དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞིང་པ་ཚོར་དངུལ་བུན་འདི་འདྲ་ཞིག་གཡར་རྒྱུ་འདུག

སྤེལ་དུས 2020-04-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་དུས། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་བོད་ལྗོངས་ཀྱི“གངས་ལྗོངས་ཞིང་ཕནeདངུལ་བུན—གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན”ཐོག་མ་དེ་བཏང་བས། གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་གཉེར་མཁན་ཞིང་འབྲོག་པའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རང་རེད་འདུག

          གང་འདྲ་ཞིག་ལ་གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་ཟེར་རམ།

          གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་ནི་ཞིང་དུད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་ལ་མ་དངུལ་གཏོང་རྒྱུ་རྨང་གཞིར་བྱས་ནས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དང་། སྤྲོ་གསེང་གྲོང་གསེབ་མཛེས་ཤོས། ཞིང་འབྲོག་ཐོན་ལས་གྲོང་ཚོ་སྟོབས་ཆེན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་རོགས་བྱེད་པའི་ཐད་གཡར་བར་ཟེར།

            གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་གྱིས་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་དང་། ཞིང་འབྲོག་ཁུལ་དུ་ལྟ་སྐོར་དང་གླིང་ཁ་གཏོང་ས་སོགས་ཁྱད་ལྡན་ཐོན་ཁུངས་ལ་བཟའ་བཏུང་དང་། ཞག་སྡོད། རོལ་རྩེད་སོགས་ཞབས་ཞུ་མཁོ་འདོན་གྱི་མ་འཇོག་དགོས་མཁོ་སྐོང་ཐུབ།
           
གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་རེ་ཞུ་ཇི་ལྟར་བྱེད་དགོས་སམ།
           “གངས་ལྗོངས་ཞིང་ཕན་eདངུལ་བུན”དེ་དྲ་ཐོག་ནས་གཡར་ཆོག་པ་དང་དངུལ་བུན་གཡར་མཁན་གྱི་གཉེར་སྐྱོང་དུས་འཁོར་དང་། ས་ཁོངས་ཀྱི་ལེགས་ཆ། གཉེར་སྐྱོང་བྱ་ཡུལ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས། ཞིང་ལས་དངུལ་ཁང་གི་ཕ་ལམ་བྱང་བུ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང་བཅས་དང་། དེ་བཞིན《གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་བྱང་བུ》ཡོད་མཁན་གྱི་ཞིང(འབྲོག)པར་ཡིད་རྟོན་དངུལ་བུན་བསྡོམས་འབོར་སྒོར་ཁྲི་30གཏོང་རྒྱུ་དང་ལོ་3འཁོར་རྒྱུག་བྱས་ནས་སྤྱོད་ཆོག་གི་ཡོད།
           གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་གྱི་ད་ཆ་དང་མ་འོངས།
          “གངས་ལྗོངས་ཀྱི་ཞིང་ཕན་eདངུལ་བུན—གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན”ཐོག་མའི་ནང་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་ཉིང་ལག་དངུལ་ཁང་དང་། སྟོད་ལུང་བདེ་ཆེན་ཆུས་ཉིང་ལག་དངུལ་ཁང་། སྟག་རྩེ་ཆུས་ཉིང་ལག་དངུལ་ཁང་། ལྷུན་གྲུབ་རྫོང་ཉིང་ལག་དངུལ་ཁང་སོགས་ཀྱིས་རྫོང་དང་ཆུས་བདུན་ལ་རིམ་རྩིས་བྱས་ན་དངུལ་བུན་ཐེངས་102དང་དངུལ་སྒོར་ཁྲི་1810གཡར་འདུག

           ཕྱིས་སུ། ཞིང་ལས་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གྱི་མ་དངུལ་གཡར་ཚད་མུ་མཐུད་མང་དུ་བཏང་ནས། ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཏེ་ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་འདུག

རྩོམ་སྒྲིག་པ། བདེ་སྒྲོལ།