ་དར་འཚེམ་པ་ཡིན”ཞེས་བརྗོད་པ་དང་། 1971ལོ་ནས་ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྗེས་སུ། དོན་གྲུབ་ཀྱིས་ལོ་ལྟར་རྒྱལ་དར་བཙེམས་ཏེ། ཏང་གི་བཀའ་དྲིན་སེམས་དབུས་སུ་འཆང་བ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱེད་ཀྱི་ཡོད།
       1949ལོར་དོན་གྲུབ་གྲི་གུ་རྫོང་གི་ཞིང་བྲན་ཁྱིམ་ཚང་ཞིག་ཏུ་སྐྱེས། ཕ་མ་གཉིས་ཀྱིས་ལྟོ་སློང་ནས་རང་ཉིད་གསོ་སྐྱོང་བྱས་པ་དུས་ད་ལྟའང་དྲན་པ་མ་ཟད། རྩམ་པ་ཐུར་མ་གང་གིས་ཉིན་གང་འཁྱོལ་ཐབས་བྱེད་པའང་ཁོང་གིས་གསལ་པོར་ངེས་ཀྱི་ཡོད། ཅུང་ནར་སོན་སྐབས་ལྟོ་གོས་ཀྱི་ཆེད་དུ་ཁོང་གིས་གང་སར་ལྟོ་སློང་བར་འགྲོ་གི་ཡོད།
       1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། དོན་གྲུབ་ཁྱིམ་ལ་ནོར་ལུག་དང་ས་ཞིང་བགོ་བཤའ་ཐོབ་པ་དང་། དེ་ནས་རིམ་བཞིན་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། 1971ལོར་ཞིང་བྲན་གྱི་འཐུས་མི་ཡིན་པའི་ངོས་ནས་ཁོང་ཕོ་བྲང་པོ་ཏ་ལའི་མདུན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། སྐབས་དེ་དུས་ཁོང་གིས་རྒྱལ་དར་འཚེམ་རྒྱུའི་བསམ་བློ་འཁོར།
       “རང་ཉིད་ཀྱིས་ཁབ་སྐུད་སྤྱད་དེ་བཙེམས་པའི་རྒྱལ་དར་ལ་དོན་སྙིང་དམིགས་བསལ་ལྡན་པ་དང་། ཁབ་སྐུད་རེ་རེ་ལས་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་འདུས་ཡོད”ཅེས་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད་བྱུང་།
       དུས་ཀྱི་བཞུར་རྒྱུན་དང་བསྟུན་ནས། དོན་གྲུབ་ཀྱི་རྒྱལ་དར་འཚེམ་པའི་ལག་རྩལ་ཡང་ཇེ་མཁས་སུ་ཕྱིན། 2017ལོར་ཁོང་གིས་འཚེམ་འཁོར་ཞིག་ཉོས་ནས་རྒྱལ་དར་འཚེམ་འགོ་བཙུགས། ད་བར་ཁོང་གིས་བསྡོམས་རྒྱལ་དར་170བཙེམས་ཡོད་པ་རེད།
       དོན་གྲུབ་ཀྱི་ཤུགས་རྐྱེན་འོག སྒྲུབ་སྡེ་གྲོང་ཚོའི་མང་ཚོགས་དུད་ཚང་ཚང་མས་ཐོག་ཁར་རྒྱལ་དར་བཙུགས་ཡོད། “ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན”གྱི་སྲོལ་བཟང་གྲོང་ཚོར་དར་ཁྱབ་བྱུང་བ་དང་ཆབས་ཅིག “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”ཡང་དར་སྲོལ་དུ་གྱུར་པ་དེ་ཡང་དོན་གྲུབ་ཀྱི་ཤུགས་རྐྱེན་དང་ཁ་བྲལ་ཐབས་མེད། 1968ལོར་སྒོར་20སྤྲད་དེ་སྒྲ་བསྡུ་འཕྲུལ་འཁོར་ཉོས་པ་ནས་འགོ་བཙུགས་ཏེ། དོན་གྲུབ་ཀྱིས་ལོ་བཅུ་ཕྲག་ཉིན་གཅིག་ལྟར་རྒྱང་བསྒྲགས་ཉན་ནས་རྒྱལ་ཁབ་ཀྱི་དོན་ཆེན་ལ་དོ་སྣང་བྱེད་པ་དང་སྦྲགས། མང་ཚོགས་ལ་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡོད། 
       “1981ལོར་ཏང་ལ་ཞུགས་པ་ནས་བཟུང་། ངས་མི་ཚེ་ཧྲིལ་པོ་ཏང་གི་བྱ་བཞག་ལ་ཕུལ་བ་ཡིན། ད་ལོ་ང་རང་ལོ་71ལ་སླེབས་སོང་། ཉིན་གཅིག་གསོན་པོར་བསྡད་ཚེ། ངས་རྒྱལ་དར་མུ་མཐུད་བཙེམས་ནས་ཏང་གི་བཀའ་དྲིན་དྲན་པར་བྱེད་ཀྱི་ཡིན། སྐར་ལྔའི་དར་དམར་ནམ་ཡང་ངའི་སེམས་དབུས་སུ་གནས”ཞེས་དོན་གྲུབ་ཀྱིས་བརྗོད།
རྩོམ་སྒྲིག་པ།སྣང་རྡོར།