དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

【ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ།】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་སྨན་བཅོས་བོད་སྐྱོར་གྱིས་མི་སྲིད་པ་ཞིག་སྲིད་པར་བཏང་ཞེས་བསྟན་པ།

སྤེལ་དུས 2020-05-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “2018ལོར་ང་རང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས། དེ་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད་འགན་འཁྲི་ཞིག་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ལ། དེ་ནི་སྒུལ་ཤུགས་ཡིན་ལ་གནོན་ཤུགས་ཤིག་ཀྱང་རེད།”ཅེས་ཚེ་རིང་གཡང་འཛོམས་ཀྱི་དེ་ལྟར་བཤད། ཚེ་རིང་གཡང་འཛོམས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་གི་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་རེད། ལོ་ངོ་གཉིས་ཀྱི་རིང་ལ་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་འཐུས་མིའི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། འཐུས་མིའི་ལས་འགན་ནན་ཏན་ངང་བསྒྲུབས་པ་དང་། རང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱིས་ཁོང་ལ་བཅངས་པའི་ཡིད་ཆེས་ལ་དྲིན་ལན་འཇལ་པ་རེད།
ཚེ་རིང་གཡང་འཛོམས་(གཡོན་གྱི་གཉིས་པ།)གྱིས་ནད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།  
         ཟླ་5ཚེས་23ཉིན། ཚེ་རིང་གཡང་འཛོམས་ཀྱིས་བརྙན་ལམ་ལ་བལྟས་ནས་ཚོགས་འདུ་གཉིས་ཀྱི་སྐོར་གླེང་པ་སྟེ། “ངས་ད་ལོ་གྲོས་འགོ་གཉིས་འདོན་རྒྱུ་ཡིན།”ཞེས་ཚེ་རིང་གཡང་འཛོམས་ཀྱིས་ད་དུང་མུ་མཐུད་བརྗོད་དོན།“གཅིག་ནི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། སྤྱི་པའི་འཕྲོད་བསྟེན་ཤེས་ལྡན་པའི་ཁ་གསབ་ལམ་སྲོལ་དང་སྤྱི་པའི་འཕྲོད་བསྟེན་ནོར་སྲིད་ཞབས་ཞུའི་འགན་ལེན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་རེ་བ་དེ་ཡིན་ཞིང་། གཉིས་ནི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པའི་རྣམ་པ་ཅན་གྱི་བོད་སྐྱོར་བྱེད་སྟངས་དེ་མུ་མཐུད་བོད་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་དུ་ཁྱབ་གདལ་གཏོང་རྒྱུའི་རེ་བ་ཡོད། ཆ་སྒྲིག་རྣམ་པའི་རོགས་སྐྱོར་བྱས་པ་བརྒྱུད་བོད་ལྗོངས་ཀྱི་གཞི་རིམ་སྨན་ཁང་གི་སྨན་བཅོས་མི་སྣའི་འཇོན་ཐང་དང་ཆུ་ཚད་ཕྱོགས་ཡོངས་ནས་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས།”ཞེས་ཟེར།
         གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས། ཚེ་རིང་གཡང་འཛོམས་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་དེ།  ཁོ་མོས་བརྗོད་དོན།“ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་འཕེལ་རྒྱས་མགྱོགས་པོ་བྱུང་། 1996ལོར་ང་རང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་མ་ཐག་ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་དུ་ལས་ཀ་བྱེད་སྐབས། སྨན་ཁང་ཧྲིལ་པོར་ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་གཉིས་ལས་མེད་པ་དང་། སྨན་བཅོས་མི་སྣ་བཅུ་ཕྲག་ཁ་ཤས་ལས་མེད། མིག་སྔར་སྨན་ཁང་དུ་སྨན་བཅོས་མི་སྣ་བརྒྱ་ལྷག་ཙམ་ཡོད།”ཅེས་བཤད་ཅིང་། ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་གི་འཕེལ་རྒྱས་ནི་ཚོ་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ཆེད་མཁས་པའི་རོགས་རམ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན། 
