དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སི་ཁྲོན་ལི་ཐང་རྫོང་དུ་རིམས་ནད་འགོག་པར་ལྷོད་གཡེང་མ་བཏང་བར་སྡོང་འཛུགས་ནགས་སྐྲུན་བྱེད་པ།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
སི་ཁྲོན་ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་གྱི་འོས་འགན་སྡོང་འཛུགས་ས་ཚིགས་སུ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། “ང་ནི་ཏང་ཡོན་ཡིན་ལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཡང་ཡིན་པས། སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོའི་ནང་ཞུགས་ནས་ང་ཚོའི་གངས་ལྗོངས་ས་མཐོའི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པར་བསྒྱུར་ཆེད་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ཙམ་བཏོན་པ་ཡིན།”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་འཇའ་བ་གྲོང་རྡལ་དོན་གྲུབ་གྲོང་ཚོའི་གྲོང་མི་ཚེ་རིང་ཕུན་ཚོགས་ལགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དེ་ལྟར་བཤད། 
སི་ཁྲོན་ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་གྱི་འོས་འགན་སྡོང་འཛུགས་ས་ཚིགས་སུ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ།
         ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་གྱི་འོས་འགན་སྡོང་འཛུགས་ས་ཚིགས་སུ་སྤེལ་བའི་འཁྲུག་ཆ་དོད་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོའི་ཁྲོད་དུ། ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མ་བརྗེད་པར་སོ་སོ་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ས་མཚམས་དབྱེ་ནས་ལས་བགོས་བྱེད་པའི་ཐོག་ནས་སྡོང་འཛུགས་བྱེད་པ་དང་། མི་ཚོགས་ཀྱི་འདུ་འཛོམས་ཉུང་དུ་གཏོང་གང་ཐུབ་བྱས་ཡོད། ལས་བྱེད་པ་དང་མང་ཚོགས་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ངང་ལས་བགོས་ཁ་གསལ་བྱས་ཏེ། ངར་ཤུགས་ལྡན་པའི་སྒོ་ནས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་བྲེལ་བཞིན་ཡོད། ལ་ལས་གག་ལེ་བཀྱག་ནས་ས་རྐོ་བ་དང་། ལ་ལས་སྡོང་ཕྲུག་བསྐྱོར་ནས་ས་སྤུང་བཞིན་ཡོད། ཁྱོན་སྡོམ་སྦྱར་སྡོང་2424བཙུགས་ཡོད་ལ། ཟླ་གསུམ་པའི་ནོར་འཛིན་དགའ་མར་སྐྱེ་སྟོབས་ཀྱི་གཟི་དཔལ་ཞིག་བསྩལ་ཡོད།
སི་ཁྲོན་ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་གྱི་འོས་འགན་སྡོང་འཛུགས་ས་ཚིགས་སུ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ།
         “ལོ་རེའི་སྐབས་འདིར་ང་ཚོས་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་སྤེལ་བ་ཡིན་ལ། སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་ནི་གནས་སྐབས་ལ་མཚོན་ན་བྱས་རྗེས་ཤིག་དང་། མ་འོངས་པར་མཚོན་ན་བསྐལ་བ་བརྒྱ་ཕྲག་དུ་མར་ཕན་པའི་བྱ་གཞག་ཅིག་ཡིན་པས།  ང་ཚོ་ཚང་མས་སྡོང་འཛུགས་ནགས་སྲུང་གི་འདུ་ཤེས་སེམས་སུ་བཅངས་ཏེ། རང་རང་སོ་སོའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་གྱི་རི་བོ་སྔར་ལས་སྔོ་ལྗང་ལྡན་པ་དང་། ཆུ་བོ་སྔར་ལས་དྭངས་ཤིང་གཙང་བ། མཁའ་དབུགས་སྔར་ལས་དྭགས་གཙང་ལྡན་པ་ཞིག་ཏུ་བསྒྱུར་དགོས།”ཞེས་འཇའ་བ་གྲོང་རྡལ་འཇོ་མདའ་གྲོང་ཚོའི་གྲོང་མི་འོད་ཟེར་གྱིས་དེ་ལྟར་བརྗོད་བྱུང་། 
         “དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་དང་། དེ་མིན་འཚོ་གནས་ཁོར་ཡུག་གི་འཕྲོད་བསྟེན་ལེགས་བཅོས། སྣོད་བཅུད་ཡུལ་སྐོར་གྱི་རྣམ་པ་བཅས་ཟུང་འབྲེལ་བྱས་ཏེ།  གྲོང་གསེབ་ཀྱི་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། མུ་མཐུད་ལམ་འགྲམ་གྱི་ལྗང་མདོག་ཁྱབ་ཁུལ་ཆེ་རུ་གཏོང་བ་དང་། ལྗང་མདོག་ཁུལ་མཛེས་པར་གཏོང་བ། ལྗང་མདོག་ལས་རིགས་གྱི་ཡོང་འབབ་འཕར་སྣོན་གཏོང་བ། གྲོང་ཚོ་རྣམ་པ་ལྗང་མདོག་ཅན་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་ཁོར་ཡུག་ལེགས་བཅོས་ལས་བྱུང་བའི་ཕན་འབྲས་དངོས་སུ་མྱོང་ཐུབ་པ་བྱེད་དགོས།”ཞེས་འཇའ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་དེ་ལྟར་བཤད།