དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-04-02 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཟླ་3ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བརྡ་ཁྱབ་ཀྱི་དགོངས་དོན་བརྒྱུད་བསྒྲགས། ཀྲུང་དབྱང་རྩ་འཛུགས་པུས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། 《རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ལས་དོན་གྱི་བླང་བྱར》ཞིབ་འཇུག་བཅས་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ཉེ་དུས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དེ་བཞིན་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཅས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཟླ་3ཚེས་27ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། གདེང་ཚོད་བརྟན་གཏོང་དང་། དཀའ་སེལ་མདུན་སྐྱོད། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པ་དང་། མུ་མཐུད་ཕྱི་ནས་མ་འགོ་བ་བྱ་རྒྱུ་གཙོ་བོར་བཟུང་སྟེ། གཏོགས་ཁོངས་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། གྲ་སྒྲིག་ཚགས་ཚུད་བྱས་ཏེ། སྡུག་ཤོས་བསམ་ནས་ལེགས་ཤོས་བརྩོན་ལེན་བྱེད་པ། རྒྱལ་མཚམས་ཕྱིར་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན། འགག་སྒོའི་འཕྲོད་བསྟེན་གྱི་ནད་ཡམས་ཞིབ་བཤེར་ལ་ཤུགས་སྣོན། བོད་དུ་ཡོང་བའི་བརྒྱུད་རིམ་ལེགས་སུ་གཏོང་བ། རྒྱལ་མཚམས་སུ་ཡོང་མཁན་གཅིག་སྡུད་ལོགས་སུ་འཇོག་དགོས་པའི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་འཚོ་བའི་ཞབས་འདེགས་དང་བདེ་ཐང་བརྟག་དཔྱད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། བྱ་གཞག་དང་ཁེ་ལས་ལ་གཞིགས་ནས་སྤྱི་འདོམས་ཇུས་བསྟར་བྱས་ཏེ། སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཧེ་བག་ཅན་གྱི་བྱེད་ཐབས་སྤྱད་དེ་ཁུལ་དབྱེ་རིམ་དབྱེ་དང་རིགས་དབྱེ་དུས་དབྱེའི་ངང་ཆ་རྐྱེན་འཛོམས་སར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་གནད་སྨིན་སྐུལ་འདེད་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། མང་བསྡུས་སྤྱི་ཁོག་གི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་སྦྲེལ་མཐུད་བྱས་ནས་ཞིང་འབྲོག་དང་། ཚན་རྩལ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ལ་དམ་འཛིན་གྱིས་ཡག་པོ་སྒྲུབ་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་ཚང་བཤེར་ཆད་གསབ་དང་། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱིས“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་ལ་དག་ཐེར་དང་དོན་འཁྱོལ་ཡག་པོ། དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་བསླབ་གཞི་ཡག་པོ་སྤྱོད་པ་བཅས་བྱས་ནས་བློ་སྐྱོར་རིག་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། ལས་ཞུགས་ལས་དོན་གནས་བབ་དེ་བས་གལ་ཆེ་སར་བཞག་སྟེ། ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་འཛིན་དངོས་འདོམས། བྱ་ཐབས་གསར་པ་འཚོལ་ཞིབ་ཀྱིས་དམིགས་ཚད་ནན་པོ་གཏན་འཁེལ། དབུལ་སྒྲོལ་འགག་སྒྲོལ་དང་ས་གནས་དེ་གའི་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ། སློབ་གསོ་གསོ་སྦྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལྗོངས་ཏང་ཨུད་ཀྱིས་གཏན་ལ་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་། རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཡོང་བར་ཁྲིད་སྟོན། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་མཐའ་སྐྱོང་བོད་བརྟན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མིས་མིག་དཔེ་འདོན་པ་དང་སྣེ་ཁྲིད་ཡག་པོ་བྱས་ནས་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བའི་ཀྲང་ཅན་གྱི་གྱོད་དཔེ་དཔྱད་གཞིའི་མེ་ལོང་དུ་བཟུང་ནས་ཐོག་མཐའ་བར་གསུམ་དུ“བརྟན་པོར་འཛུགས་དགོས་པ་གསུམ”ཐུབ་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཐད་མཐའ་གཅིག་ཏུ་གོ་ཤེས་ཅན་ཞིག་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་བཀའ་བཀོད་མྱུར་དུ་སྒྲུབ་པའི་འགན་ལེན་བྱེད་དགོས་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆར་བརྟེན་ནས་མི་དམངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ཏེ་གཞུང་དྲང་ངང་དབང་ཆ་སྤྱོད་པ་དང་། གཟབ་ནན་ངང་དབང་ཆ་སྤྱོད་པ། ཁྲིམས་བཞིན་དབང་ཆ་སྤྱོད་པ་བཅས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གངས་ལྗོངས་ས་མཐོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་ཡག་པོ་གཏོད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་རྩ་འཛུགས་པུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་གཏོང་དང་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་གྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཚགས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་རྒྱུན་མཐུད་ཡོང་བའི་འགན་ལེན་བྱེད་དགོས། རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་མཐའ་འཁྱོངས་ཀྱིས་རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱེད་དགོས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་བླང་བྱ་མཐའ་འཁྱོངས་དང་། གྲོང་ཚོ་དང་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག ཤང་དང་གྲོང་རྡལ་གྱི་ལས་བྱེད་པས“ཇི་ལྟར་སྒྲུབ་པ”དང་། “གང་ཞིག་སྒྲུབ་པ”“གང་དུ་སྒྲུབ་པ”སོགས་ཀྱི་གནད་དོན་ལ་དམིགས་ནས་ཐབས་ཤེས་དངོས་སྤྱད་དེ་ཉམས་ཞན་དང་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་བཅོས་སྒྲིག་གི་ལས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ལ་དམ་འཛིན་དང་སྲ་བརྟན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ལས་བྱེད་པ་དང་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གི་གོ་གནས་སྤར་ནས་ཕྱོགས་སྟོན་ཡག་པོ་ཆགས་པར་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་དང་། སྲིད་ཇུས་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་ཚན་རྩལ་ཆེད་མངགས་པ་དང་སྨན་བཅོས་མི་སྣ་སོགས་ཤེས་ལྡན་མི་སྣར་རང་འགུལ་ངང་གཞི་རིམ་དུ་འཇོན་ཐང་འདོན་པར་འགྲོ་རྒྱུའི་ལྕག་སྐུལ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། དེ་བཞིན་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱས་ཏེ་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་བསླབ་གཞི་གང་ལེགས་སྤྱོད་པ་དང་། ནང་སྐྱེས་སྒུལ་ཤུགས་སྤེལ་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས།
          ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ལ་འགན་འཁུར་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། དེ་བཞིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། ཆབ་སྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནམ་ཡང་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་འབད་འཐབ་བྱ་གཞིར་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་པ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པར་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུའི་ཁྲིད་སྟོན་བྱེད་པ་བཅས་ཀྱིས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། 《ཀྲུང་གོ་གུང་ཁྲན་ཏང་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་ནན་ཏན་བྱས་ནས་ཏང་ཀྲི་པུའུ་དེ་ཉིད་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།