དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
        ཟླ་3ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་སར་བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་མ་ཟད། རྒྱ་ཆེའི་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་ཞིང་། འདི་ནི་བོད་ལྗོངས་མཛེས་རྩལ་ཁང་གི་འཛུགས་སྐྲུན་ལས་ཡུལ་དུ་ཝུའུ་དབྱིང་ཅེས་ལས་གྲྭའི་འཆར་འགོད་ཇུས་འགོད་དང་ཨར་སྐྲུན་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
        ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་སར་བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ། རྒྱ་ཆེའི་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།
        སྐྲུན་བཞིན་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་ནི་ལྷ་སར་སྐྲུན་པའི་བོད་ལྗོངས་ལ་ཞབས་འདེགས་ཞུ་བ་དང་ཉེ་འཁོར་ལ་ཕན་པའི་སྨན་བཅོས་ལྟེ་གནས་ཤིག་ཡིན་པ་དང་། འབྱུང་འགྱུར་ལྗོངས་ཡོངས་ཀྱི་རྩད་ཆོད་དཀའ་བ་དང་ཉེན་ཁ་ཚབས་ཆེན་གྱི་ནད་གཞི་ནད་བརྟག་སྨན་བཅོས་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་ཛ་དྲག་སྐྱོབ་བཅོས་ལས་འགན་གཙོ་བོ་འཁུར་རྒྱུ་ཡིན་པ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཀའ་དྲིན་སྙིང་དབུས་སུ་འཆང་བ་དང་ཧུར་ཐག་འབད་ཐག་བྱེད་པ་དང་ངེས་གནས་གནད་སྨིན་དང་ཚན་རིག་དང་མཐུན་པའི་དོ་དམ་བྱས་ཏེ་ཚགས་ཚུད་དང་།  ཞིབ་ཕྲ། ནན་པོ། ཏན་ཏིག་བཅས་ཀྱི་བླང་བྱ་ལྷུ་ཚིགས་ཁག་ལ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་གྲྭ་དེ་དག་ལས་གྲྭ་སྤུས་ལེགས་དང་རྩེར་སོན་ལས་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པ་བྱེད་དགོས་པ་དང་། ཨར་སྐྲུན་གྱི་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་གྱིས་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། རྦད་དེ་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་དུས་ཚོད་དམ་འཛིན་གྱིས་འཕེལ་རིམ་མགྱོགས་སུ་བཏང་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ས་མཐོའི་དོན་དངོས་ལ་གཞིགས་ནས་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། ཆུ་དང་། གློག སོལ་རླངས་བཅས་དང་སྔོ་འགྱུར་སོགས་ལེ་ལག་ཚང་བའི་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་སྨན་བཅོས་ཟོག་རོ་དང་བཙོག་ཆུ་དོ་དམ་དང་གཙང་སེལ་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
        རྒྱལ་ལམ་109ཡི་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཨར་ལས་བྱ་ཡུལ་དུ་བྲེལ་བརྩོན་གྱིས་ཁེངས་ཤིང་། ཝུའུ་དབྱིང་ཅེ་ཡངས་པ་ཅན་གྱི་ཕུག་ལམ་2པའི་སྦུག་ཏུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་སྔོག་འདོན་ལས་སྒྲུབ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཨར་ལས་བཟོ་པ་ཚོས་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གཟུགས་པོར་བདག་གཅེས་དང་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཤེས་རབ་དང་དོན་གྲུབ་དཔལ་ལྡན་ནི་ཁེ་ལས་ཀྱི་ལས་མི་དངོས་ཡིན་པ་དང་ཟླ་རེར་ཡོང་འབབ་ཡག་པོ་ཡོད་པ་མཁྱེན་རྗེས་ཝུའུ་དབྱིང་ཅེས་ཁོང་ཚོས་འདུ་ཤེས་བསྒྱུར་ནས་ཁྲོམ་རར་ལས་ཞུགས་བྱས་པར་བསྔགས་བརྗོད་གནང་བ་མ་ཟད། ཁོང་ཚོར་སློབ་སྦྱོང་ཧུར་ཐག་དང་ལས་དོན་ནན་ཏན་བསྒྲུབས་པ་དང་། རང་རྟོགས་ངང་ལས་རོགས་ཚོ་དང་ལྟ་རེས་སྐྱོང་རེས་དང་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་བཅངས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་གྱི་མིང་བྱང་བཏོད་པ་དང་མཐུན་སྒྲིལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་ཏེ་བོད་སྐྱོར་གྱི་ལེགས་ཆ་དང་། རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་པ་དང་ས་ཆ་འདི་གའི་མང་ཚོགས་དང་ཨར་སྐྲུན་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ནང་སྔར་བས་མང་བ་ཞུགས་སུ་བཅུག་ནས་ས་ཆ་འདི་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་ཐུགས་རེ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་བཏང་སྟེ་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་ནས་འགྲིམ་འགྲུལ་བྱ་གཞག་ལ་སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཕྱོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱའང་བཏོན་གནང་བ་རེད།
        རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བསམ་བཀོད་ལས་གཏོད་ལྟེ་གནས་ནི་ལྷ་ས་ཨར་འདམ་བཟོ་གྲྭའི་ཁུལ་རྙིང་དུ་བསྐྲུན་ཡོད་པ་དང་། བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་སོགས་སྐྲུན་རྩིས་ཡོད་པ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་བཟོ་ཁང་རྙིང་པར་རྟོག་ཞིབ་དང་། རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར། མཛེས་རྩལ་ཁང་གི་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་བཅས་གནང་ཞིང་། ཝུའུ་དབྱིང་ཅེས་བོད་ལྗོངས་མཛེས་རྩལ་ཁང་གིས་བོད་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྔར་ཡོད་ཀྱི་སྒྲིག་བཀོད་དང་ཆ་རྐྱེན་གང་ལེགས་སྤྱོད་པ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། བོད་ཀྱི་བཟོ་ལས་དྲན་ཤེས་དང་གསར་བརྗེའི་དྲན་ཤེས་ཡག་པོ་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡག་པོ་གཏོད་པ་བཅས་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་བརྟན་པོ་ཟུག་པར་བྱེད་དགོས་པ་དང་། གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཡུལ་སྐོར་དང་རིག་གནས་ཐོན་ལས་ཁྲོད་འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་བོད་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་བོད་ཀྱི་མི་རིགས་ཁག་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པའི་ལོ་རྒྱུས་ཡིན་ལ་བོད་ལྗོངས་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོར་ཤུགས་སྣོན་རྒྱག་པའི་གཞི་རྟེན་གལ་ཆེན་ཡང་རེད། བོད་ཀྱི་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་གིས“བསླབ་གཞི་གསོན་པོ”གང་ལེགས་སྤྱད་དེ་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་མཚོན་པའི་མཚོན་བྱེད་རང་བཞིན་གྱི་དངོས་པོ་ནན་ཏན་ངང་འཚོལ་བ་དང་འགྲེམས་ཁང་གི་དངོས་པོ་ལས་མཚོན་པའི་གཏམ་རྒྱུད་སྔོག་འདོན་གང་ལེགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་ཤེས་རྟོགས་དང་། བོད་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ངོས་འཛིན་ཡང་དག་ཡོང་བ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ངོས་འཛིན་གཏིང་ཟབ་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱས་ནས་བློ་གཅིག་སེམས་གཅིག་གིས་ཏང་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་ལ་གཞོལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཤེས་རྟོགས་ཞིབ་ཕྲ་བྱེད་པ། མི་རིགས་ཁག་གི་བུ་ཕྲུག་ཚོར་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”བརྟན་པོ་འཛུགས་པའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།