དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱ་གཞག་གཏོད་མཁན་སློབ་ཐོན་སློབ་མ་174ལ་ཁ་གསབ་སྒོར་ཁྲི་180སྤྲད་འདུག

སྤེལ་དུས 2020-04-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          མཐོ་སློབ་སློབ་ཐོན་སློབ་མ་སོགས་ན་གཞོན་ཚོགས་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་སློབ་ཐོན་སློབ་མའི་ལས་འཚོལ་ལས་གཏོད་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། རང་བརྟེན་ལས་གཏོད་ལས་ཞུགས་ཀྱི་གོ་སྐབས་མང་དུ་གཏོང་ཆེད། རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་སློབ་གྲྭ་ཐོན་ཡང་ལས་ཀ་རག་མེད་པའི་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་བྱེད་མཁན་ལ་ཁ་གསབ་ཁྱོན་སྒོར་ཁྲི་180ལྷག་སྤྲད་པ་རེད། 
          《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགོ་འཛུགས་མ་དངུལ་གྱི་རྒྱབ་སྐྱོར་དང་། ལས་གཉེར་ཁང་གཡར་བའི་ཁང་རིན་དང་། ཆུ་རིན། གློག་རིན། སྤྱི་ཚོགས་འགན་བཅོལ། གཞི་རྩའི་འཚོ་བའི་འགྲོ་གྲོན་བཅས་ཀྱི་ཁ་གསབ་ལག་བསྟར་ཞིབ་སྲོལ》(བོད་མི་སྤྱི་སྤེལ([2017]ཡིག་ཨང་142པ)གྱི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དང་། ཀུན་གཏོད་བར་མཐོངས་སམ་ཡང་ན་མངོན་འགྱུར་བར་མཐོངས་སུ་ལས་གཏོད་བྱེད་མཁན་ལ་མི་རེར་ལོ་རེར་གཞི་རྩའི་འཚོ་བའི་ཁ་གསབ་མང་ཤོས་སྒོར་ཁྲི་2རག་གི་ཡོད་པ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་2ཡིན་པ་རེད། 
          རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། དེ་ནི་རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་སྤྲོད་ཐེངས་དང་པོ་ཡིན་པ་དང་། ད་ལྟ་ཚང་མ་སྤྲད་ཟིན་ཅིང་། ལྷ་སའི་ཚན་རྩལ་ཀུན་གཏོད་བར་མཐོངས་དང་། ཆབ་མདོའི་ཁམས་པའི་མུ་ཏིག་ཀུན་གཏོད་བར་མཐོངས། བོད་ལྗོངས་སློབ་ཆེན་ཕུགས་འདུན་མངོན་འགྱུར་གྱི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི། སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་བཅས་རང་སྐྱོང་ལྗོངས་རིམ་པའི་གཉིས་གཏོད་གཞི་རྟེན་4ཡི་མཐོ་སློབ་སློབ་ཐོན་སློབ་མ་174ལ་ཁ་གསབ་རག་ཡོད། 
རྩོམ་སྒྲིག་པ།སྣང་རྡོར།