དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་གཙོ་གནད་རྣམ་གྲངས་སྐྲུན་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

སྐྲུན་བཞིན་པའི་བོད་ལྗོངས་མཛེས་རྩལ་ཁང་གི་ལས་ཡུལ་དུ་ཝུའུ་དབྱིང་ཅེས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མཁྱེན་རྟོགས་གནང་བཞིན་པ།
          ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་སར་བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ། རྒྱ་ཆེའི་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད། 

སྐྲུན་བཞིན་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་།
          སྐྲུན་བཞིན་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་ནི་ལྷ་སར་སྐྲུན་པ་གང་ཞིག་བོད་ལྗོངས་ལ་ཞབས་འདེགས་ཞུ་བ་དང་ཉེ་འཁོར་ལ་ཕན་པ་འདོགས་པའི་སྨན་བཅོས་ལྟེ་གནས་ཤིག་ཡིན་པ་དང་། ཕྱིས་འབྱུང་ལྗོངས་ཡོངས་ཀྱི་རྩད་ཆོད་དཀའ་བ་དང་ཉེན་ཁ་ཚབས་ཆེན་གྱི་ནད་གཞི་བརྟག་བཅོས་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་ཛ་དྲག་སྐྱོབ་བཅོས་ལས་འགན་གཙོ་བོ་འཁུར་རྒྱུ་ཡིན་པ་རེད། ཝུའུ་དབྱིང་ཅེས་དེ་གར་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྦད་དེ་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་དུས་ཚོད་དམ་འཛིན་གྱིས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ས་མཐོའི་དོན་དངོས་ལ་གཞིགས་ནས་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། ཆུ་གློག་རླངས་གསུམ་དང་སྔོ་འགྱུར་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་སྨན་བཅོས་ཟོག་རོ་དང་བཙོག་ཆུ་དོ་དམ་དང་གཙང་སེལ་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ཡངས་པ་ཅན་གྱི་ཕུག་ལམ་2པ་སྐྲུན་ཡུལ་དུ་བཟོ་པ་ཚོར་ལས་གྲྭའི་འཕེལ་རིམ་དང་དཀའ་གནད་བཀའ་འདྲི་གནང་བཞིན་པ།
          རྒྱལ་ལམ་109ཡི་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཨར་ལས་བྱ་ཡུལ་དུ་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད་པས། “དཔྱིད་དུས་དམ་འཛིན་གྱིས་ལས་འགོ་བསྐྱར་དུ་འཛུགས་པའི”རྣམ་པ་ཞིག་མངོན། ཝུའུ་དབྱིང་ཅེ་ཡངས་པ་ཅན་གྱི་ཕུག་ལམ་2པའི་སྦུག་ཏུ་ཕེབས་ཏེ་ས་གནས་ས་ཐོག་ནས་སྔོག་འདོན་ལས་སྒྲུབ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། བཟོ་པ་ཚོས་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་ཚོར་གཟུགས་པོར་བདག་གཅེས་དང་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་དགོས་པའི་མངགས་བྱ་གནང་བ་རེད།

སྐྲུན་བཞིན་པའི་བོད་ལྗོངས་མཛེས་རྩལ་ཁང་གི་ཟུར་ཞིག    
          རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བསམ་བཀོད་ལས་གཏོད་ལྟེ་གནས་ནི་ལྷ་ས་ཨར་འདམ་བཟོ་གྲྭའི་ཤུལ་རྙིང་གི་སྟེང་དུ་སྐྲུན་བཞིན་ཡོད་པ་དང་། དེར་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་སོགས་སྐྲུན་རྩིས་ཡོད་པ་རེད། ཝུའུ་དབྱིང་ཅེས་དེ་གར་ཕེབས་ནས་བཟོ་ཁང་རྙིང་པར་རྟོག་ཞིབ་དང་། རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར། མཛེས་རྩལ་ཁང་གི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་བཅས་གནང་ཞིང་། ཁོང་གིས་བོད་ལྗོངས་མཛེས་རྩལ་ཁང་གིས་བོད་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྔར་ཡོད་ཀྱི་སྒྲིག་བཀོད་དང་ཆ་རྐྱེན་གང་ལེགས་དང་ཡག་པོ་སྤྱོད་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བོད་ཀྱི་བཟོ་ལས་དྲན་ཤེས་དང་གསར་བརྗེའི་དྲན་ཤེས་ཡག་པོ་མངོན་པར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡག་པོ་གཏོད་པ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ཟུག་པར་བྱེད་དགོས་པ་དང་། གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཡུལ་སྐོར་དང་རིག་གནས་ཐོན་ལས་ཁྲོད་ནས་འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད།