དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་སླར་ཡང་བཏོད་པ།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་འཕྲིན་སྤེལ་བཞི་པ།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

གྲོང་མིས་ལྷ་སའི་ཆུ་ཐོག་སྤྱི་གླིང་དུ་གྲུ་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པ།
          1959ལོར། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རང་ཁྱིམ་རང་བདག་བྱུང་ཡོད། ལོ་61ཚུན་དུ། བོད་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་གསར་པ་རྒྱུན་ཆད་མེད་པར་སྐོང་བ། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམཔར་རྒྱལ་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི་འགྲོ་ལམ་ཐོག་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་སླར་ཡང་བཏོད་ཡོད།
          “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི། ང་ཚོའི་འབད་འཐབ་དམིགས་ཚད་ཡིན”
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ནས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་པ་དང་། གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་ཡོད།
          “རྔུལ་ཆུར་བརྟེན་ནས་འབྲས་བཟང་ཐོན་པ་བྱེད། དངོས་སྒྲུབ་ལ་བརྟེན་ནས་ཞུམ་མེད་མདུན་དུ་སྐྱོད”རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱས་པ་དང་དུས་མཚུངས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེའི་ལས་འགན་ཞིག་ལ་བརྩི་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་པ། རྫོང་དང་ཆུས་དབུལ་པོ་དང་མི་འབོར་དབུལ་པོར་དོ་ཁུར་བྱེད་པ། རྫོང་རེ་རེ་བཞིན་གྱི་དབུལ་པོ་ཆགས་རྐྱེན་དབྱེ་ཞིབ། རྫོང་བབ་དང་བསྟུན་ནས་ཧེ་བག་ཅན་གྱི་སྲིད་ཇུས་ལག་ལེན་བསྟར་བ་བཅས་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། 2016ལོར། རྫོང་དང་ཆུས་5དབུལ་སྒྲོལ་དང་། 2017ལོར། རྫོང་དང་ཆུས་25དབུལ་སྒྲོལ། 2018ལོར། རྫོང་དང་ཆུས་25དབུལ་སྒྲོལ། 2019ལོར། རྫོང་དང་ཆུས་19དབུལ་སྒྲོལ་བཅས་ཐུབ་ཡོད། དེ་ནས་བཟུང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
          2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་འགན་ལེན་བྱེད་རྒྱུ་ནི། ཏང་དང་རྒྱལ་ཡོངས་མི་དམངས་ཀྱིས་བཞག་པའི་དམག་བཀའ་ཁུར་ལེན་ཞིག་ཡིན་ཞིང་། མིག་སྔར། དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཡང་ཐེབས་ཡོད། ཟླ་3ཚེས་6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཐད་བླང་བྱ་གལ་ཆེན་བཏོན་གནང་བ་དང་། གདོང་མཆོང་གི་དུང་བརྡ་སླར་ཡང་བསྒྲགས་པ་དང་ཕྱོགས་ཀུན་ནས་ཕར་རྒོལ་གྱི་བཀའ་རྒྱ་བཏང་གནང་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་བཞིན། རྒྱུན་མཐུད་ཤུགས་རྒྱག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་འགན་ལེན་བྱས་ཡོད།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”
          མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་ནི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞིར་གཞིགས་ནས་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་སྟེ་རང་རྒྱལ་ལོ་རྒྱུས་ཐོག་གི་ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་མཛད་ཇུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་དང་སྦྲགས། བོད་ལྗོངས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”པའི་རྣམ་བཤད་གལ་ཆེན་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་གནས་བབ་གལ་ཆེན་ཁ་གསལ་བཏོན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་ཀྱི་ལས་དོན་གྱི་རྩ་དོན་བཏོན་གནང་ཡོད། དེ་ནི་ཀྲུང་དབྱང་གི“བོད་སྐྱོང་མཛད་ཇུས”ནང་ཁྲིམས་བཞིན་བོད་སྐྱོང་ཞེས་པ་ཐོག་མར་ཁ་གསལ་བཏོན་པ་ཞིག་ཡིན་ཞིང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་དོན་གལ་ཆེན་ལ་བརྩིས་ཡོད།
          ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་འཐབ་ཇུས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲིམས་བཞིན་བོད་སྐྱོང་གི་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྒྱུར་འཕེལ་བརྟན་གསུམ་ལ་རོགས་སྐྱོར་བྱས་ཡོད། 2018ལོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་བཟོས་པའི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ནང་མི་རིགས་མཐུན་སྒྲིལ་དང་། དམངས་འཚོའི་བྱ་གཞག སྣོད་བཅུད་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ཁག་77གཏན་འཁེལ་བྱས་ཡོད།
          ལོ་40ལྷག་ཙམ་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་183བཟོས་པ་དང་ཆོག་མཆན་སྤྲད་པའི་ནང་ད་ལྟ་སྤྱོད་གོ་ཆོད་པའི་ཁྲིམས་སྲོལ་ཁག་115ཡོད་པ་རེད། ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་150ལྷག་ཙམ་ཧུར་ལ་བརྟན་པོའི་ངང་བཟོས་པ་དང་། ལྷག་དོན་དུ《མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་གྱི་བྱེད་སྤྱོད་ལ་ངོ་རྒོལ་བཅས་སྐོར་གྱི་གྲོས་ཆོད》དང་། 《“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》སོགས་སྔ་རྗེས་སུ་བཟོས་ཏེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་དང་ཕྱིར་བཤོལ་ལ་ངོ་རྒོལ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བརྟན་ལྷིང་འགན་ལེན་བྱེད་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད།
          “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”
          ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ལམ་ཆས་བསྡོགས་ནས་སླར་ཡང་ཐོན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར། མཐའ་འཁྱོངས་བྱེད་རིང་གཏིང་ཟབ་དང་གཏིང་ཟབ་གཏོང་རིང་འཕེལ་རྒྱས། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྤེལ་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྣམ་པ་གསར་པ་བཏོད་ཡོད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཁུར་ནས་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་མཐའ་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་པར་ཤུགས་སྣོན། ཇུས་འགོད་བཀོད་སྒྲིག་ལ་དམ་འཛིན་ནན་པོ། སྐུལ་འདེད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རང་ལྗོངས་ཀྱི་ལས་དོན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
          རང་སྐྱོང་ལྗོངས་ཀྱིས་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་ངོ་མར་བརྩི་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་རྐང་འདིར་དམ་པོར་དམིགས་པ། བརྗོད་དོན་གཙོ་བོའི་སློབ་གསོར་དོ་ཁུར། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ཐད་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་ལ་གཞིགས་པ། གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་འཐུས་ཚང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་པོས་སྤེལ་བར་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རབ་ཏུ་འཕེལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་ཧ་ཅང་ཆེ་བའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་པས་སྔོན་དཔག་གི་དམིགས་ཚད་ལ་སླེབས་པ་དང་འབྲེལ་གྲུབ་འབྲས་གལ་ཆེན་ཡང་ཐོབ་ཡོད།