དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོ་དགུང་ལོ་109ལ་ཕེབས་པའི་ཁོང་གིས་ལོ་རྒྱུས་ཀྱི་དཔང་པོ་བྱེད།

སྤེལ་དུས 2020-03-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        བསོད་ནམས་སྒྲོལ་མ་དང་གཅུང་མོ་ཚེ་རིང་དབུ་ཐུག་བྱེད་པ།
        ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སླར་ཡང་ཁམ་བུའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བའི་དུས་ཚིགས་འཆར་ཞིང་། ད་ལོ་དགུང་ལོ་109ལ་ཕེབས་པའི་ར་ཀོ་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་མ་རང་ཁྱིམ་གྱི་སྒོ་རའི་ནང་བསྡད་ཡོད། སྔོན་ཆད་གྲོགས་མེད་ཁེར་རྐྱང་ཡིན་པའི་ཁོང་ད་ཆ་བུ་ཕྲུག་དང་ཚ་བོ་ཚ་མོ་དང་མཉམ་དུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་མཆིས།

        བསོད་ནམས་སྒྲོལ་མ་དང་། གཅུང་མོ་ཚེ་རིང་། བུ་མོ་ཚེ་རིང་འཛོམས་པ་བཅས་སྒོ་རའི་ནང་ངལ་གསོ་བ།
        ཞིང་བྲན་གྱི་རྗེས་རབས་པ་ཡིན་པའི་ཁོང་གིས་ལོ་15ནས་བཟུང་གཡོག་རྒྱུག་འགོ་བཙུགས། གཉའ་གནོན་དང་བཤུ་གཞོག་གི་མནར་གཅོད་འོག་བསོད་ནམས་སྒྲོལ་མས་ལོ་47སྡུག་བསྲན་གྱིས་དཀའ་ཚེགས་ཀྱི་ལོ་ཟླ་ཕར་ལ་བསྐྱལ་བ་དང་། ཕ་མ་གཉིས་པོ་དང་གཅེན་པོའང་ཡུན་རིང་སྡུག་ལས་དང་བཤུ་གཞོག་ཚད་མེད་མྱངས་པས་སྔ་པོ་ནས་མི་ཡུལ་དང་ཁ་གྱེས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་ལ་ས་ཞིང་མུའུ་7དང་། ཁང་མིག་གཉིས། ནོར་ལུག་མགོ་གྲངས་ཁ་ཤས་བཅས་ཀྱི་བགོ་སྐལ་རག དུས་རབས་20པའི་ལོ་རབས་80པར་བསོད་ནམས་སྒྲོལ་མའི་ཁྱིམ་གྱིས་སྔོན་ལ་གྲོང་ཚོའི་ས་ཞིང་མུའུ་11དང་སྟར་སྡོང་7འགན་གཙང་བླངས་པ་དང་། དེ་རྗེས་ཁོང་གི་བུ་མོ་ཚེ་རིང་འཛོམས་པས་སྣམ་བུ་འཐག་སྟངས་སྦྱངས།

        ནང་མི་ཚོ་དགོང་ཟས་ཟ་བ།
        དཀའ་བའི་ལས་ལ་བརྩོན་གྱུར་ན། གཡུར་ཟའི་འབྲས་བུ་ལས་ཀྱིས་སྨིན་ཞེས་པའི་དཔེ་ལྟར་བསོད་ནམས་སྒྲོལ་མའི་ནང་མི་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། འདྲུད་འཐེན་འཕྲུལ་འཁོར་དང་འབྲུ་འཕྱར་འཕྲུལ་འཁོར་སོགས་ཉོས་ཤིང་། གྲོང་ཚོའི་ནང་གི་འཕྲུལ་འཁོར་ཉོ་མཁན་གྱི་ཁྱིམ་ཚང་དང་པོར་གྱུར། ད་ཆ་ཁོང་གི་ཁྱིམ་ཚང་ལ་ལོ་རེར་འབྲུ་རིགས་ཐོན་འབོར་སྤྱི་རྒྱ་5000ལྷག་ཙམ་དང་སྟར་ཁ་ལོ་རེར་སྤྱི་རྒྱ་700ལྷག་ཙམ་བསྡུ་རྒྱུ་ཡོད་པའི་ཁར། སྣམ་བུ་འཐག་པ་ལས་ལོ་འཁོར་མོར་ཡོང་འབབ་སྒོར་ཁྲི་10ཙམ་ཡོད། བསོད་ནམས་སྒྲོལ་མས་སྔ་རྗེས་སུ་ཁང་པ་རྒྱ་སྐྱེད་ཐེངས་5བཏང་ཞིང་། 2017ལོར་སྒོར་ཁྲི་54བཏང་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་520དང་ཁང་མིག་19ཡོད་པའི་ཁང་པ་གསར་པ་ཞིག་བརྒྱབ།

        བུ་མོ་ཚེ་རིང་འཛོམས་པས་ཐགས་འཐག་པ།

        བསོད་ནམས་སྒྲོལ་མའི་ཡང་ཚ་ཡིས་དྲ་ཐོག་གི་སློབ་ཚན་ཉན་པ།

        བསོད་ནམས་སྒྲོལ་མས་རང་གི་ཐོབ་ཐང་ལག་ཁྱེར་ལ་ལྟ་བ།

        པར་སྒྲོམ་ནང་གི་སྔོན་མའི་པར།

        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ར་ཀོ་གྲོང་ཚོའི་རྣམ་པ།
རྩོམ་སྒྲིག་པ།སྣང་རྡོར།