དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

སྤེལ་དུས 2020-05-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཚེས་24ཉིན། བོད་ཀྱི་འཐུས་མི་ཚོགས་པའི་བཞུགས་ཡུལ་དུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ་གནང་བ་དང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། 2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(འཆར་ཟིན)》ལ་གྲོས་ཞིབ་གནང་བ་བཅས་རེད།
        བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་གྲོས་ཞིབ་ནང་ཞུགས་པ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིང་བཅས་ཟུར་ཞུགས་གནང་བ་རེད།
        ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། འདི་ལོའི་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱས་པ། ན་ནིང་གི་ལས་དོན་ལ་བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་ནང་དོན་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཕྱིར་མིག་བལྟས་པ། འདི་ལོའི་ལས་ཀའི་གཙོ་གནད་མངོན་གསལ་དོད་པ་དང་དངོས་སྒྲུབ་གནད་སྨིན་སྒོ་ནས་བཀོད་སྒྲིག་བྱས་པ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་སྤྱི་ཡོངས་ཀྱི་བླང་བྱ་དང་སྤྱི་ཁོག་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་མཐུན་པ་བཅས་ཡིན་པས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་པ་ཐོན་ངེས་ཡིན་པས་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད།
        ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་བཀོད་སྒྲིག་འགངས་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་བཀོད་སྒྲིག་གནང་བའི་ལས་དོན་གལ་ཆེན་ཞིག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགངས་ཆེན། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་རོལ་ཡུལ་དང་མཐུན་པའི་བླང་བྱ། མི་དམངས་ཀྱི་བདེ་རྩ་ཆེ་རུ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་གྱི་སྒྲིག་སྟངས་ཚན་རིག་དང་མཐུན་པ་དང་། གྲུབ་ཆ་གཟབ་ནན། ཚད་གཞི་ལུགས་མཐུན། ནང་དོན་ཆ་ཚང་བ་བཅས་ཡོད་པས་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདུན་པ་མཚོན་པ་བཅས་ཀྱི་ཁྲིམས་གཞུང་ཡག་པོ་ཞིག་ཡིན་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་སྐྱོང་འགན་ལེན་མཁོ་འདོན་ཐུབ་ངེས་ཡིན་པ་མ་ཟད། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་གྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་འབུལ་རྒྱུ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཚོགས་རིང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་གཏོང་སོགས་ཀྱི་ནང་དོན་ལ་དམིགས་ནས་སྲིད་གྲོས་སྲིད་གླེང་དང་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་བ་རེད།
        འཐུས་མི་དབང་འདུས་ཀྱིས་བོད་ཀྱི་ནུས་རྒྱུ་གཙང་མའི་རྣམ་གྲངས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་ཆབ་མདོའི་ལམ་དུམ་སྔ་ཙམ་ལས་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཉང་ཆུ་གཙང་པོའི་ཉིང་ཁྲི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུམ་བུའི་སྣོད་བཅུད་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭར་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་གནང་བ་རེད།
        འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་སྤྱི་པའི་འཕྲོད་བསྟེན་གྱི་ཤེས་ལྡན་པ་གསབ་སྣོན་གྱི་ལམ་སྲོལ་དང་སྤྱི་པའི་འཕྲོད་བསྟེན་གྱི་ནོར་སྲིད་ཞབས་ཞུ་འགན་སྲུང་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དེ་རྫོང་རིམ་པའི་སྨན་ཁང་དུ་སྣུར་བསྲིང་བྱས་ཏེ་བོད་ཀྱི་གཞི་རིམ་སྨན་དོན་པའི་འཇོན་ཐང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
        འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་རྒྱལ་ཁབ་གསོ་རིག་ཚན་ཁག་སློབ་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་བསྡུ་ཚད་མང་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བཏོན་ནས་འགྲོ་ཕྱོགས་གཏན་འཁེལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་དང་གྲོང་ཁྱེར་གྱི་འགོ་ནད་འགོག་བཅོས་སྨན་ཁང་བསྐྲུན་པར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
        འཐུས་མི་མིག་དམར་རྒོད་སྐྱེས་ཀྱིས་གློག་ཤུགས་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་གློག་དྲ་བསྐྲུན་པར་མ་དངུལ་གཏོང་ཤུགས་ཆེ་བ་དང་འཁོར་སྐྱོད་སྲུང་སྐྱོང་གི་མ་གནས་མཐོ་བ་དང་ཁྲོམ་རའི་ཐེག་ནུས་ཆུ་ཚད་དམའ་བའི་འགལ་ཟླ་ནུས་ལྡན་སེལ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།