ཚེ་རིང་གཡང་འཛོམས་(གཡོན་གྱི་གཉིས་པ།)གྱིས་ནད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། 
         ཉེ་ཆར། ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་གི་ཕྱི་ནད་ཚན་ཁག་གིས་ཐེན་ཅིན་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་དང་དེ་བཞིན་བོད་སྨན་ཁང་གི་འཇུ་བྱེད་ཚན་ཁག་དང་། ནང་ཤེལ་ཁང་། སྦྲིད་སྨན་ཚན་ཁག གཤགས་བཅོས་ཁང་བཅས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི་མཉམ་ལས་འོག་སྨན་ཁང་དེའི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་གཞང་སྐྲན་Milesརྩ་བཅོས་ལག་རྩལ་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་རེད། ཚེ་རིང་གཡང་འཛོམས་ཀྱིས་ “འདི་ལྟ་བུ་སྔོན་ཆད་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་རེད།”ཅེས་བཤད།
         ད་ལྟ་ཚོགས་པའི་རྣམ་པ་ཅན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་ལས་ཆབ་མདོ་གྲོང་ཁྱེར་གྱི་བདེ་ཐང་འགན་ལེན་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་ཕྱིན། “བོད་སྐྱོར་སྨན་པས་སློབ་ཁྲིད་དང་མཛུབ་སྟོན་ནན་པོ་བྱས་ནས་ཕྱིར་ལོག་མི་སྲིད་པའི་སྨན་བཅོས་རུ་ཁག་ལྟ་བུ་ཞིག་བཏོད་པ་རེད། ང་ཚོས་སྔོན་ཆད་སྤེལ་མི་ཐུབ་པའི་ལས་སྒོ་ད་ལྟ་སྤེལ་འགོ་ཚུགས་ཡོད་ལ། སྔོན་ཆད་བརྟག་དཔྱད་བྱེད་ཐབས་བྲལ་བའི་ནད་གཞིར་ད་ལྟ་ནད་བརྟག་སྨན་བཅོས་གསལ་པོ་བྱེད་ཐུབ་པ་དང་། སྔོན་ཆད་བྱེད་མི་ཤེས་པའི་གཤག་བཅོས་ད་ལྟ་ལེགས་གྲུབ་བྱུང་ཡོད། དེ་དང་ཆབས་ཅིག་བེད་སྤྱོད་གཏོང་གྲབས་ཡོད་པའི་རྒྱང་ཁྲིད་སྨན་བཅོས་དང་རྒྱང་ཁྲིད་བརྙན་ལམ་སློབ་ཁྲིད་བྱས་པ་དེས་ང་ཚོའི་ས་གནས་ཀྱི་སྨན་བཅོས་མི་སྣའི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པར་མ་ཟད། མི་ཤུགས་དང་དངོས་ཤུགས་ཀྱང་གྲོན་ཆུང་ཐུབ་ངེས་ཡིན་ལ། མ་རྩ་དམའ་མོའི་སྒོ་ནས་ལས་ཕྱོད་ཆེ་རུ་གཏོང་ཐུབ།” ཅེས་ཚེ་རིང་གཡང་འཛོམས་ཀྱིས་དེ་ལྟར་བཤད།
ཚེ་རིང་གཡང་འཛོམས་(གཡོན་གྱི་དང་པོ)གྱིས་ནད་པར་སྨན་ཐོ་འབྲི་བ།
         “མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་ལྷག་པའི་སྨན་བཅོས་འགན་ལེན་ཐོབ་པས། བདེ་སྐྱིད་ཀྱི་ཚོར་སེམས་དང་ཐོབ་སེམས་ཆེ་རུ་ཕྱིན་ནས། སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ། རྒྱལ་ཡོངས་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ངང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད།”ཅེས་ཚེ་རིང་གཡང་འཛོམས་ཀྱི་དེ་ལྟར་བརྗོད་པ་དང་། ཁོ་མོས་ད་ལོའི་ཚོགས་འདུ་གཉིས་མཇུག་སྒྲིལ་ནས་ཕ་ཡུལ་དུ་ལོག་རྗེས། ངེས་པར་དུ་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་བྱས་ནས་འཐུས་མིའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། རང་ཉིད་ནས་འགོ་བཙུགས་ཏེ་ལས་ཀའི་ཁྲོད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ངེས་ཞེས་བསྟན།