དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲོང་ཚོའི་སྨན་པ་389ལ་སྨན་པའི་ལག་ཁྱེར་རག་འདུག

སྤེལ་དུས 2020-04-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ལྗོངས་ཡོངས་ཀྱི་ཚད་གཞི་ལོན་པའི་གྲོང་གསེབ་སྨན་པའི་ལས་གཉེར་བསྐྱར་དུ་ཐོ་འགོད་ལག་ཁྱེར་ཐོག་མར་སྤྲོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ།
          ཟླ་4ཚེས་4ཉིན། ལྗོངས་ཡོངས་ཀྱི་ཚད་གཞི་ལོན་པའི་གྲོང་གསེབ་ཀྱི་སྨན་པའི་ལས་གཉེར་ཐོ་འགོད་ལག་ཁྱེར་ཐོག་མར་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་འཚོགས་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་ཚད་གཞི་ལོན་པའི་གྲོང་གསེབ་ཀྱི་སྨན་པའི་ལས་གཉེར་ཐོ་འགོད་ལག་ཁྱེར་ཐོག་མར་སྤྲོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད། ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། ཚད་གཞི་ལོན་པའི་གཞི་རིམ་གྱི་སྨན་དོན་མི་སྣ་389ལ《གྲོང་གསེབ་ཀྱི་སྨན་པའི་ལས་གཉེར་ལག་ཁྱེར》རག་འདུག

ཁྲེང་ཀོན་ཆུས་ཉང་བྲན་དོན་གཅོད་ཁྲུའུ་འཕྲོད་བསྟེན་ཁང་གི་གྲོང་གསེབ་སྨན་པ་སྐྱིད་འཛོམས་ལ་ལྗོངས་ཡོངས་ཀྱི《གྲོང་གསེབ་ཀྱི་སྨན་པའི་ལས་གཉེར་ལག་ཁྱེར》ཨང་001རག་པ།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་མངོན་གསལ་དོད་པོས་ཡག་ཏུ་སོང་བ་དང་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། 2012ལོའི་ཟླ་2པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས། གྲོང་གསེབ་ཀྱི་སྨན་པའི་འགན་འཁྲི་ཁ་གསལ་བཟོ་བ་དང་། གྲོང་གསེབ་ཏུ་འཕྲོད་བསྟེན་ཁང་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་བརྟན་དུ་གཏོང་བ་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད། 2017ལོར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོའི་སྨན་པའི་ལས་གཉེར་གྱི་གནས་སྐབས་ལག་བསྟར་དོ་དམ་བྱ་ཐབས》བཏོན་ཏེ། གྲོང་གསེབ་ཀྱི་སྨན་པའི་ཆོག་འཐུས་དང་། གསོ་སྐྱོང་། དོ་དམ། དཔྱད་ཞིབ། ཐོབ་ཆ། སྨན་པ་ནས་དགོངས་ཞུ་བཅས་ཀྱི་ལམ་སྲོལ་སྔར་བས་ཚད་ལྡན་དུ་བཏང་བ་དང་། 2019ལོར《ལྗོངས་ཡོངས་ཀྱི་2019ལོའི་ལོ་འཁོར་གྱི་གྲོང་གསེབ་ཀྱི་སྨན་པའི་ལས་གཉེར་ཐོ་འགོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ས་གནས་ཁག་གིས་གྲོང་ཚོའི་སྨན་པར་དཔྱད་ཞིབ་དང་། ཆོག་འཐུས། སྨན་པ་ནས་དགོངས་ཞུ་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཚད་གཞི་ལོན་པའི་གྲོང་ཚོའི་སྨན་པ་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར། ལྗོངས་ཡོངས་སུ་ལས་ཐོག་གྲོང་ཚོའི་སྨན་པ་ཁྱོན་ཁྲི1.1ཡོད་པས“གྲོང་ཚོ་1ལ་སྨན་པ2”ཡོད་པའི་དམིགས་ཚད་སྤྱིར་ན་མངོན་འགྱུར་བྱུང་ཡོད།